ང་ཡི་མ་དགོན། རིག་པའི་ཕོ་བྲང་།

         ____མདོ་སྨད་འཇང་དགུན་ཆོས་རེབ་གོང་ནས་འཚོགས་ཚུལ།
གངས་ཅན་མཁས་པའི་གཙུག་མཆོག་བློ་བཟང་གྲགས།།
སྨག་ཆེན་མཐར་བྱེད་གཙུག་ལག་དམ་ཆོས་ཉིད།།
རེབ་གོང་འགྲོ་བའི་སྒྲོན་མེ་རོང་བོ་དགོན།།
མདོ་སྨད་འཇང་དགུན་ཆེན་མོའི་རྟེན་དུ་འབར།།

དོན་དམ་ནང་གི་ཡང་དག་རིག་པའི་མཐའ།།
སྐལ་བཟང་འགྲོ་ལ་འགྱེད་མཁས་བཤེས་རྣམས་རྒྱལ།།
བཅུ་ཕྲག་རིག་གཞུང་བདུད་རྩི་འཛིན་པའི་སྣོད།།
ངུར་སྨྲིག་བྱེ་བ་ཕྲག་བརྒྱ་ཕྱག་གི་ཡུལ།།

ཁྱད་པར་ཟབ་དོན་ཚད་གྲུབ་རིག་པའི་གཞུང་།།
རྩོད་པའི་ང་རོར་བརྡར་བའི་གསུང་དབྱངས་སྙན།།
 སྟོན་མཆོག་ཐུབ་པའི་བཀའ་དགོངས་འགྲེལ་མཛད་པ།།
སྨྲ་བའི་ཁྱུ་མཆོག་དགེ་འདུན་སྡེ་འདི་མཆོད།།

ཕ་སྐད་འབྱུང་འགྱུར་འཇིགས་པའི་མཐའ་ཅན་འདི།།
ཕྱི་ནང་གཙུག་ལག་རྩོད་པའི་སྐྱོར་བ་མཚར།།
དགེ་ལེགས་གསར་བའི་ཡོངས་ཁྱབ་སྐྱེ་རྒུའི་སྙིང་།།
གཞན་ཕན་བྱང་སེམས་ལྟ་བའི་འཁོར་ལ་འདུས།།

ཟུར་མིག་མ་གཏོང་འུག་པའི་བརྟུལ་ཞུགས་ཅན།།
ང་ཚོ་ག་ཤེད་ལམ་ནས་ག་ལེར་འགྲོ །
རྒྱུས་མེད་མཐའ་བྲལ་སྦས་དོན་རིག་པའི་གླུ།།
ཕྱོགས་མེད་ཐ་གྲུ་ཀུན་ཏུ་སྒྲོག་པར་ཞོག །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་མ་དགོན། རིག་པའི་ཕོ་བྲང་།

2011-09-15 མང་རའི་རབ་གསལ། ཀློག་གྲངས། མཆན ཡོད།

         ____མདོ་སྨད་འཇང་དགུན་ཆོས་རེབ་གོང་ནས་འཚོགས་ཚུལ།
གངས་ཅན་མཁས་པའི་གཙུག་མཆོག་བློ་བཟང་གྲགས།།
སྨག་ཆེན་མཐར་བྱེད་གཙུག་ལག་དམ་ཆོས་ཉིད།།
རེབ་གོང་འགྲོ་བའི་སྒྲོན་མེ་རོང་བོ་དགོན།།
མདོ་སྨད་འཇང་དགུན་ཆེན་མོའི་རྟེན་དུ་འབར།།

དོན་དམ་ནང་གི་ཡང་དག་རིག་པའི་མཐའ།།
སྐལ་བཟང་འགྲོ་ལ་འགྱེད་མཁས་བཤེས་རྣམས་རྒྱལ།།
བཅུ་ཕྲག་རིག་གཞུང་བདུད་རྩི་འཛིན་པའི་སྣོད།།
ངུར་སྨྲིག་བྱེ་བ་ཕྲག་བརྒྱ་ཕྱག་གི་ཡུལ།།

ཁྱད་པར་ཟབ་དོན་ཚད་གྲུབ་རིག་པའི་གཞུང་།།
རྩོད་པའི་ང་རོར་བརྡར་བའི་གསུང་དབྱངས་སྙན།།
 སྟོན་མཆོག་ཐུབ་པའི་བཀའ་དགོངས་འགྲེལ་མཛད་པ།།
སྨྲ་བའི་ཁྱུ་མཆོག་དགེ་འདུན་སྡེ་འདི་མཆོད།།

ཕ་སྐད་འབྱུང་འགྱུར་འཇིགས་པའི་མཐའ་ཅན་འདི།།
ཕྱི་ནང་གཙུག་ལག་རྩོད་པའི་སྐྱོར་བ་མཚར།།
དགེ་ལེགས་གསར་བའི་ཡོངས་ཁྱབ་སྐྱེ་རྒུའི་སྙིང་།།
གཞན་ཕན་བྱང་སེམས་ལྟ་བའི་འཁོར་ལ་འདུས།།

ཟུར་མིག་མ་གཏོང་འུག་པའི་བརྟུལ་ཞུགས་ཅན།།
ང་ཚོ་ག་ཤེད་ལམ་ནས་ག་ལེར་འགྲོ །
རྒྱུས་མེད་མཐའ་བྲལ་སྦས་དོན་རིག་པའི་གླུ།།
ཕྱོགས་མེད་ཐ་གྲུ་ཀུན་ཏུ་སྒྲོག་པར་ཞོག །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།