གཉུག་གཤིས་ཀྱི་ཐལ་གླུ།

   ཕྱི་རོལ་རྫུ་བག་སྟུག་པོ་བཤུས་པའི་ནང་རོལ་ན།།

   སྒེར་ལ་དོད་པའི་ང་རྒྱལ་ཆེན་པོ་རི་བཞིན་འགྱིང༌།།

   རང་ལ་མངའ་བའི་ཁེ་གྲགས་ཙམ་པོའི་རྔམ་པ་འདིས།།

   མི་དང་མི་ཡི་བཟློག་པར་དཀའ་བའི་དབྱེན་འདི་བསླངས།།

    ཁ་ཆེན་གདངས་པའི་ཁ་ཕོ་བཙན་པོ་འབྲུག་གི་སྒྲ།།
    
དོན་གྱི་འབྲས་བུ་ཚོན་རིས་བཀྲ་བའི་འཇའ་ཚོན་འདྲ།།
    
བཤད་པའི་ཚིག་དང་བསྐྱལ་བའི་མནའ་ནི་ཆུ་རིས་བཞིན།།
     
སྒྱུ་མས་བསླུས་པའི་མི་འདི་བསམ་ཚེ་མགོ་བོ་ན།།

    སྐྱེས་པའི་མི་རྣམས་གང་ཞིག་རང་དོན་ཕྲ་མོའི་ཕྱིར།།
    
རྒྱུག་ཅིང་འདུར་བའི་འདུ་འགོད་དྲག་པོའི་བར་གསེང་ནས།།

    སེམས་ལྡན་སུ་ཡིས་སྤྱི་དོན་ཕྲག་ཏུ་བླངས་འདྲ་འདི།།

     གྲོག་མ་ཆུང་ངུས་ཟོང་ཆེན་དབོར་བཞིན་ངལ་བའི་རྒྱུ།།

     ཤེས་བྱའི་ཆུ་རྡུལ་ཤེས་རབ་བུམ་པར་གསོག་པ་འདི།།
     
དབང་ཆེན་མི་ཡི་རྐུབ་གཡོག་བསྒྲུབ་པའི་གསོས་སུ་ཕུལ།།
     
རང་གི་རྒྱུ་ནོར་གཞན་གྱི་རྒྱན་དུ་འཁྱེར་བ་འདི།།
     
ང་དང་ཁྱོད་ཀྱི་ལས་འབྲས་ཡིན་ནམ་དོགས་པའི་གཞི།།

      གང་ཞིག་ལྷག་བསམ་དྲོན་མོའི་མེ་ཁ་གསོ་བ་འདི།།

      རང་གཞན་ཀུན་གྱི་འཕྲལ་ཕུགས་བདེ་བའི་གཞི་མ་ཡིན།།

      མི་ཁ་གཤེད་མའི་བཙན་ཤེད་གཏུམ་པོའི་སོ་ཁ་ནས།།

      ཟེའུ་འབྲུ་ཆུང་ཆུང་སྨིན་སྐལ་མི་བྱིན་སད་ཀྱིས་འཇོམ།།

      རང་ཚུགས་མི་བརྟན་རླུང་ཁའི་མར་མར་ཚེ་ཟད་འདྲ།།

      བློ་ཁོག་མི་ཡངས་རླུང་ཁམས་དྲག་པོ་ཐོག་ཆར་བཞིན།།
      
ཁ་ཡག་ངོ་དགའི་ཚུལ་འཆོས་བྲིན་པ་སྤྲེལ་ལད་བཟློས།།

      དཔོན་ཉམས་བརྗིད་པའི་མི་ཕོ་ཆེན་པོ་གཙུག་གི་སྐྲན།།

       གཤིས་ལུགས་དྲང་མོ་རྫུན་དང་གཡོ་སྒྱུས་ཁྱུར་མིད་བཏང༌།།
       
ལྷན་སྐྱེས་འབྱུང་བ་རྫས་དང་འཕྲུལ་གྱིས་མོག་པོར་བསྒྱུར།།
       
རྣམ་དཔྱོད་དྭངས་མོར་གཉིད་དང་སྨུག་པའི་ན་བུན་འཐིབ།།
       
མ་འོངས་འདུན་མ་མ་བསྒྲུབ་རང་འགྲུབ་རྟེན་འབྲེལ་ལོག།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉུག་གཤིས་ཀྱི་ཐལ་གླུ།

