འབྱུང་བཞི་ཁྲོས་པའི་སྙན་ངག་སྐྱ་བོ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-22

ས་ལ་དགེ་བཅུ་དགེ་བཅུ་མ་བརྩི།།
ས་གཞི་ཁྲོས་པའི་གཡོ་འགུལ་ཞིག་གིས།།
ས་ཆེན་ཡུལ་ཤུལ་མགོ་རྟིང་སློག་པ།།
ས་སྟེང་འདི་ཡི་ཀུན་ལ་གསལ་ཨང་།།
 
ཆུ་ལ་དངས་མོ་དངས་མོ་མ་ཟེར།།
 ཆུ་ཡིས་བཟོས་པའི་གོད་ཆག་ལྗིད་དེ།།
ཆུ་ཡིས་བསྣུམས་པའི་འབྲུག་ཆུ་གྲོང་ཁྱེར།།
ཆུ་བོའི་རྒྱུན་གྱི་གྲུ་ལ་གྱུར་སོང་།།
 
མེ་ལ་དྲོད་མོ་དྲོད་མོ་མ་ཟེར།།
 མེ་ཟུག་བྱས་ན་ཚ་བ་སྣང་བཞིན།།
མེ་རི་འཕྱུར་ཏེ་རི་ཀླུང་ཐམས་ཅད།།
མེ་ཡིས་བསྲེག་ནས་ཟས་ཏེ་བུད་འགྲོ།།
 
རླུང་ལ་བསིལ་མོ་བསིལ་མོ་མ་ཟེར།།
 རླུང་ལྷ་རྒན་པོ་ཁྲོས་ཐེངས་ཤིག་གིས།།
རླུང་གིས་ཁྲིད་པའི་རྒྱ་མཚོ་ཆེན་པོ།།
 རླུང་ལྟར་འཕུར་ཏེ་ཉི་ཧོང་བཅོམས་སོང་།།
 
ཁ་བ་དཀར་བོ་དཀར་བོ་མ་ཟེར།།
ཁ་བས་ཁངས་འཁྱག་མཐུག་པོ་འཕངས་ཏེ།།
ཁ་བ་ཅན་ལ་གྱོང་གུད་བཏང་བ།།
ཁ་སེམས་གཉིས་ཀྱིས་བརྗེད་ཀྱིན་མི་འདུག།
 
སེམས་ལ་བཟང་བོ་བཟང་བོ་མ་ཟེར།།
 སེམས་ཀྱི་འདོད་ཧམ་ཆེན་པོ་དེའི་ཕྱིར།།
སེམས་ལ་མ་དྲན་སྐྱོན་ཞིག་སྒྲུབ་ཏེ།།
སེམས་པ་ནམ་ཡང་སྡུག་གིས་གཙེས་འགྲོ།།
 
མི་ལ་གཤིས་བཟང་གཤིས་བཟང་མ་ཟེར།།
མི་ཡིས་སྒྲུབ་པའི་བླུན་རྨོངས་སྤྱོད་པས།།
མི་རིགས་ཅེས་ཏེ་ཁུ་ཚུར་འཕྱར་འགྲོ།།
མི་གཅིག་སྲོག་ཆགས་ཁ་ལ་མིད་འགྲོ།།
 
མི་ནི་རིག་བཟང་རིག་བཟང་མ་རེད།།
མི་ཡིས་ཡོད་ཚད་རང་གིས་སྒྲུབ་ཀྱང་།།
མི་ཐབས་བསམ་པ་གཞན་ལ་བཅིངས་ནས།།
མི་ཤེས་ཁུལ་གྱིས་འཁང་ར་བྱས་འགྲོ།།
 
ང་ལ་ཁ་ངན་ཁ་ངན་མ་ཟེར།།
ང་ཡིས་ཁ་མ་མེད་པའི་ཚིག་གཅིག།
ང་རང་ཚོ་ལ་བཤད་ཀྱང་མེད་ལ།།
ང་ལ་ཁོམ་པ་དེ་ཡང་མི་འདུག།
           ༢༠༡༡ ༧ ༢༢  བིས་མདོ་དགོན་པ་ནས་ཤར་མར་སྦྱར།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྱུང་བཞི་ཁྲོས་པའི་སྙན་ངག་སྐྱ་བོ།

