ཁ་ཆད།

འབྲོག་བུ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-15

ལས་ཀྱིས་ང་ལ་གནང་བའི་བློས་ཐུབ་ཀྱི་དགའ་མ།།
བརྩེ་འདུན་ཆང་ས་བརྒྱབ་པའི་ཚེ་སྲོག་གི་སྐྱ་ཡ།།
ཆགས་སྡང་ཆུ་སྤྲིན་གཡོ་བའི་རང་ཁྱིམ་དུ་བསུས་ནས།།
སྐྱིད་སྡུག་འཁོར་བའི་ཆོན་ཐག་མཉམ་འཐེན་རང་བྱས་ཆོག།
 
མི་ཚེའི་མུ་མཐའ་བརྒལ་བའི་ཆོད་སེམས་ཀྱི་ཀོ་གྲུ།།
དམ་ཚིག་རླུང་གིས་སྒུལ་ཏེ་ཤར་གཏོང་རང་བྱེད་དུས།།
མི་འདོད་རྟིང་རྡོ་ནག་པོས་བར་བགགས་ཤིག་མ་གནངས་།།
མི་ཁའི་མཚོ་རླབས་དྲག་པོས་འཇིགས་སྣང་ཡང་མ་སྐུལ།།
 
སྐྱོ་ན་སྐྱོ་བའི་སྐྱུར་ཆུ་མཉམ་འཐུང་རང་བྱེད་པའི།།
དགའ་ན་དགའ་བའི་ལོ་སར་གཏོང་ལ་འབད་པའི༌།།
གས་ཆག་ཉམ་ང་མེད་པའི་བརྩེ་དུང་གི་ལོ་ཟླ།།
རྫུན་དང་གཡོ་ཟོལ་མེད་པའི་འུ་གཉིས་ལ་དབང་དགོས།།
 
ལྷ་ཡི་བྱེད་པོས་བརྐོས་པའི་ཡ་ཐོད་ཀྱི་ཨ་ཡིག།
ངོ་ལོག་འཕྲུལ་གྱིས་བསྣོག་པའི་གོ་སྐབས་དེ་མེད་ཅིང་།།
དྲན་ཤེས་གཟུ་བོའི་ཁྱེའུ་བདེ་སྣང་གིས་མྱོས་ཏེ།།
ཆ་འགྲིག་སེམས་པའི་མོས་པ་དོན་ཐོག་ལ་འབབ་དགོས།།
 
རིང་ཞིང་ཤིན་ཏུ་རིང་བའི་མི་ཚེ་ཡི་སྐས་གདང།།
ཕྲ་ལ་རབ་ཏུ་ཕྲ་བའི་སྲིད་པ་ཡི་རྐང་ལམ།།
རྟོག་པ་འཆར་ཡན་ཀློང་གི་ཤིང་ཟམ་དུ་བཀོད་ནས།
ལམ་སང་ལམ་སང་བགྲོད་པའི་རང་དབང་དེ་མཁོའོ།།
 
གངས་དཀར་སེམས་པའི་མཐིལ་གྱི་རྒྱ་ཤོག་གི་ངོས་ལ།།
ཚོད་གམ་རི་མོ་སྣ་ཚོགས་བར་མེད་དུ་བྲིས་ཀྱང༌།།
ཁྱོད་ཀྱི་ཤ་དྲོད་མེད་པའི་ཐུན་གསུམ་གྱི་རྨི་ལམ།།
སྲ་འཐས་དར་གྱིས་གཡོགས་པའི་རྫིང་བུ་དང་འདྲ་སོང༌།།
 
སྔ་དགོང་མཚམས་སྤྲིན་དམར་པོའི་སྒྲིབ་ཡོལ་གྱི་ཕག་ནས།།
དུངས་སེམས་ལ་གཞས་གཉོམ་པོའི་ཤུགས་བསྟན་ལ་རེ་བའི།།
ང་དང་ཁྱོད་ཀྱི་སེམས་པ་ལ་སྒང་གི་ཉི་མ། །
སང་ནངས་ཨ་སྔོན་མཐོན་པོའི་གཞིས་ཀ་ནས་མཇལ་ཡོང་། །
 
                           2010-12-13

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ཆད།

2011-10-15 འབྲོག་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།