སེམས་ཀྱི་གདོང་གྲོགས།

འབྲོག་བུ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-03


ལོ་ཟླའི་གཙང་བོ་སྒྱུ་མའི་ཟོལ་གྱིས་བཞུར་ཏེ།།
རི་རབ་སྟོང་གི་ཕྱི་གོས་བགས་ཀྱིས་རལ་དུས།།
ངག་ལ་དབང་ཕྱུག་སྩོལ་བའི་དབྱངས་ཀྱི་ལྷ་མོ།།
བར་དོའི་འཇིགས་པ་སེལ་བའི་མགོན་དུ་འབྱོན་རོགས། །
 
བདེ་སྐྱིད་དྲོད་ཀྱི་ཁ་རླངས་སེམས་སུ་སྦྲུམ་ནས།།
མཐོ་བ་ཉི་ཟླའི་བརྩེ་གླུ་སྙིང་ལ་སྒོམ་དུས།།
འཇིག་རྟེན་མཛེས་པའི་ཞིང་བཀོད་ཐེངས་གཅིག་མཐོང་བ།།
ལུས་སེམས་བཅིངས་བཀྲོལ་ཐོབ་པའི་དཔེ་མཚོན་ཙམ་མོ། །
 
ལང་ཚོ་འཇའ་ལ་འཁྲུལ་བའི་བུ་མོ་ཞིག་གིས།།
མི་འཇིག་ལུས་ཀྱི་འཁྲི་ཤིང་བདག་ལ་བསྙེས་ཏེ།།
ཆོ་འཕྲུལ་སོར་མོས་ལན་གཅིག་ཕུར་ཕུར་གནང་བ།།
རྨི་ལམ་དོན་ལ་སྨིན་པའི་གྲོགས་སུ་བལྟས་ཆོག །
 
ཉ་གང་ཟླ་བའི་ཁྲུས་རྫིང་ལོགས་སུ་བཞག་ནས།།
རྩྭ་ལྗང་གཡུ་ལོའི་ཟིལ་བ་ལོངས་སུ་སྤྱོད་དུས།།
ཁྲི་གདུགས་མེ་དཔུང་དྲག་པོའི་གཏུམ་སྤྱོད་འདི་ཉིད།།
སྨྲ་ངན་ལྕེ་ལེབ་གཅོད་པའི་དཔུང་དུ་ལངས་བྱུང་། །
 
ཕ་མེས་ང་ལ་བགོས་པའི་དབྱངས་གསལ་སོ་བཞི། །
མི་སྡུག་ལོ་རྒྱུས་ཁྲག་གིས་བརྫིས་པའི་ཤུལ་དུ། །
ངོ་མཚར་མི་སྡེ་འབུམ་གྱི་དཔུང་ཤ་མངོན་པ། །
སེམས་ཀྱི་མཁར་རྫོང་སྨུག་པོའི་བདག་པོར་ངེས་སོ། །
 
སྲོག་གི་གཤེད་མ་སྦྲང་མའི་གཟུགས་སུ་སྤྲུལ་ནས། །
བདག་གི་གློ་མཆིན་འབྲུ་བའི་ལས་ལ་ཞུགས་ཚེ། །
ཚེ་སྔོན་བྱམས་པའི་ངག་གི་དར་ཚོན་སྐྱ་བོས། །
ང་ལ་རྣོ་ལྕགས་སྔོན་པོའི་ཁྲབ་ཅིག་བཟོས་འདུག །
 
གདུང་ཚོར་ཆུ་སྤྲིན་འཁྲིགས་པའི་ཡིད་ཀྱི་ནམ་མཁའ།།
དགུ་ཚིགས་སྐར་མའི་འོད་ཀྱིས་དྭངས་པར་བྱས་ཏེ།།
མཁྲེགས་པོ་སྙིང་གི་ལྕགས་རི་སྤང་ལ་བརྩིགས་པ།།
རྗེས་རབས་མི་ཡི་གཞིས་སུ་འཇོག་རིན་མི་འདུག །
                                    2011-9-27