2011-09-22 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

ས་ལ་དགེ་བཅུ་དགེ་བཅུ་མ་བརྩི།།
ས་གཞི་ཁྲོས་པའི་གཡོ་འགུལ་ཞིག་གིས།།
ས་ཆེན་ཡུལ་ཤུལ་མགོ་རྟིང་སློག་པ།།
ས་སྟེང་འདི་ཡི་ཀུན་ལ་གསལ་ཨང་།།
 
ཆུ་ལ་དངས་མོ་དངས་མོ་མ་ཟེར།།
 ཆུ་ཡིས་བཟོས་པའི་གོད་ཆག་ལྗིད་དེ།།
ཆུ་ཡིས་བསྣུམས་པའི་འབྲུག་ཆུ་གྲོང་ཁྱེར།།
ཆུ་བོའི་རྒྱུན་གྱི་གྲུ་ལ་གྱུར་སོང་།།
 
མེ་ལ་དྲོད་མོ་དྲོད་མོ་མ་ཟེར།།
 མེ་ཟུག་བྱས་ན་ཚ་བ་སྣང་བཞིན།།
མེ་རི་འཕྱུར་ཏེ་རི་ཀླུང་ཐམས་ཅད།།
མེ་ཡིས་བསྲེག་ནས་ཟས་ཏེ་བུད་འགྲོ།།
 
རླུང་ལ་བསིལ་མོ་བསིལ་མོ་མ་ཟེར།།
 རླུང་ལྷ་རྒན་པོ་ཁྲོས་ཐེངས་ཤིག་གིས།།
རླུང་གིས་ཁྲིད་པའི་རྒྱ་མཚོ་ཆེན་པོ།།
 རླུང་ལྟར་འཕུར་ཏེ་ཉི་ཧོང་བཅོམས་སོང་།།
 
ཁ་བ་དཀར་བོ་དཀར་བོ་མ་ཟེར།།
ཁ་བས་ཁངས་འཁྱག་མཐུག་པོ་འཕངས་ཏེ།།
ཁ་བ་ཅན་ལ་གྱོང་གུད་བཏང་བ།།
ཁ་སེམས་གཉིས་ཀྱིས་བརྗེད་ཀྱིན་མི་འདུག།
 
སེམས་ལ་བཟང་བོ་བཟང་བོ་མ་ཟེར།།
 སེམས་ཀྱི་འདོད་ཧམ་ཆེན་པོ་དེའི་ཕྱིར།།
སེམས་ལ་མ་དྲན་སྐྱོན་ཞིག་སྒྲུབ་ཏེ།།
སེམས་པ་ནམ་ཡང་སྡུག་གིས་གཙེས་འགྲོ།།
 
མི་ལ་གཤིས་བཟང་གཤིས་བཟང་མ་ཟེར།།
མི་ཡིས་སྒྲུབ་པའི་བླུན་རྨོངས་སྤྱོད་པས།།
མི་རིགས་ཅེས་ཏེ་ཁུ་ཚུར་འཕྱར་འགྲོ།།
མི་གཅིག་སྲོག་ཆགས་ཁ་ལ་མིད་འགྲོ།།
 
མི་ནི་རིག་བཟང་རིག་བཟང་མ་རེད།།
མི་ཡིས་ཡོད་ཚད་རང་གིས་སྒྲུབ་ཀྱང་།།
མི་ཐབས་བསམ་པ་གཞན་ལ་བཅིངས་ནས།།
མི་ཤེས་ཁུལ་གྱིས་འཁང་ར་བྱས་འགྲོ།།
 
ང་ལ་ཁ་ངན་ཁ་ངན་མ་ཟེར།།
ང་ཡིས་ཁ་མ་མེད་པའི་ཚིག་གཅིག།
ང་རང་ཚོ་ལ་བཤད་ཀྱང་མེད་ལ།།
ང་ལ་ཁོམ་པ་དེ་ཡང་མི་འདུག།
           ༢༠༡༡ ༧ ༢༢  བིས་མདོ་དགོན་པ་ནས་ཤར་མར་སྦྱར།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།