རྨ་ཆུའི་ཉིན་ཐོ་ལས་དུག་དང་ཚེར་མའི་ཁག

འབྲོག་བུ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-21


ཕྱི་ཡི་རྩིག་པ་རྣོ་ལྕགས་སྦྲེལ་མ། །
ནང་གི་ཅ་ལག་རིན་ཆེན་གཏེར་མ། །
མདུན་གྱི་ཞལ་ཟས་རི་རབ་སྤུངས་མ། །
འདི་དག་དམངས་ཀྱི་ཤ་ཁྲག་ཁོལ་མ། །
 
གོང་ལ་ཕུལ་བའི་སྙན་ཞུ་རྫུན་མ། །
འོག་ཏུ་བསྟར་བའི་སྲིད་ཇུས་བཅོས་མ། །
བར་མ་སྐེད་ཀྱི་ཁེ་ཕོགས་ལྷག་མ། །
གོ་ས་འཕར་བའི་རྟེན་དང་གཞི་མ། །
 
ཁྱི་སྤྱང་མཐུན་པའི་གཡོ་སྒྱུ་བརྩེགས་མ། །
ཟ་ཁ་འཆམ་པའི་ལྕེ་ལེབ་བསྣོལ་མ། །
ངན་ལ་གོམས་པའི་རྐང་ལག་བྱང་མ། །
དཀོར་ལ་དམིགས་པའི་བཏིང་འཛིན་དག་མ། །
 
འགྲོ་བདེ་འདུག་སྐྱིད་འཁོར་ལོ་འཕུར་མ། །
བཤད་ཤེས་འབྲི་ཤེས་ལོ་ཙཱ་ལྡན་མ། །
རྟུག་ཁུང་ཕྱི་བའི་འཁོར་གཡོག་སྲུང་མ། །
ཕྱི་ནང་གཉིས་ན་འབྲལ་མེད་སྦྲགས་མ། །
 
དཔོན་པོའི་རྫིག་ཉམས་གཤིན་རྗེ་ངར་མ། །
ཁ་ལ་ཐོགས་པ་དམངས་དོན་རྐྱང་མ། །
ཁོག་ནས་དྲན་པ་གཉེན་དང་ཆུང་མ། །
ལག་ཏུ་བསྟར་བ་རང་དོན་དངོས་མ། །
 
བུ་ཡི་གོས་ལྭ་རྒྱ་ནག་ཐེར་མ། །
བུ་མོའི་མགྲིན་པ་གསེར་དངུལ་ཤན་མ། །
ཆུང་མའི་རྒྱན་ཆ་གཡུ་བྱུར་སྤུད་མ། །
སྐུ་ངོ་ཁོང་ཚོ་ནོར་སྦྱིན་མ་མ། །
 
སྐུ་ཡི་སྲོག་ལ་མཚོན་གྱི་སྲུང་མ། །
གཅེས་པའི་ཚེ་ལ་སྨན་གྱི་མཐུད་མ། །
ནད་ཀྱི་མགོ་ལ་སྒོར་གྱི་སྐྱོར་མ། །
འགོ་འདྲེན་འདི་ཚོ་རྒྱལ་སྲས་རྫུས་མ། །
 
སྲིད་ཀྱི་དབང་ཆ་སྒེར་གྱི་ཁེན་མ། །
ཏང་གི་དགོངས་པ་དར་ཆ་གཡར་མ། །
རྒྱལ་གཅེས་དམངས་ཕན་ཁ་གཡང་རྫུན་མ། །
དཔོན་ཆུང་འདི་ཚོ་ཝ་མོ་འཕྱོན་མ། །
 
དཔོན་པོ་རྒྱགས་པ་རྒྱ་ཕག་གསོས་མ། །
སྐུ་འཁོར་བླུན་པོ་ར་ལུག་བསྲེས་མ། །
དམའ་ལ་རྩུབ་པ་དུག་ནག་ཚེར་མ། །
མཐོ་ལ་འཕྲོད་པ་སྦྱར་ཆུ་བླུགས་མ། །
 
དཔོན་གྱི་སྤྱོད་པ་བ་གླང་སྨྱོན་མ། །
གཡོག་པོའི་ཚུགས་ཀ་རྒྱ་ཁྱི་སྡར་མ། །
དཔོན་གཡོག་ལས་ཀ་མི་མཐོང་སྦས་མ། །
དམངས་ལ་བཀབས་པའི་མུན་ནག་ཁེབས་མ། །
                                   2011-10-12
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་ཉིན་ཐོ་ལས་དུག་དང་ཚེར་མའི་ཁག

