གངས་རི་མག་མོག

ཟོ་དོར་ནག་པོ།༼རྨ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-19


བཙན་པོ་དགུང་དུ་གཤེགས་པའི་རྗེས་ཤུལ་ན། །
བླུན་པོ་གྲི་མཚོན་ཅན་གྱིས་རྐང་བྲོ་ལྡིང་། །
སྐྱ་སེར་རིང་ལུགས་སྦྲུམ་པའི་ནམ་མཁའ་ཞིག །
བཙུན་མོའི་ལན་བུའི་གསེང་ན་རྙིང་ཤིང་འཁོགས། །
 
རྗེ་བོ་ཁྱིམ་ནས་ཕྱུང་བའི་གཏམ་གྱི་མདོ། །
ལུང་རིགས་རྫུན་གྱིས་མ་སྦས་ཀུན་ལ་གཏད། །
བདེན་ལུགས་ཚིག་ཏུ་འཁུམས་པའི་ཤག་པོ་ལ། །
རི་ཆུ་ཁོག་སྟོང་ཡིན་པའི་གསང་བ་ཤོར། །
 
འབག་སྐུའི་བྱིན་རླབས་སྒོམ་པའི་གྲྭ་རྐྱང་ཞིག།
སྟོང་འདང་ཆང་གིས་བཟི་བའི་ཕྱག་གི་རྙི། །
གངས་ཀྱི་ལྕགས་རིས་མ་ཁོག་འདི་རུ་བསྲིངས། །
གྲང་རེག་སྤུ་གྲིས་མ་ཆོད་བོད་དུ་ལུས། །
 
མུན་པ་སྟུག་པོའི་གསེབ་ཀྱི་བྱེའུ་ཆུང་འདི། །
འུ་ཅག་སྒང་བ་ཚང་དང་ཤིན་ཏུ་མཚུངས། །
སྒྲོ་གཤོག་གཉོམ་པོ་རྐྱོང་སའི་ནམ་མཁའ་རུ། །
མདུང་དང་བོའུ་མཆུ་འཛིངས་ཤིང་ལམ་བུ་འགག།
 
 
ཕོ་བྲང་གསེར་ཏོག་ཅན་གྱི་ལྷིང་འཇགས་དེས། །
མེས་པོའི་ཐུགས་ཀྱི་འདུན་མ་གཡོ་ཡིས་བཀུགས། །
སྡུག་གླུ་མགྲིན་དུ་འབྱར་བའི་མི་ཕོ་ང་། །
ད་ལྟ་དུས་ཀྱི་མཐའ་ན་ཁེར་བུ་ཡིན། །
 
ཁྱེད་ཀྱིས་བདག་གི་ན་ཟུག་མི་ཚོར་ཟེར། །
ཁོ་མོས་ང་ཡི་རྨི་ལམ་མི་མཐོང་ཟེར། །
གྲིབ་མའི་ངོ་བོར་ཆགས་པའི་ལུས་པོ་འདི། །
ལན་རེར་རྡོ་བ་ཡིན་ལ་རུས་ཀོག་ཡིན། །
 
ད་ནི་ང་ལ་ཚོར་བ་མི་འདུག་གོ།
ལག་གི་སྦི་རག་འདི་ཡིས་ཆོག་པར་བྱ། །
བུད་མེད་སྒྲེན་མོའི་བརླ་རྐང་ཡ་མ་ཞིག།
རྨི་ལམ་ངན་པའི་ལྟས་སུ་འཇོག་པར་བྱ། །
 
ང་ཡི་གཅེས་པའི་རྟ་མཆོག་རིན་པོ་ཆེ། །
ལས་བསྐོས་སུམ་སྒྲོག་རྨིག་བཞིས་རྩ་ནས་ཆོད། །
འཇིག་རྟེན་སྣང་བ་ཁྲ་མོའི་སྤང་ཐང་དུ། །
རང་དབང་འཚེར་དབྱངས་འཐེན་གྱིན་ད་ད་རྒྱུགས། །
                          2011-10-9