2011-10-26 རྫས་ལུང་ཚེ་ཐར། ཀློག་གྲངས། མཆན ཡོད།

   ཕྱི་རོལ་རྫུ་བག་སྟུག་པོ་བཤུས་པའི་ནང་རོལ་ན།།

   སྒེར་ལ་དོད་པའི་ང་རྒྱལ་ཆེན་པོ་རི་བཞིན་འགྱིང༌།།

   རང་ལ་མངའ་བའི་ཁེ་གྲགས་ཙམ་པོའི་རྔམ་པ་འདིས།།

   མི་དང་མི་ཡི་བཟློག་པར་དཀའ་བའི་དབྱེན་འདི་བསླངས།།

    ཁ་ཆེན་གདངས་པའི་ཁ་ཕོ་བཙན་པོ་འབྲུག་གི་སྒྲ།།
    
དོན་གྱི་འབྲས་བུ་ཚོན་རིས་བཀྲ་བའི་འཇའ་ཚོན་འདྲ།།
    
བཤད་པའི་ཚིག་དང་བསྐྱལ་བའི་མནའ་ནི་ཆུ་རིས་བཞིན།།
     
སྒྱུ་མས་བསླུས་པའི་མི་འདི་བསམ་ཚེ་མགོ་བོ་ན།།

    སྐྱེས་པའི་མི་རྣམས་གང་ཞིག་རང་དོན་ཕྲ་མོའི་ཕྱིར།།
    
རྒྱུག་ཅིང་འདུར་བའི་འདུ་འགོད་དྲག་པོའི་བར་གསེང་ནས།།

    སེམས་ལྡན་སུ་ཡིས་སྤྱི་དོན་ཕྲག་ཏུ་བླངས་འདྲ་འདི།།

     གྲོག་མ་ཆུང་ངུས་ཟོང་ཆེན་དབོར་བཞིན་ངལ་བའི་རྒྱུ།།

     ཤེས་བྱའི་ཆུ་རྡུལ་ཤེས་རབ་བུམ་པར་གསོག་པ་འདི།།
     
དབང་ཆེན་མི་ཡི་རྐུབ་གཡོག་བསྒྲུབ་པའི་གསོས་སུ་ཕུལ།།
     
རང་གི་རྒྱུ་ནོར་གཞན་གྱི་རྒྱན་དུ་འཁྱེར་བ་འདི།།
     
ང་དང་ཁྱོད་ཀྱི་ལས་འབྲས་ཡིན་ནམ་དོགས་པའི་གཞི།།

      གང་ཞིག་ལྷག་བསམ་དྲོན་མོའི་མེ་ཁ་གསོ་བ་འདི།།

      རང་གཞན་ཀུན་གྱི་འཕྲལ་ཕུགས་བདེ་བའི་གཞི་མ་ཡིན།།

      མི་ཁ་གཤེད་མའི་བཙན་ཤེད་གཏུམ་པོའི་སོ་ཁ་ནས།།

      ཟེའུ་འབྲུ་ཆུང་ཆུང་སྨིན་སྐལ་མི་བྱིན་སད་ཀྱིས་འཇོམ།།

      རང་ཚུགས་མི་བརྟན་རླུང་ཁའི་མར་མར་ཚེ་ཟད་འདྲ།།

      བློ་ཁོག་མི་ཡངས་རླུང་ཁམས་དྲག་པོ་ཐོག་ཆར་བཞིན།།
      
ཁ་ཡག་ངོ་དགའི་ཚུལ་འཆོས་བྲིན་པ་སྤྲེལ་ལད་བཟློས།།

      དཔོན་ཉམས་བརྗིད་པའི་མི་ཕོ་ཆེན་པོ་གཙུག་གི་སྐྲན།།

       གཤིས་ལུགས་དྲང་མོ་རྫུན་དང་གཡོ་སྒྱུས་ཁྱུར་མིད་བཏང༌།།
       
ལྷན་སྐྱེས་འབྱུང་བ་རྫས་དང་འཕྲུལ་གྱིས་མོག་པོར་བསྒྱུར།།
       
རྣམ་དཔྱོད་དྭངས་མོར་གཉིད་དང་སྨུག་པའི་ན་བུན་འཐིབ།།
       
མ་འོངས་འདུན་མ་མ་བསྒྲུབ་རང་འགྲུབ་རྟེན་འབྲེལ་ལོག།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།