སྲོག་གི་ལེའུ།

འབྲོག་བུ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-08


ལོ་ཟླའི་ཁུར་གྱིས་མ་ནོགས་པའི། །
ན་ཆུང་གང་གི་གླུ་ཡི་གདངས། །
གངས་ཀྱི་རི་ཟོམ་མཐོན་པོ་ན། །
སྨུག་ལོང་སྲབ་མོའི་ཟོལ་གྱིས་གཡོ། །
 
སྒྱུ་མའི་རི་རབ་ཉིལ་བའི་སྒྲ།
སྤྲུལ་བའི་ས་རྡུལ་འཕྱུར་བའི་རླབས། །
འདོད་སྲེད་རྒྱ་མཚོ་འཁྲུགས་པ་བཞིན། །
སྟོང་བསམ་མཁར་གྱི་ཕྱི་ན་སྐྱོམས། །
 
དྲན་ཤིང་ལོ་མའི་རི་མོ་ལ། །
དེབ་ཐེར་ཀོག་པོའི་འཁྱོག་གཟུགས་དོད། །
བྱ་གླག་མདའ་མོས་རྨས་པ་ཡི། །
ཁྲག་གི་གཏམ་རྒྱུད་བགས་ཀྱིས་རྙིང་། །
 
ན་བུན་སྐྱ་བོའི་བརླན་གཤེར་ལས། །
མི་རབས་སྟོང་གི་ཕྱི་མིག་མཐོང་། །
སྙིང་རུས་མེ་ལ་སྦར་བ་ཡི། །
ཟུག་གཟེར་འཁུན་སྒྲ་ག་ལེར་འཇགས །
 
ཐེ་ཚོམ་འཕྱང་མོའི་ཨ་ལོང་ལ། །
རྟོག་འཆར་འབུམ་གྱི་མཛེས་པ་འཁྱུག།
སྲོག་གི་ཀེང་རུས་ཆག་པ་ཡི། །
མྱ་ངན་མིག་ཆུ་སུ་ཡིས་ཕྱི། །
 
ལུས་ཀྱི་ཐོ་ཡོར་ཀེར་ཀེར་འདི། །
ལྕེ་ཡི་སྤུ་གྲི་བེར་བེར་འདི། །
མི་ཟད་ཚེ་ཡི་གད་རྒྱངས་ལྟར། །
འཆི་བའི་ལྷ་ལ་དབང་བ་མིན། །
 
ཁྲག་དམར་ལྟེང་ཀ་བརྡོལ་བ་ན། །
གཟུགས་ཀྱི་འཇའ་ཤིང་མེར་མེར་འདར། །
རྨི་ལམ་འཕྲུལ་གྱི་སྐར་ཁུང་དུ། །
འཆར་ཡན་རྒྱུ་སྐར་ཆེམ་ཆེམ་འཕྲོ། །
 
ཀྱག་ཀྱོག་ལོ་རྒྱུས་ཐུ་བོ་ཆེ། །
གནས་ལུགས་གོས་ཆེན་རལ་བ་བཞིན། །
སོ་སྐྱེས་མི་ཡི་དུར་ཁུང་དུ། །
ཀླད་ལྐོག་གཅོག་པའི་གཤེད་དུ་ཞོག།
                                   2011-2-8
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོག་གི་ལེའུ།

2011-10-08 འབྲོག་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


ལོ་ཟླའི་ཁུར་གྱིས་མ་ནོགས་པའི། །
ན་ཆུང་གང་གི་གླུ་ཡི་གདངས། །
གངས་ཀྱི་རི་ཟོམ་མཐོན་པོ་ན། །
སྨུག་ལོང་སྲབ་མོའི་ཟོལ་གྱིས་གཡོ། །
 
སྒྱུ་མའི་རི་རབ་ཉིལ་བའི་སྒྲ།
སྤྲུལ་བའི་ས་རྡུལ་འཕྱུར་བའི་རླབས། །
འདོད་སྲེད་རྒྱ་མཚོ་འཁྲུགས་པ་བཞིན། །
སྟོང་བསམ་མཁར་གྱི་ཕྱི་ན་སྐྱོམས། །
 
དྲན་ཤིང་ལོ་མའི་རི་མོ་ལ། །
དེབ་ཐེར་ཀོག་པོའི་འཁྱོག་གཟུགས་དོད། །
བྱ་གླག་མདའ་མོས་རྨས་པ་ཡི། །
ཁྲག་གི་གཏམ་རྒྱུད་བགས་ཀྱིས་རྙིང་། །
 
ན་བུན་སྐྱ་བོའི་བརླན་གཤེར་ལས། །
མི་རབས་སྟོང་གི་ཕྱི་མིག་མཐོང་། །
སྙིང་རུས་མེ་ལ་སྦར་བ་ཡི། །
ཟུག་གཟེར་འཁུན་སྒྲ་ག་ལེར་འཇགས །
 
ཐེ་ཚོམ་འཕྱང་མོའི་ཨ་ལོང་ལ། །
རྟོག་འཆར་འབུམ་གྱི་མཛེས་པ་འཁྱུག།
སྲོག་གི་ཀེང་རུས་ཆག་པ་ཡི། །
མྱ་ངན་མིག་ཆུ་སུ་ཡིས་ཕྱི། །
 
ལུས་ཀྱི་ཐོ་ཡོར་ཀེར་ཀེར་འདི། །
ལྕེ་ཡི་སྤུ་གྲི་བེར་བེར་འདི། །
མི་ཟད་ཚེ་ཡི་གད་རྒྱངས་ལྟར། །
འཆི་བའི་ལྷ་ལ་དབང་བ་མིན། །
 
ཁྲག་དམར་ལྟེང་ཀ་བརྡོལ་བ་ན། །
གཟུགས་ཀྱི་འཇའ་ཤིང་མེར་མེར་འདར། །
རྨི་ལམ་འཕྲུལ་གྱི་སྐར་ཁུང་དུ། །
འཆར་ཡན་རྒྱུ་སྐར་ཆེམ་ཆེམ་འཕྲོ། །
 
ཀྱག་ཀྱོག་ལོ་རྒྱུས་ཐུ་བོ་ཆེ། །
གནས་ལུགས་གོས་ཆེན་རལ་བ་བཞིན། །
སོ་སྐྱེས་མི་ཡི་དུར་ཁུང་དུ། །
ཀླད་ལྐོག་གཅོག་པའི་གཤེད་དུ་ཞོག།
                                   2011-2-8
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།