ལྕགས་ཟམ་པ།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-03

              -----དབང་ཕྱུག་བརྩོན་འགྲུས་བཟང་བོ་རྗེས་དྲན་གྱི་ཚུལ་དུ།
འདོད་ཡོན་མཁའ་ཡི་རྡུལ་འཚུབ་འཁྲུག་པ་ལྟར། །
ཕྱི་ནང་གཉི་ཀར་མུན་པའི་གཡོགས་པའི་སྐབས། །
ཐར་བ་མེད་པའི་འཐབ་རའི་དབུགས་དབྱུངས་བར། །
སྙན་པའི་དངོས་གྲུབ་བསྩོལ་བར་དབྱངས་ཅན་མ། །
 
དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ཉིད། །
རྩོད་ལྡན་སྙིགས་མར་བྱོན་པའི་སླད་དུ་ནི། །
ཚེ་རབས་ཐོས་བསམ་སྒོམ་གསུམ་མཛད་པའི་མཐུས། །
གང་ཟག་མི་ཡི་རྟེན་དུ་བཞེས་པ་རྨད། །
 
གསང་སྔགས་གསར་རྙིང་ལསྩོགས་ཐུགས་ཀྱིས་གཉེར། །
མི་མིན་ལྷ་སྲིན་སྡིག་ཏོ་ཆོས་ཀྱིས་སྤམ། །
མངོན་མཐོ་ངེས་ལེགས་ཐར་བའི་ལམ་སྟོན་མཛད། །
སྐུ་གསུང་ཐུགས་ཀྱི་རྟེན་དང་བསྟན་པ་བཞེངས། །
 
ཆོས་ཀྱི་གནས་སྒོ་འབྱེད་ཅིང་དགོན་གནས་འདེབས། །
གྲུབ་པའི་སྟོབས་ཀྱིས་ལུས་རྟེན་དུ་མར་འཛུལ། །
ཟབ་ཆོས་རིན་ཆེན་ཡིག་དྲུག་དབྱངས་ཀྱིས་མཛད། །
དོན་གཉིས་ཡོན་ཏན་མཐའ་དག་མངོན་དུ་བཞེས། །
 
གྲོག་རོང་ལུང་ཤུར་ཆུ་སྣ་མོད་པའི་ཡུལ། །
ལྕགས་ཟམ་ཤིང་ཟམ་བརྒྱ་ལྷག་བསྐྲུན་གྱུར་ཏེ། །
འགྲོ་འོང་དཀའ་བའི་གནས་ཀྱི་མཇུག་མ་བསྒྲིལ། །
བོད་འབངས་ཐམས་ཅད་ཟོར་ཡངས་ལམ་དུ་དྲངས། །
 
ཚོང་ཟོག་བརྗེ་རེས་དངོས་ཟོག་སྐྱེལ་འདྲེན་དུ། །
གྲུ་ཆེན་གྲུ་ཆུང་བརྒྱ་ལྷག་བཟོས་གྱུར་ཏེ། །
དཔལ་ཡོན་གཉིས་ལ་སྔར་མེད་གཙུབ་བརྡར་གྱིས། །
ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་བཏངས། །
 
གཙང་ལ་སྟོད་ཀྱི་ཡུལ་གྲུ་གང་ཡིན་ནས། །
བུད་མེད་ནང་ནས་བུད་མེད་བདུན་བསྡུས་ཏེ། །
འཕགས་པའི་འཁྲབ་སྟངས་ཡན་ལག་གསེང་དུ་དྲངས། །
ལྷ་མོ་ཟློས་གར་འཁྲུངས་པ་ངོ་མཚར་ཆེ། །
 
སྔོན་བྱུང་མཛད་རྗེས་མིག་ལ་བསྟར་གྱུར་ཡང་། །
དེ་ཡི་རིན་ཐང་སློབ་གསོ་མ་ཁུགས་པར། །
རྨོངས་པའི་གཉིད་དུ་སྔུར་དབྱངས་འཐེན་པའི་ཁྲོད། །
ཚ་འདྲི་དང་བཅས་ཨག་སྐད་བརྒྱབས་པ་ཙམ། །
                           2011.09.30     15/34ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྕགས་ཟམ་པ།

2011-10-03 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།