ཁྱེད་ཚོར་གླེང་བ།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-19

ཀ་ཁ་ག་ང་ཁ་ལ་བྱང་བའི་ཁ་བ་རི་པའི་བུ་ཕྲུག་ཅིག།
ཁ་བའི་ལྗོངས་དང་བྲལ་ཉིན་དེ་ནས་རང་གི་ངོ་བོ་བོར་ཚུལ་དེ།།
ག་ས་གང་དུ་འཁྱམས་པའི་ཤུལ་ན་ང་ལ་མཚུངས་པའི་གོ་ས་ཞིག།
ང་ཡིས་མ་རིག་ཡུལ་གྱར་བུ་ཡི་སེམས་ཀྱི་ན་ཟུག་འདི་ནས་བསླངས།།
 
ཅ་ཅོ་ཟང་ཟིང་གང་ན་ཆེ་ཡང་དེ་ན་སེམས་ཀྱི་སྐྱོ་གདུང་ཞིག།
ཆ་ལུགས་མི་མཐུན་བཤད་ལུགས་དཀའ་ཞིང་མི་ཚོགས་མང་བའི་དཀྱིལ་འདི་ནས།
ཇ་ཆང་ཞིམ་པོ་ལོངས་སུ་སྤྱད་ནས་དགའ་དགའ་སྤྲོ་སྤྲོའི་གླུ་ལེན་པ།།
ཉ་ཆུ་ལྟར་གྱི་མཛའ་བརྩེ་ཟབ་པའི་ཕ་ཡུལ་དྲན་པ་བརྗོད་མི་ལངས།།
 
ཏ་ཐ་ག་ཐའི་བསྟན་ལ་བཞུགས་ནས་མངར་སྐྱུར་དྲོ་བ་མྱང་ཙ་ན།།
ཐ་དད་ཆོས་ལུགས་འདྲ་མིན་གང་ནས་ཞིམ་པའི་ཟས་ཞིག་མི་རྙེད་པ།།
ད་གཟོད་རྟོགས་པའི་ཉམས་མྱོང་ཕྲན་བུ་ང་ཡིས་གྲོགས་ལ་བསྐུར་བ་ན།།
ན་ཚོ་གཞོན་པའི་རིགས་མྱུག་ཁྱེད་ཚོས་རང་གི་རིག་གཞུང་གཅེས་པ་གལ།།
 
པ་ཏྲའི་རི་མོ་ཇི་ལྟར་མཛེས་ཀྱང་དེ་ཡིས་འགྲན་མིན་གྲོང་ཁྱེར་ན།།
ཕ་མར་མི་བཀུར་སུ་ལ་མི་མོས་ང་ཆེ་ང་རྒྱལ་མཐོ་བའི་མི།།
བ་གླང་གཤིས་ལྟར་གཏད་སོ་མེད་པའི་མི་འཁྱམས་མདོ་མེད་དེ་ཚོས་ཀྱང་།།
མ་ལུས་རྒྱལ་བསྟན་དྲི་མེད་འདི་ལ་གུས་བཀུར་ཞུམ་ཞུམ་བྱེད་ཀྱིན་གདའ།།
 
ཙ་ག་ཙི་གི་མང་བས་ཆོག་ཀྱང་དོན་དམ་རང་གི་ནོར་བུ་འདི།།
ཚ་བས་མ་འཇོམས་གྲང་བས་མི་གནོན་རང་རིགས་རང་གིས་སྲུང་དགོས་ལས།།
ཛ་ཡེ་གསུང་རབས་བླ་མེད་ཁྱད་ནོར་གཙག་སེར་རླུང་ལ་བསྐུར་གྱུར་ན།།
ཝ་སྐྱེས་དེ་ཞེས་མི་རབས་རྗེས་མས་འཕྱ་བར་འགྱུར་བ་དོན་མི་ཟ།།
 
ཞ་ལོང་ཚོས་ཀྱང་རང་ཁ་རང་གསོའི་བྱ་ཐབས་འདོ་ཀོ་མཐོང་བ་དང་།།
ཟ་མ་ཙམ་ཡང་ཟ་བའི་དུས་ཚོད་བྲེལ་བྲེལ་མྱུར་མྱུར་བྱེད་པ་འདིས།།
འ་ཅག་རྣམས་ཀྱིས་ལེ་ལོར་གོམས་པའི་ཉི་མ་འཕུད་ཐབས་མི་ཚེ་འདིར།།
ཡ་མཚན་སྐྱེས་ཞིང་སྤྱོད་ཚུལ་འདི་རིགས་རྦད་དེ་ནོར་བའི་ངེས་པ་རྙེད།།
 
ར་ཅོ་ལྟ་བུ་གཟེངས་སུ་མེད་ཀྱང་ད་ལྟའི་གནས་བབ་འདི་ཙམ་ནི།།
ལ་ལུང་གང་མང་མིག་གིས་རིག་ཀྱང་ཅུང་ཟད་དཀོན་པའི་ཚད་དུ་སླེབས།།
ཤ་མར་ཐུད་ཀྱིས་མི་ཚེ་སྐྱེལ་བའི་རོང་འབྲོག་མི་བུ་ཁྱེད་ཅག་གིས།།
ས་མཐའི་ཕྱོགས་ལ་མིག་གིས་གཅེར་ནས་ཀླད་ཞོར་གཤགས་བཅོས་བྱེད་རན་རེད།།
 
ཧ་ལོ་ལྟར་གྱི་མཛེས་འཛུམ་མེད་ཀྱང་སྙིང་ནས་ཕྱུང་བའི་མར་ལོ་ཡིན།།
ཨ་མའི་བུ་ལ་བསམ་གཞིག་ཡོད་ན་འདི་ཡི་གོ་བ་ཅུང་ཟད་ལོངས།།
                            ༢༠༡༡། ༩། ༡༤

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཚོར་གླེང་བ།

2011-09-19 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།