ངའི་མི་ཚེའི་དོན་སྙིང་།

གཙང་ཁ་བསོད་ནམས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-25

འདམ་སྐྱེས་འདམ་གྱིས་མ་གོས་པད་དཀར་སྟེང་། །
བཅུ་དྲུག་ན་ཚོད་སྨིན་པའི་ལུས་ཕྲ་མ། །
འཇིགས་པ་བརྒྱད་སྐྱབས་མགོན་མེད་སྐྱབས་མཆོག་མ། །
འཁོར་བ་མ་སྟོང་བར་དུ་རྗེས་སུ་བཟུང་། །

སྐྱབས་ཡུལ་གསོས་བཏབ་སྐྱབས་འགྲོ་རྣམ་དག་དང་། །
ཚད་མེད་བཞི་ཡི་དམིགས་རྣམ་ཡོངས་སུ་ཚང་། །
ཐེག་པ་ཆེན་པོའི་སེམས་བསྐྱེད་ འོས་མཚམས་ཤིག །
མེད་པར་གསང་སྔགས་བཟླས་བརྗོད་འདི་མཛེས་སམ། །

ངེས་འབྱུང་བྱང་སེམས་གསུམ་གྱི་གཞི་རྟེན་སྟོར། །
སོར་བྱང་གསང་སྔགས་གསུམ་གྱི་ཉེས་ལྟུང་འཕེལ། །
བསྐྱེད་རྫོགས་ལམ་ལ་ཐོས་བསམ་ཤེས་རབ་དམན། །
གསང་སྔགས་སྒོམ་བཟླས་བྱས་འདི་མཛེས་སམ་ཅི། །

ཕྱི་ཡི་བགེགས་རྣམས་གཏོར་མས་རྫོངས་ན་ཡང་། །
ནང་སེམས་བགེགས་འདི་གཡོ་མེད་ལྷུན་པོའི་ཟླ། །
ཆགས་སྡང་རྨོངས་གསུམ་ཀུན་རྟོག་རག་པ་ཡིས། །
སྒོམ་བཟླས་དེ་ཡང་རླུང་དཀྱིལ་མར་མེ་བཞིན། །

གཉིད་དང་རྨུགས་པའི་ཉེས་སྐྱོན་མ་གོས་ཀྱང་། །
ཡན་ལག་བཞི་ཚང་སྐྱོན་བརྒྱད་བྲལ་བ་ཞིག །
འཛམ་བུའི་ཆུ་ཡི་གསེར་བཞིན་དཀོན་རྟོགས་ནས། །
མཚམས་རེེར་ཡིད་ཐང་སྐྱ་མོ་ཆད་ལ་ཉེ། །

འབྱུང་བཞི་ལས་ཀྱིས་འཕངས་པའི་ཐ་མའི་ལུས། །
ཡི་དམ་གསལ་སྣང་རྫ་མཐིལ་དཀར་རྩི་འདྲ། །
འོན་ཏང་ཚིག་འགྲོའི་མཐུན་པའི་དམིགས་རྣམ་ཞིག །
སྐྱོང་བཞིན་ལས་སྔགས་བགྲང་ལ་རྟུན་པར་བསྐྱེད། །

དགེ་བཤེས་འབོད་ཀྱིས་དཀར་ནག་སེམས་པ་དང་། །
གྱི་ན་བདག་གིས་སྔགས་ཀྱི་གྲངས་ཀ་གཉིས། །
གཅིག་དང་གཉིས་ཞེས་གསོགས་པ་མཉམ་ན་ཡང་། །
དོན་སྙིང་མི་མཚུངས་གནམ་སའི་དབར་གྱི་ཁྱད། །

དངོས་གྲུབ་བཞི་པོ་ཐོབ་པ་དཀའ་ན་ཡང་། །
མ་ཉལ་གཉིད་ཀྱི་སྒྱུ་མའི་རྨིན་ལམ་དུ། །
ཞག་གྲངས་སྦྲེལ་ནས་རྩ་བའི་བླ་མ་རྣམས། །
རིམ་གྱིས་མཇལ་བའི་རྟགས་འདི་བཟང་ངམ་སྙམ། །

ཐམས་ཅད་ཀུན་རྟོག་རག་པོའི་གཞན་དབང་འོག །
ཁྱོད་དང་ང་ཞེས་འཆལ་གཏམ་སྤྱོད་པ་ལས། །
དབང་པོ་རྣམ་ལྔའི་སྒོ་མོ་ཅུང་བསྡོམས་ནས། །
བླ་མའི་བཀའ་བཞིན་བསྙེན་བསྒྲུབས་ལས་ལ་འབད། །

འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །
རྗེ་བཙུན་བླ་མའི་སྐུ་ཚེ་བརྟན་པ་དང་། །
བསྟན་རྒྱས་འགྲོ་བདེ་སེམས་ཅན་ཐམས་ཅད་ཀྱི། །
ཕན་བདེའི་བྱེད་པོ་ཉིད་དུ་གྱུར་ཅིག་སྨོན། །

མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིྂ་ཀུ་རུ་སྭ་ཧཱ།
                 ༢༠༡༡ ༩  ༣༠
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་མི་ཚེའི་དོན་སྙིང་།

2011-10-25 གཙང་ཁ་བསོད་ནམས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།