དགུན་ཟླ་འདིར་ང་ལའང་སློག་པ་ཞིག་མཁོ།


མི་ཚོགས་ཀྱི་དངངས་སྐྲག་དང་སེམས་འཚབ་ཀྱི་བར་ནས།
ལྷག་རླུང་གིས་འོ་དོད་བྱེད་པའི་དགུན་ཟླ་ཚེས་བྱུང་།
སྦྲ་ནག་གི་ཁ་ཚབ་ལས་འཕོས་པའི་གྲང་ངར་གྱི་ཕོ་ཉ།
འོང་བའི་མེ་ཕུང་གིས་ཀྱང་འཇོམས་མ་ནུས་པའི་གཤེད་མ་ཞིག
 
ཡ་ཕུགས་སུ་འགྱིང་བའི་ལྷ་རྟེན་མཆོད་གསུམ་དེ།
འོད་ཐིག་ལམ་ལམ་གྱིས་མཆེད་པའི་སྒྲོན་མེ་སེར་བོ།
ཡིག་དྲུག་གི་འཁོར་ལོ་དང་བཀའ་བསྟན་གྱི་གླེགས་བམ།
མེས་པོ་ཚོའི་རུས་རྐང་ལ་ཟུག་པའི་མ་ཎིའི་དབྱངས་རྟ།
ཉེན་ཁའི་གནས་སུ་རང་ཉིད་སྐྱོབ་བྱེད་ཀྱི་མཚོན་སྲུང་རེ་རེ།
 
ཡུལ་མི་ཚོའི་སེམས་སུ་ཆེས་དྭངས་གཙང་དུ་འདོད་ཅིང་།
མ་གཞི་ནས་དྭངས་གཙང་ཡིན་འོས་པའི་ཁ་བའི་ལོ་མ།
དགུན་གཞུང་གི་སྡིངས་ཆ་ལས་འུར་གྱིས་འཁྱིལ་དུས།
ཡོད་ཚད་ལ་ཡིད་ཆེས་དང་བློ་གཏད་བྱེད་ཐབས་བྲལ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཟླ་འདིར་ང་ལའང་སློག་པ་ཞིག་མཁོ།

2012-04-20 སྨག་འཇོམས། ཀློག་གྲངས། མཆན ཡོད།


མི་ཚོགས་ཀྱི་དངངས་སྐྲག་དང་སེམས་འཚབ་ཀྱི་བར་ནས།
ལྷག་རླུང་གིས་འོ་དོད་བྱེད་པའི་དགུན་ཟླ་ཚེས་བྱུང་།
སྦྲ་ནག་གི་ཁ་ཚབ་ལས་འཕོས་པའི་གྲང་ངར་གྱི་ཕོ་ཉ།
འོང་བའི་མེ་ཕུང་གིས་ཀྱང་འཇོམས་མ་ནུས་པའི་གཤེད་མ་ཞིག
 
ཡ་ཕུགས་སུ་འགྱིང་བའི་ལྷ་རྟེན་མཆོད་གསུམ་དེ།
འོད་ཐིག་ལམ་ལམ་གྱིས་མཆེད་པའི་སྒྲོན་མེ་སེར་བོ།
ཡིག་དྲུག་གི་འཁོར་ལོ་དང་བཀའ་བསྟན་གྱི་གླེགས་བམ།
མེས་པོ་ཚོའི་རུས་རྐང་ལ་ཟུག་པའི་མ་ཎིའི་དབྱངས་རྟ།
ཉེན་ཁའི་གནས་སུ་རང་ཉིད་སྐྱོབ་བྱེད་ཀྱི་མཚོན་སྲུང་རེ་རེ།
 
ཡུལ་མི་ཚོའི་སེམས་སུ་ཆེས་དྭངས་གཙང་དུ་འདོད་ཅིང་།
མ་གཞི་ནས་དྭངས་གཙང་ཡིན་འོས་པའི་ཁ་བའི་ལོ་མ།
དགུན་གཞུང་གི་སྡིངས་ཆ་ལས་འུར་གྱིས་འཁྱིལ་དུས།
ཡོད་ཚད་ལ་ཡིད་ཆེས་དང་བློ་གཏད་བྱེད་ཐབས་བྲལ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།