གྲོགས་དུག་ཞགས་ལ་སྤྲིངས་པ།

འབྲོག་བུ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-26


རེ་བའི་རྟ་ཁ་དེ། །
ལ་མོ་སྒང་ལ་ཤོར། །
དབྱིངས་ཀྱི་སྤྲིན་པ་དང་། །
ཁ་སྣ་འཕྲད་ལ་ཉེ། །
 
འཕྲུལ་གྱི་རྐང་ལག་གིས། །
འགྲུལ་ལམ་ཐུང་དུ་བཟོས། །
རྨི་ལམ་དཀར་ནག་གིས། །
འཚོ་བ་སྨན་དུ་བཅོས། །
 
རི་རབ་ལྷུན་པོ་ལ། །
བརྩེ་བའི་གུས་ཕྱག་ཕུལ། །
སྙིང་གི་ས་ཆེན་གྱི། །
དྲོད་ཁོལ་ཉམས་སུ་བླངས། །  
 
བས་མཐའི་གྲོང་བརྡལ་དེ། །
ཁངས་སྐྱ་དཀར་པོས་མནན། །
ཁྱེད་ཀྱི་དབྱར་ས་ནི། །
མེ་ཏོག་གཞུང་དུ་སྤར། །
 
མགོ་ཡི་རལ་བ་ནི། །
མེས་པོའི་ལུགས་སུ་མཐོང་། །
ལོ་ཟླའི་ཤེ་མོང་གིས། །
མ་ཆོད་ད་དུང་ལུས། །
 
མདུན་གྱི་གློག་ཀླད་དུ། །
རིན་ཆེན་གླིང་ཀ་བཞེངས། །
ཚོར་བའི་འཇིག་རྟེན་དེ། །
དེ་དང་མཉམ་པོར་གྲུབ། །
 
ཁང་བའི་སྒེའུ་ཁུང་དུ། །
ཟླ་བ་ཆོམ་གྱིས་ལྷུང་། །
སྨྱུ་གུའི་ཆོ་ངེ་ཡིས། །
ཁེངས་དྲེགས་ཆེ་རུ་སྟོན། །
 
ཆུང་མའི་ཤ་ཁ་ལ། །
འཇམ་རྩུབ་མ་མཆིས་ཞེས། །
དུས་ལ་ཚོད་མེད་དུ། །
ཤ་མཆིན་གླན་པ་ཡག།
 
ཁྱེད་ནི་སྨན་པ་ཡིན། །
བལྟས་ན་ནད་པ་འདྲ། །
ལུས་ཀྱི་ཤ་སྐྱི་ཡང་། །
ཤོག་བུའི་མདངས་སུ་གྲུབ། །
 
མདང་ནུབ་རྨི་ལམ་དུ། །
གྲོགས་པོ་སྐོར་ཞིག་ཐོན། །
སོ་སོའི་སྐད་ངག་གིས། །
སེམས་ཀྱི་ན་བུན་དཀྲུགས། །
 
ད་ནངས་སད་པ་ན། །
ནད་ཀྱི་མལ་ཁྲི་རུ། །
རང་ཉིད་གཅིག་པུ་ནི། །
ཁྲག་གིས་བརླན་ཅིང་སྦགས། །
       མདང་ནུབ་ཁྱེད་ཀྱིས་ཉེ་ལམ་བྲིས་པའི་སྙན་ངག་དག་བཀླགས་རྗེས་དགའ་སྣང་དང་བཅས་ཏེ་མགྲོན་ཁང་ཞིག་ཏུ་ཤར་མར་སྦྱར།  2011-9-24ལ་གྲོགས་འབྲོག་བུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་དུག་ཞགས་ལ་སྤྲིངས་པ།

2011-09-26 འབྲོག་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


རེ་བའི་རྟ་ཁ་དེ། །
ལ་མོ་སྒང་ལ་ཤོར། །
དབྱིངས་ཀྱི་སྤྲིན་པ་དང་། །
ཁ་སྣ་འཕྲད་ལ་ཉེ། །
 
འཕྲུལ་གྱི་རྐང་ལག་གིས། །
འགྲུལ་ལམ་ཐུང་དུ་བཟོས། །
རྨི་ལམ་དཀར་ནག་གིས། །
འཚོ་བ་སྨན་དུ་བཅོས། །
 
རི་རབ་ལྷུན་པོ་ལ། །
བརྩེ་བའི་གུས་ཕྱག་ཕུལ། །
སྙིང་གི་ས་ཆེན་གྱི། །
དྲོད་ཁོལ་ཉམས་སུ་བླངས། །  
 
བས་མཐའི་གྲོང་བརྡལ་དེ། །
ཁངས་སྐྱ་དཀར་པོས་མནན། །
ཁྱེད་ཀྱི་དབྱར་ས་ནི། །
མེ་ཏོག་གཞུང་དུ་སྤར། །
 
མགོ་ཡི་རལ་བ་ནི། །
མེས་པོའི་ལུགས་སུ་མཐོང་། །
ལོ་ཟླའི་ཤེ་མོང་གིས། །
མ་ཆོད་ད་དུང་ལུས། །
 
མདུན་གྱི་གློག་ཀླད་དུ། །
རིན་ཆེན་གླིང་ཀ་བཞེངས། །
ཚོར་བའི་འཇིག་རྟེན་དེ། །
དེ་དང་མཉམ་པོར་གྲུབ། །
 
ཁང་བའི་སྒེའུ་ཁུང་དུ། །
ཟླ་བ་ཆོམ་གྱིས་ལྷུང་། །
སྨྱུ་གུའི་ཆོ་ངེ་ཡིས། །
ཁེངས་དྲེགས་ཆེ་རུ་སྟོན། །
 
ཆུང་མའི་ཤ་ཁ་ལ། །
འཇམ་རྩུབ་མ་མཆིས་ཞེས། །
དུས་ལ་ཚོད་མེད་དུ། །
ཤ་མཆིན་གླན་པ་ཡག།
 
ཁྱེད་ནི་སྨན་པ་ཡིན། །
བལྟས་ན་ནད་པ་འདྲ། །
ལུས་ཀྱི་ཤ་སྐྱི་ཡང་། །
ཤོག་བུའི་མདངས་སུ་གྲུབ། །
 
མདང་ནུབ་རྨི་ལམ་དུ། །
གྲོགས་པོ་སྐོར་ཞིག་ཐོན། །
སོ་སོའི་སྐད་ངག་གིས། །
སེམས་ཀྱི་ན་བུན་དཀྲུགས། །
 
ད་ནངས་སད་པ་ན། །
ནད་ཀྱི་མལ་ཁྲི་རུ། །
རང་ཉིད་གཅིག་པུ་ནི། །
ཁྲག་གིས་བརླན་ཅིང་སྦགས། །
       མདང་ནུབ་ཁྱེད་ཀྱིས་ཉེ་ལམ་བྲིས་པའི་སྙན་ངག་དག་བཀླགས་རྗེས་དགའ་སྣང་དང་བཅས་ཏེ་མགྲོན་ཁང་ཞིག་ཏུ་ཤར་མར་སྦྱར།  2011-9-24ལ་གྲོགས་འབྲོག་བུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།