2011-10-21 འབྲོག་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


ཕྱི་ཡི་རྩིག་པ་རྣོ་ལྕགས་སྦྲེལ་མ། །
ནང་གི་ཅ་ལག་རིན་ཆེན་གཏེར་མ། །
མདུན་གྱི་ཞལ་ཟས་རི་རབ་སྤུངས་མ། །
འདི་དག་དམངས་ཀྱི་ཤ་ཁྲག་ཁོལ་མ། །
 
གོང་ལ་ཕུལ་བའི་སྙན་ཞུ་རྫུན་མ། །
འོག་ཏུ་བསྟར་བའི་སྲིད་ཇུས་བཅོས་མ། །
བར་མ་སྐེད་ཀྱི་ཁེ་ཕོགས་ལྷག་མ། །
གོ་ས་འཕར་བའི་རྟེན་དང་གཞི་མ། །
 
ཁྱི་སྤྱང་མཐུན་པའི་གཡོ་སྒྱུ་བརྩེགས་མ། །
ཟ་ཁ་འཆམ་པའི་ལྕེ་ལེབ་བསྣོལ་མ། །
ངན་ལ་གོམས་པའི་རྐང་ལག་བྱང་མ། །
དཀོར་ལ་དམིགས་པའི་བཏིང་འཛིན་དག་མ། །
 
འགྲོ་བདེ་འདུག་སྐྱིད་འཁོར་ལོ་འཕུར་མ། །
བཤད་ཤེས་འབྲི་ཤེས་ལོ་ཙཱ་ལྡན་མ། །
རྟུག་ཁུང་ཕྱི་བའི་འཁོར་གཡོག་སྲུང་མ། །
ཕྱི་ནང་གཉིས་ན་འབྲལ་མེད་སྦྲགས་མ། །
 
དཔོན་པོའི་རྫིག་ཉམས་གཤིན་རྗེ་ངར་མ། །
ཁ་ལ་ཐོགས་པ་དམངས་དོན་རྐྱང་མ། །
ཁོག་ནས་དྲན་པ་གཉེན་དང་ཆུང་མ། །
ལག་ཏུ་བསྟར་བ་རང་དོན་དངོས་མ། །
 
བུ་ཡི་གོས་ལྭ་རྒྱ་ནག་ཐེར་མ། །
བུ་མོའི་མགྲིན་པ་གསེར་དངུལ་ཤན་མ། །
ཆུང་མའི་རྒྱན་ཆ་གཡུ་བྱུར་སྤུད་མ། །
སྐུ་ངོ་ཁོང་ཚོ་ནོར་སྦྱིན་མ་མ། །
 
སྐུ་ཡི་སྲོག་ལ་མཚོན་གྱི་སྲུང་མ། །
གཅེས་པའི་ཚེ་ལ་སྨན་གྱི་མཐུད་མ། །
ནད་ཀྱི་མགོ་ལ་སྒོར་གྱི་སྐྱོར་མ། །
འགོ་འདྲེན་འདི་ཚོ་རྒྱལ་སྲས་རྫུས་མ། །
 
སྲིད་ཀྱི་དབང་ཆ་སྒེར་གྱི་ཁེན་མ། །
ཏང་གི་དགོངས་པ་དར་ཆ་གཡར་མ། །
རྒྱལ་གཅེས་དམངས་ཕན་ཁ་གཡང་རྫུན་མ། །
དཔོན་ཆུང་འདི་ཚོ་ཝ་མོ་འཕྱོན་མ། །
 
དཔོན་པོ་རྒྱགས་པ་རྒྱ་ཕག་གསོས་མ། །
སྐུ་འཁོར་བླུན་པོ་ར་ལུག་བསྲེས་མ། །
དམའ་ལ་རྩུབ་པ་དུག་ནག་ཚེར་མ། །
མཐོ་ལ་འཕྲོད་པ་སྦྱར་ཆུ་བླུགས་མ། །
 
དཔོན་གྱི་སྤྱོད་པ་བ་གླང་སྨྱོན་མ། །
གཡོག་པོའི་ཚུགས་ཀ་རྒྱ་ཁྱི་སྡར་མ། །
དཔོན་གཡོག་ལས་ཀ་མི་མཐོང་སྦས་མ། །
དམངས་ལ་བཀབས་པའི་མུན་ནག་ཁེབས་མ། །
                                   2011-10-12
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།