ཕུ་བོ་ཞིག་གི་དད་སྟོབས་གླེང་བ།

                      ཕུ་བོ་___ལྷ་སར་རྒྱང་ཕྱག་འཚལ་ནས་འགྲོ་བཞིན་པའི་ཕུ་བོ་ལ།
སྒུག་པའི་དུས་ཡུན་ལོ་གཅིག་མིན་ཡང་སེམས་པ་དམར་པོར་རྨ་ཞིག་བཞག།
དྲན་པའི་འཁོར་ཡུན་ཟླ་བཅུ་མིན་ཡང་སྙིང་གི་དཀྱིལ་ལ་གས་ཤིག་ཤོར། །
ཡིད་ཀྱི་ཕུ་བོའི་རྒྱང་ཕྱག་རེ་རེས་ཇོ་བོའི་ཡིད་སེམས་འགུག་ཚོད་ཡིན། །
སེམས་ཀྱི་ཕུ་བོའི་གསོལ་འདེབས་རེ་རེས་ལྷ་སའི་དུངས་པ་རྐུ་ཚོད་ཡིན། །
 
དགུན་གསུམ་ཁ་བའི་གྲང་རག་བཙན་པོ་ཕུ་བོའི་སྙིང་ལ་ཕོག་གིན་ཡོད། །
དབྱར་ཟླ་དྲུག་པའི་ཆར་ཆུ་མོད་པོ་ཕུ་བོའི་ཁྲག་ལ་བསྲེ་བཞིན་ཡོད། །
འཁྱགས་ལྟོགས་སྡུག་པའི་མནར་གཅོད་དམར་པོ་ཕུ་བོའི་ལུས་ལ་རེག་བཞིན་ཡོད། །
དྲན་གདུང་སྐྱ་བོའི་མིག་ཆུ་རེ་རེ་ཕུ་བོའི་ཡིད་ལ་ལྷུང་བཞིན་ཡོད། །
 
རླུང་ནག་འཚུབ་མའི་འཇབ་རྒོལ་དྲག་པོ་སྙི་མོ་གདོང་གིས་བསུ་བཞིན་ཡོད། །
ཁ་ཆར་འདྲེས་མའི་ཟུག་གཟེར་ཚ་མོ་སེམས་ཀྱི་གཏིང་སར་འཛུལ་བཞིན་ཡོད། །
དུས་ཚིགས་བཞི་ཡི་རྡུང་རྡེག་རྒོད་པོ་དམར་པོ་སྙིང་གིས་འཇིབ་ཀྱིན་ཡོད། །
བདག་གི་ཕུ་བོའི་སྙིང་སྟོབས་ལྕགས་ཡིན་ལྕགས་ཀྱི་ཀ་བ་འགུལ་མེད་ཡིན། །
 
མཚན་ལམ་རིང་མོའི་སྨག་རུམ་ཁྲོད་ན་སྡུག་ཅན་གཅན་གཟན་མང་ཚོད་རེད། །
དབུས་ལམ་སྐྱ་བོའི་བཤུལ་ལམ་བར་ན་དམུ་རྒོད་ཇག་ཚོགས་ཡོད་རབས་འདུག།
བདག་སེམས་དམར་པོའི་རླབས་སྒྲའི་བར་ན་ན་ཟུག་ཁྲག་དམར་འཕྱོ་བཞིན་འདུག།
ཕུ་བོ་དྲན་པའི་ཡིད་སེམས་དམར་པོ་སུ་ལ་ཞུས་ཀྱང་གོ་ཚོད་མེད། །
 
བདག་གི་ཕུ་བོའི་ལྷག་བསམ་གསེར་ཡིན་གསེར་གྱི་རིལ་བུ་བཙོ་མ་ཡིན། །
བདག་གི་ཕུ་བོའི་སྙིང་རུས་རྡོ་ཡིན་སྲ་མཁྲེགས་རྡོ་ཡི་རང་བཞིན་ཡོད། །
བདག་གི་ཕུ་བོའི་སྙིང་སྟོབས་མེ་ཡིན་མེ་ཡི་ཚ་རླབས་འཕྱུར་བཞིན་ཡོད། །
བདག་གི་ཕུ་བོར་ཇོ་བོས་སྤྱན་གྱིས་གཡོ་མེད་རྟག་ཏུ་གཟིགས་རོགས་ཀྱེ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕུ་བོ་ཞིག་གི་དད་སྟོབས་གླེང་བ།

