ངུ་སྐད་འདི་ཙམ་བརྒྱབ་ན་ཅི་འདྲ་རེད།

    ཚང་མས༼༢༠༡༢༽ཞེས་པའི་གློག་བརྙན་དེར་བལྟས་ཡོད་ཚོད་རེད་ལ། གངས་ཆར་རླུང་གསུམ་རྦབ་རྡོ་འདྲིལ་བ་ལྟ་བུའི་ཆགས་འཇིག་དང་། ས་ཡོམ་མེ་འཚུབ་གློག་ཞགས་འཁྱུག་པ་ལྟ་བུའི་གནོད་འཚེའི་འོག་ན། འུ་བུ་ཅག་ནི་ཤ་རུས་ལྷུ་རྐང་འཐོར་བའི་ཀེང་རུས་བཞིན་ཚོད་ཚོད་ལ་ངུ་སྐད་རྒྱག་ཅིང་།བརླ་འདར་ལུས་ལྕུག་གིས་ངུ་ཤུམས་འབྱིན་པ་འབྱིན་པ་ནི་མགོ་འདོགས་ལུས་འབུལ་གྱི་ཟློས་གར་རིང་མོ་ཞིག་གོ།
དེ་རིང་དུངས་པའི་ཆུ་ཁུར་བུ་མོ་སྡུག་བསྔལ་མེ་འོབས་རྫུབས་ལ་བྱིངས།།
དེ་རིང་སྐྱོ་བའི་ན་བུན་སྨུག་པོ་ཕ་མཁར་དགུ་ཚིགས་དབྱིངས་ལ་འཐིམས།།
ཁེར་སྡུག་མཆི་མའི་ཐིགས་པ་རྡོག་གཅིག་གཙང་འགྲམ་བུ་མོའི་མངལ་ལ་ཞུགས།།
གནས་མེད་འཁྱམ་པོའི་ངུ་སྐད་རིང་མོ་ཞི་བདེ་རྒྱ་མཚོའི་རླབས་ལ་འདྲེས།།
 
རྡུལ་འཚུབ་འཁོར་བའི་ཕ་མཁར་མ་ཞིག་རྒྱབ་ནས་ཕྲག་དོག་མདའ་མོས་ཚད།།
འཇའ་འོད་འཁྱིལ་བའི་གནས་ཚང་མ་རལ་མདུན་ནས་སྤྱང་ལྟོགས་ངུ་ཟུག་རྒོད།།
མར་མེ་འཁྱོམ་པའི་མཆོད་རྐོང་རྐང་གཅིག་ཐོད་རུས་སྐམ་པོའི་གཙུག་ཏུ་བྱོན།།
མྱི་ཁའི་རླུང་བུ་བར་མེད་ལྡང་བས་བགྲོད་ལམ་མག་མོག་རབ་རིབ་ལ།།
 
ཀོ་གྱོང་སྐམ་པོས་རྒྱུན་བུ་མི་ཉན་ཚིག་སྐྱོར་རྒྱག་པའི་གྲོགས་ཤིག་དཀོན།།
གླང་འཐེན་འཁོར་ལོས་བྱེ་ཐང་མི་ཆོད་གོམ་སྟབས་འགྱོགས་པའི་འཕྲུལ་ཅིག་དབེན།།
བྲག་དམར་ཁུང་བུས་གནས་ཚང་མི་གཡར་མགོ་ཐང་གཡོགས་པའི་སྦྲ་ཞིག་བྲལ།།
སྨུག་རྒྱུ་བུམ་པས་མགྲིན་པ་མི་སེལ་རྒྱུ་སྟོང་ཁེངས་པའི་ཟས་ཤིག་མེད།།
 
མཐོངས་ལ་བསྙེག་པའི་སྲིད་པའི་གངས་རྒན་གོམ་ཐེངས་གཅིག་གིས་ཞབས་ལ་བསྡུ།།
རྒྱངས་ལ་བསྲིངས་པའི་མ་ཡུམ་མཚོ་རྒན་ཧུབ་ཐེངས་གཅིག་གིས་ལྟོ་ལ་འདྲེན།།
ཟས་ཐུན་གཅིག་ཙམ་སེམས་ཁྲལ་ཆེ་ཡང་འཆར་ཡན་བུ་མོའི་མངལ་སྒོ་ལ།།
ཆགས་པའི་སྟོབས་ཀྱི་སྟོང་བསམ་བུ་ལོ་པང་འདོད་བསམ་པ་ཅིས་མི་རུང་།།
 
