ལས་དབང་གི་འདམས་གསེས།


འདང་དགོང་རྨི་ལམ་ཐེངས་གསུམ་རྨིས་པ་ཁྱེད་ལ་འཕྲད་པའི་སྟ་གོན་ཞིག།
ཡིན་ཡང་ལས་ཀྱིས་བསྐོས་པའི་ལམ་དེ་ཁེར་རྐྱང་ཞིག་གི་མི་ཚེ་རེད།།
 
དོ་དགོང་ཟླ་བ་མཁའ་རུ་ཤར་བ་ཁྱེད་ཀྱི་ལྷད་མེད་འཛུམ་མདངས་རེད།།
རེ་བའི་མིག་ཟུང་རྒྱང་ལ་ཕྱོགས་ནས་ཟླ་བའི་ལྷ་མོར་སྐད་ཅིག་བསྐུར།།

དྭངས་གཙང་ཆུ་བོའི་འགྲམ་གྱི་མེ་ཏོག་ལག་ཟུང་གཉོམ་པོས་དལ་གྱིས་བླངས།།
དཀར་ལ་མཛེས་པའི་མེ་ཏོག་ཆུང་ཆུང་ཁྱེད་ཀྱི་གམ་དུ་རླུང་ལ་བསྐུར།།
 
མཚར་དུ་སྡུག་པའི་རྟ་བདུན་དབང་བོ་རི་བོའི་རྩེ་ནས་ཤར་ན་ཡང་།།
སྤྲིན་གྱི་འདབ་མ་ལང་ལོང་གཡོ་བས་བདག་ལ་ད་དུང་མ་གཟིགས་ཐལ།།
 
མི་ཚེ་ཕུགས་མདུན་ཤེས་ཡོན་ལམ་ནས་འཚོལ་ཞིང་སྙེག་པའི་བྱམས་ལྡན་ཁྱེད །།
གནམ་ནས་བབས་པའི་ལྷ་མོ་མིན་ཡང་བདག་གི་ཡོད་ཚད་ཁྱེར་ནས་ཐལ།།
 
ནམ་མཁའི་འཇའ་ཚོན་ས་ལ་ལྷུང་འདྲའི་ཁྱེད་ཀྱི་གཅེས་པའི་ལུས་ཟུངས་དེ།།
མ་བྲག་སྲིན་མོས་ང་ལ་གནངས་པའི་རྒྱལ་སྲས་མེ་ཏོག་ཡིན་ན་བསམ།།
 
ལོ་ཡི་འཁོར་མོ་ག་ཙམ་ཕྱིན་ཡང་རེ་བའི་ལྷན་འཛོམ་ཡེ་ནས་མེད།།
འོན་ཀྱང་སེམས་པའི་ཁུགས་སོའི་བར་ནས་འདི་དག་ཁྱེད་ལ་སྐྱེས་སུ་ཕུལ།།
 
སུ་ལའང་མ་བཤད་གང་ལ་མ་འདྲི་འདི་དག་བརྩེ་བའི་འཕྲིན་ཆུང་ཡིན།།
ལོ་ཟླའི་ལྟེབས་ཀྱི་མིག་ཆུ་རྡོག་གཅིག་དེ་རིང་ས་རུ་ལྷུང་ནས་ཐལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་དབང་གི་འདམས་གསེས།

2011-10-14 ཏཱ་ནི་སྦྱིན་པ། ཀློག་གྲངས། མཆན ཡོད།


འདང་དགོང་རྨི་ལམ་ཐེངས་གསུམ་རྨིས་པ་ཁྱེད་ལ་འཕྲད་པའི་སྟ་གོན་ཞིག།
ཡིན་ཡང་ལས་ཀྱིས་བསྐོས་པའི་ལམ་དེ་ཁེར་རྐྱང་ཞིག་གི་མི་ཚེ་རེད།།
 
དོ་དགོང་ཟླ་བ་མཁའ་རུ་ཤར་བ་ཁྱེད་ཀྱི་ལྷད་མེད་འཛུམ་མདངས་རེད།།
རེ་བའི་མིག་ཟུང་རྒྱང་ལ་ཕྱོགས་ནས་ཟླ་བའི་ལྷ་མོར་སྐད་ཅིག་བསྐུར།།

དྭངས་གཙང་ཆུ་བོའི་འགྲམ་གྱི་མེ་ཏོག་ལག་ཟུང་གཉོམ་པོས་དལ་གྱིས་བླངས།།
དཀར་ལ་མཛེས་པའི་མེ་ཏོག་ཆུང་ཆུང་ཁྱེད་ཀྱི་གམ་དུ་རླུང་ལ་བསྐུར།།
 
མཚར་དུ་སྡུག་པའི་རྟ་བདུན་དབང་བོ་རི་བོའི་རྩེ་ནས་ཤར་ན་ཡང་།།
སྤྲིན་གྱི་འདབ་མ་ལང་ལོང་གཡོ་བས་བདག་ལ་ད་དུང་མ་གཟིགས་ཐལ།།
 
མི་ཚེ་ཕུགས་མདུན་ཤེས་ཡོན་ལམ་ནས་འཚོལ་ཞིང་སྙེག་པའི་བྱམས་ལྡན་ཁྱེད །།
གནམ་ནས་བབས་པའི་ལྷ་མོ་མིན་ཡང་བདག་གི་ཡོད་ཚད་ཁྱེར་ནས་ཐལ།།
 
ནམ་མཁའི་འཇའ་ཚོན་ས་ལ་ལྷུང་འདྲའི་ཁྱེད་ཀྱི་གཅེས་པའི་ལུས་ཟུངས་དེ།།
མ་བྲག་སྲིན་མོས་ང་ལ་གནངས་པའི་རྒྱལ་སྲས་མེ་ཏོག་ཡིན་ན་བསམ།།
 
ལོ་ཡི་འཁོར་མོ་ག་ཙམ་ཕྱིན་ཡང་རེ་བའི་ལྷན་འཛོམ་ཡེ་ནས་མེད།།
འོན་ཀྱང་སེམས་པའི་ཁུགས་སོའི་བར་ནས་འདི་དག་ཁྱེད་ལ་སྐྱེས་སུ་ཕུལ།།
 
སུ་ལའང་མ་བཤད་གང་ལ་མ་འདྲི་འདི་དག་བརྩེ་བའི་འཕྲིན་ཆུང་ཡིན།།
ལོ་ཟླའི་ལྟེབས་ཀྱི་མིག་ཆུ་རྡོག་གཅིག་དེ་རིང་ས་རུ་ལྷུང་ནས་ཐལ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།