2011-09-11 ཁྲག་སྙུག ཀློག་གྲངས། མཆན ཡོད།

                      ཕུ་བོ་___ལྷ་སར་རྒྱང་ཕྱག་འཚལ་ནས་འགྲོ་བཞིན་པའི་ཕུ་བོ་ལ།
སྒུག་པའི་དུས་ཡུན་ལོ་གཅིག་མིན་ཡང་སེམས་པ་དམར་པོར་རྨ་ཞིག་བཞག།
དྲན་པའི་འཁོར་ཡུན་ཟླ་བཅུ་མིན་ཡང་སྙིང་གི་དཀྱིལ་ལ་གས་ཤིག་ཤོར། །
ཡིད་ཀྱི་ཕུ་བོའི་རྒྱང་ཕྱག་རེ་རེས་ཇོ་བོའི་ཡིད་སེམས་འགུག་ཚོད་ཡིན། །
སེམས་ཀྱི་ཕུ་བོའི་གསོལ་འདེབས་རེ་རེས་ལྷ་སའི་དུངས་པ་རྐུ་ཚོད་ཡིན། །
 
དགུན་གསུམ་ཁ་བའི་གྲང་རག་བཙན་པོ་ཕུ་བོའི་སྙིང་ལ་ཕོག་གིན་ཡོད། །
དབྱར་ཟླ་དྲུག་པའི་ཆར་ཆུ་མོད་པོ་ཕུ་བོའི་ཁྲག་ལ་བསྲེ་བཞིན་ཡོད། །
འཁྱགས་ལྟོགས་སྡུག་པའི་མནར་གཅོད་དམར་པོ་ཕུ་བོའི་ལུས་ལ་རེག་བཞིན་ཡོད། །
དྲན་གདུང་སྐྱ་བོའི་མིག་ཆུ་རེ་རེ་ཕུ་བོའི་ཡིད་ལ་ལྷུང་བཞིན་ཡོད། །
 
རླུང་ནག་འཚུབ་མའི་འཇབ་རྒོལ་དྲག་པོ་སྙི་མོ་གདོང་གིས་བསུ་བཞིན་ཡོད། །
ཁ་ཆར་འདྲེས་མའི་ཟུག་གཟེར་ཚ་མོ་སེམས་ཀྱི་གཏིང་སར་འཛུལ་བཞིན་ཡོད། །
དུས་ཚིགས་བཞི་ཡི་རྡུང་རྡེག་རྒོད་པོ་དམར་པོ་སྙིང་གིས་འཇིབ་ཀྱིན་ཡོད། །
བདག་གི་ཕུ་བོའི་སྙིང་སྟོབས་ལྕགས་ཡིན་ལྕགས་ཀྱི་ཀ་བ་འགུལ་མེད་ཡིན། །
 
མཚན་ལམ་རིང་མོའི་སྨག་རུམ་ཁྲོད་ན་སྡུག་ཅན་གཅན་གཟན་མང་ཚོད་རེད། །
དབུས་ལམ་སྐྱ་བོའི་བཤུལ་ལམ་བར་ན་དམུ་རྒོད་ཇག་ཚོགས་ཡོད་རབས་འདུག།
བདག་སེམས་དམར་པོའི་རླབས་སྒྲའི་བར་ན་ན་ཟུག་ཁྲག་དམར་འཕྱོ་བཞིན་འདུག།
ཕུ་བོ་དྲན་པའི་ཡིད་སེམས་དམར་པོ་སུ་ལ་ཞུས་ཀྱང་གོ་ཚོད་མེད། །
 
བདག་གི་ཕུ་བོའི་ལྷག་བསམ་གསེར་ཡིན་གསེར་གྱི་རིལ་བུ་བཙོ་མ་ཡིན། །
བདག་གི་ཕུ་བོའི་སྙིང་རུས་རྡོ་ཡིན་སྲ་མཁྲེགས་རྡོ་ཡི་རང་བཞིན་ཡོད། །
བདག་གི་ཕུ་བོའི་སྙིང་སྟོབས་མེ་ཡིན་མེ་ཡི་ཚ་རླབས་འཕྱུར་བཞིན་ཡོད། །
བདག་གི་ཕུ་བོར་ཇོ་བོས་སྤྱན་གྱིས་གཡོ་མེད་རྟག་ཏུ་གཟིགས་རོགས་ཀྱེ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།