ན་ནིང་འབྲུག་ཆུའི་ཤྭ་འོད་སྨྱོན་པས་རིགས་མཐུན་ལ་ཁུར་ལུང་ཁུར་བྱས།།
ད་ལོ་ཉི་ཧོང་གནམ་ས་གཡོས་པས་གཞིས་མཁར་མགོ་ཆག་སྣ་རལ་བཏང་།།
སང་ལོ་རྐྱེན་ངན་གནོད་འཚེ་གང་གིས་སྲོག་མེད་དབུགས་མེད་བྱེད་བསམ་ན།།
གངས་ཐང་སྐྱ་མོའི་ལམ་མདོ་འདི་ནས་གཤིན་རྗེ་རྒྱལ་བོར་སྒུག་དགོས་སྙམ།།
 
སྲིད་པའི་གངས་རྒན་ཚ་བ་རྒྱས་ཏེ་རྔུལ་ཆུ་ཤམ་ཤམ་སྨད་ལ་བཞུར།།
སྨད་ཀྱི་མཚོ་རྒན་ལྟོ་བ་སྦོས་ཏེ་ས་གཞི་མ་ལུས་རུམ་ལ་བསྡུས།།
སེམས་ཅན་གྲངས་མེད་མཚོ་ཁར་བཏབ་པའི་དངུལ་དཀར་ཁ་བའི་ལང་ཚོ་བཞིན།།
དཀར་འོད་ཆེམ་ཆེམ་ཕངས་མེད་ལུས་པོ་ཀླུ་རྒྱལ་གཙུག་ནར་གུང་ཇར་ཕུལ།།
 
ནགས་ཀློང་སྟུག་པོའི་སྐྲ་ལོ་ཤུད་དེ་སྡེར་ཆགས་རྒྱལ་བོ་ལྷང་ལ་བུད།།
བྲང་ཁོག་འཁུམ་པའི་རྔོན་པ་རྒན་པོས་མདའ་མོ་ལི་མ་སྐྱེས་སུ་བྱིན།།
སྔོ་ལྗང་སྤང་རིའི་སྐྱི་ལྤགས་རལ་ཏེ་སྒྲེན་མོའི་མཚན་མ་རང་སར་མངོན།།
ཚེར་དཀར་ལུག་ཁྱུ་ཆགས་པས་མྱོས་ཏེ་དབུགས་མེད་བྲང་ལ་འབྱར་ནས་ཤི།།
 
མི་འགྱུར་ཐེར་ཟུག་ནམ་མཁའ་རྡིབས་ཏེ་རི་བོང་རྭ་རིང་ཕག་སེ་གཅུར།།
རྫ་འཕྲང་དོག་པོ་ཆ་ཡ་བཀྱེས་ཏེ་གཡག་རྒན་གྱོལ་ལྡང་སྐོབས་སེ་ལྷུང་།།
མཚོ་རྒན་འཕྱུར་ཏེ་གནམ་ས་འགེངས་པས་ཆུ་སྲིན་ཁ་ཆེས་འགྲེ་ལྡོག་རྒྱག།
མཚོ་ཆུང་སྐམ་ཏེ་ས་གཞི་གས་པས་ཉ་མོའི་མགོ་བོ་ཤིག་བཞིན་བཀད།།
རང་བྱུང་གོ་ལ་མགོ་མཇུག་ལྡོག་ཚེ་འབྲོང་གཡག་སྨྱོན་པས་རྭ་ལོག་བཞིན།།
དཀར་བོ་ཡར་འདྲེན་དགེ་བ་མི་བརྩི་འཕོངས་ལ་ཁུང་བུ་བརྒྱ་ཕྲག་བརྟོལ།།
ནག་པོ་ཐུར་འཕེན་སྡུག་པ་མི་བགྲངས་གཙུག་ལ་ཞབས་རྗེས་སྟོང་ཕྲག་བཏོད།།
བར་བར་མཚམས་ན་མིག་ཆུ་གདོན་མཁན་རྡུལ་རླུང་འཚུབ་པས་ལྷག་ཏུ་ངུ་།།
 
མགོ་འདོགས་ལུས་འབུལ་སྐྱབས་ཞུ་ཞུས་ན་མེ་ཟླུམ་མེ་ཏོག་གཙུག་ལ་བཞད།།
བརླ་འདར་ལུས་ལྕུག་ངུ་སྐད་བཏོན་ན་ཞབས་འོག་ས་འཛིན་གས་ཤིང་བཀྱེད།།
ཤི་ཤི་ཡ་ཡ་ཁྲོ་གཏམ་ལངས་ན་ཆུ་གཏེར་ལང་ཚོ་མགྲིན་པར་ཞུགས།།
ཞེ་སྡང་ཨམ་གཙིགས་ཤུགས་ཀྱིས་བསྡམ་ན་སྐྱེ་འགྲོ་དངས་ཤིང་འབྲོ་བར་རྩོམ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།