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རི་མག་མོག

2011-10-19 ཟོ་དོར་ནག་པོ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།


བཙན་པོ་དགུང་དུ་གཤེགས་པའི་རྗེས་ཤུལ་ན། །
བླུན་པོ་གྲི་མཚོན་ཅན་གྱིས་རྐང་བྲོ་ལྡིང་། །
སྐྱ་སེར་རིང་ལུགས་སྦྲུམ་པའི་ནམ་མཁའ་ཞིག །
བཙུན་མོའི་ལན་བུའི་གསེང་ན་རྙིང་ཤིང་འཁོགས། །
 
རྗེ་བོ་ཁྱིམ་ནས་ཕྱུང་བའི་གཏམ་གྱི་མདོ། །
ལུང་རིགས་རྫུན་གྱིས་མ་སྦས་ཀུན་ལ་གཏད། །
བདེན་ལུགས་ཚིག་ཏུ་འཁུམས་པའི་ཤག་པོ་ལ། །
རི་ཆུ་ཁོག་སྟོང་ཡིན་པའི་གསང་བ་ཤོར། །
 
འབག་སྐུའི་བྱིན་རླབས་སྒོམ་པའི་གྲྭ་རྐྱང་ཞིག།
སྟོང་འདང་ཆང་གིས་བཟི་བའི་ཕྱག་གི་རྙི། །
གངས་ཀྱི་ལྕགས་རིས་མ་ཁོག་འདི་རུ་བསྲིངས། །
གྲང་རེག་སྤུ་གྲིས་མ་ཆོད་བོད་དུ་ལུས། །
 
མུན་པ་སྟུག་པོའི་གསེབ་ཀྱི་བྱེའུ་ཆུང་འདི། །
འུ་ཅག་སྒང་བ་ཚང་དང་ཤིན་ཏུ་མཚུངས། །
སྒྲོ་གཤོག་གཉོམ་པོ་རྐྱོང་སའི་ནམ་མཁའ་རུ། །
མདུང་དང་བོའུ་མཆུ་འཛིངས་ཤིང་ལམ་བུ་འགག།
 
 
ཕོ་བྲང་གསེར་ཏོག་ཅན་གྱི་ལྷིང་འཇགས་དེས། །
མེས་པོའི་ཐུགས་ཀྱི་འདུན་མ་གཡོ་ཡིས་བཀུགས། །
སྡུག་གླུ་མགྲིན་དུ་འབྱར་བའི་མི་ཕོ་ང་། །
ད་ལྟ་དུས་ཀྱི་མཐའ་ན་ཁེར་བུ་ཡིན། །
 
ཁྱེད་ཀྱིས་བདག་གི་ན་ཟུག་མི་ཚོར་ཟེར། །
ཁོ་མོས་ང་ཡི་རྨི་ལམ་མི་མཐོང་ཟེར། །
གྲིབ་མའི་ངོ་བོར་ཆགས་པའི་ལུས་པོ་འདི། །
ལན་རེར་རྡོ་བ་ཡིན་ལ་རུས་ཀོག་ཡིན། །
 
ད་ནི་ང་ལ་ཚོར་བ་མི་འདུག་གོ།
ལག་གི་སྦི་རག་འདི་ཡིས་ཆོག་པར་བྱ། །
བུད་མེད་སྒྲེན་མོའི་བརླ་རྐང་ཡ་མ་ཞིག།
རྨི་ལམ་ངན་པའི་ལྟས་སུ་འཇོག་པར་བྱ། །
 
ང་ཡི་གཅེས་པའི་རྟ་མཆོག་རིན་པོ་ཆེ། །
ལས་བསྐོས་སུམ་སྒྲོག་རྨིག་བཞིས་རྩ་ནས་ཆོད། །
འཇིག་རྟེན་སྣང་བ་ཁྲ་མོའི་སྤང་ཐང་དུ། །
རང་དབང་འཚེར་དབྱངས་འཐེན་གྱིན་ད་ད་རྒྱུགས། །
                          2011-10-9

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།