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་གདོང་གྲོགས།

2011-10-03 འབྲོག་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


ལོ་ཟླའི་གཙང་བོ་སྒྱུ་མའི་ཟོལ་གྱིས་བཞུར་ཏེ།།
རི་རབ་སྟོང་གི་ཕྱི་གོས་བགས་ཀྱིས་རལ་དུས།།
ངག་ལ་དབང་ཕྱུག་སྩོལ་བའི་དབྱངས་ཀྱི་ལྷ་མོ།།
བར་དོའི་འཇིགས་པ་སེལ་བའི་མགོན་དུ་འབྱོན་རོགས། །
 
བདེ་སྐྱིད་དྲོད་ཀྱི་ཁ་རླངས་སེམས་སུ་སྦྲུམ་ནས།།
མཐོ་བ་ཉི་ཟླའི་བརྩེ་གླུ་སྙིང་ལ་སྒོམ་དུས།།
འཇིག་རྟེན་མཛེས་པའི་ཞིང་བཀོད་ཐེངས་གཅིག་མཐོང་བ།།
ལུས་སེམས་བཅིངས་བཀྲོལ་ཐོབ་པའི་དཔེ་མཚོན་ཙམ་མོ། །
 
ལང་ཚོ་འཇའ་ལ་འཁྲུལ་བའི་བུ་མོ་ཞིག་གིས།།
མི་འཇིག་ལུས་ཀྱི་འཁྲི་ཤིང་བདག་ལ་བསྙེས་ཏེ།།
ཆོ་འཕྲུལ་སོར་མོས་ལན་གཅིག་ཕུར་ཕུར་གནང་བ།།
རྨི་ལམ་དོན་ལ་སྨིན་པའི་གྲོགས་སུ་བལྟས་ཆོག །
 
ཉ་གང་ཟླ་བའི་ཁྲུས་རྫིང་ལོགས་སུ་བཞག་ནས།།
རྩྭ་ལྗང་གཡུ་ལོའི་ཟིལ་བ་ལོངས་སུ་སྤྱོད་དུས།།
ཁྲི་གདུགས་མེ་དཔུང་དྲག་པོའི་གཏུམ་སྤྱོད་འདི་ཉིད།།
སྨྲ་ངན་ལྕེ་ལེབ་གཅོད་པའི་དཔུང་དུ་ལངས་བྱུང་། །
 
ཕ་མེས་ང་ལ་བགོས་པའི་དབྱངས་གསལ་སོ་བཞི། །
མི་སྡུག་ལོ་རྒྱུས་ཁྲག་གིས་བརྫིས་པའི་ཤུལ་དུ། །
ངོ་མཚར་མི་སྡེ་འབུམ་གྱི་དཔུང་ཤ་མངོན་པ། །
སེམས་ཀྱི་མཁར་རྫོང་སྨུག་པོའི་བདག་པོར་ངེས་སོ། །
 
སྲོག་གི་གཤེད་མ་སྦྲང་མའི་གཟུགས་སུ་སྤྲུལ་ནས། །
བདག་གི་གློ་མཆིན་འབྲུ་བའི་ལས་ལ་ཞུགས་ཚེ། །
ཚེ་སྔོན་བྱམས་པའི་ངག་གི་དར་ཚོན་སྐྱ་བོས། །
ང་ལ་རྣོ་ལྕགས་སྔོན་པོའི་ཁྲབ་ཅིག་བཟོས་འདུག །
 
གདུང་ཚོར་ཆུ་སྤྲིན་འཁྲིགས་པའི་ཡིད་ཀྱི་ནམ་མཁའ།།
དགུ་ཚིགས་སྐར་མའི་འོད་ཀྱིས་དྭངས་པར་བྱས་ཏེ།།
མཁྲེགས་པོ་སྙིང་གི་ལྕགས་རི་སྤང་ལ་བརྩིགས་པ།།
རྗེས་རབས་མི་ཡི་གཞིས་སུ་འཇོག་རིན་མི་འདུག །
                                    2011-9-27

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།