བརྩེ་བ་དམར་འབྱར་མ།

          ༡
མི་དེ་འཛུམ་གྱིས་གད་པའི་པདྨའོ།།
མི་དེ་ཟེའུ་འབྲུ་ཁུར་བའི་པདྨའོ།།
མི་དེ་ས་རུ་ལྷུང་བའི་ཟླ་བའོ།།
མི་དེ་མཛེས་མར་སྤྲུལ་བའི་ཟླ་བའོ།།
མི་དེ་ང་ཡི་སེམས་ཀྱི་ལྷ་མོའོ།།
མི་དེ་ང་ཡི་ལག་གི་ནོར་བུའོ།།
 
ང་ལ་མི་དེ་མེད་ན་མི་ཆོག་གོ།
གལ་ཏེ་ཆོག་དུས་སྐྱེ་བ་ཕྱི་མའོ།།
ང་ནི་མི་དེར་མི་དགའ་མི་སྲིད་དོ།།
གལ་ཏེ་སྲིད་ན་སྐྱེ་བ་ཕྱི་མའོ།།
ང་ཡིས་མི་དེ་བོར་ནས་མི་འགྲོའོ།།
གལ་ཏེ་འགྲོ་ན་སྐྱེ་བ་ཕྱི་མའོ།།
 
བརྩེ་བ་འཇའ་རུ་ཡལ་བའི་དཔེ་མེད་དོ།།
གལ་ཏེ་ཡོད་ན་དེ་ནི་རྨི་ལམ་མོ།།
དུངས་བ་རྡོ་རུ་རྡེབ་པའི་དཔེ་མེད་དོ།།
གལ་ཏེ་ཡོད་ན་དེ་ནི་རྨི་ལམ་མོ།།
གསང་གཏམ་རླུང་ལ་སྐུར་བའི་དཔེ་མེད་དོ།།
གལ་ཏེ་ཡོད་ན་དེ་ནི་རྨི་ལམ་མོ།།
 
མྱི་སེམས་སྤུ་གྲི་ཡིན་པ་ཤེས་མོད་དེ།།
བརྩེ་འདང་རྣོ་ཐག་ཡིན་པས་དོགས་ཟོན་མེད།།
མྱི་ཁ་མེ་དབལ་ཡིན་པ་རྟོགས་མོད་དེ།།
དམ་ཚིག་ཕ་ལམ་ཡིན་པས་སྐྲག་སྣང་མེད།།
འཁོར་བ་ཟང་ཟིང་ཡིན་པ་ངེས་མོད་དེ།།
རྩེད་རོགས་ལྷ་མོ་ཡིན་པས་བློ་འགྱོད་མེད།།
 
         ༢
གཙང་བོ་སྔོན་མོའི་བཞུར་རྒྱུན་དཔེར་བླངས་ནས།།
སྙིང་གཏམ་མུ་རུ་མཐུད་དེ་འབབ་ཆགས་ཡིན།།
མཚོ་ཁའི་ངང་དཀར་གཉིས་ལ་དཔེར་བླངས་ནས།།
སྐྱིད་སྡུག་མུ་རུ་མཐུད་དེ་གཤིབས་ཆགས་ཡིན།།
བྲག་རི་གཟར་མོའི་བབས་ལ་དཔེར་བླངས་ནས།།
བརྩེ་འདང་མུ་རུ་མཐུད་དེ་བརྟན་ཆགས་ཡིན།།
 
ཡིད་ངོར་ལྷུང་བའི་ཁ་བ་ལེབ་མོ་དེ།།
བྱམས་པའི་དུངས་སེམས་ཡིན་པས་ཞུ་རྒྱུ་མེད།།
སེམས་སུ་སྦྲུམ་པའི་གེ་སར་ཆུང་ཆུང་དེ།།
བྱམས་པའི་བརྩེ་འཛུམ་ཡིན་པས་བོར་རྒྱུ་མེད།།
དུངས་བ་ཁྱེར་བའི་ཡིད་ཀྱི་ཆོམ་པོ་དེ།།
བྱམས་པའི་ཟུར་མིག་ཡིན་པས་བརྗེད་རྒྱུ་མེད།།
 
མ་ཕམ་གཡུ་མཚོ་བསྐམ་པའི་དཔེ་མེད་ན།།
ང་དང་ཁོ་མོའི་བརྩེ་བ་ཐག་མི་སྲིད།།
རྨ་རྒྱལ་བོམ་ར་འགྱེལ་བའི་དཔེ་མེད་ན།།
ང་དང་ཁོ་མོའི་དུངས་བ་ཆག་མི་སྲིད།།
མཁའ་ཡི་ཉི་ཟླ་ལྷུང་བའི་དཔེ་མེད་ན།།
ང་དང་ཁོ་མོའི་བར་ཐག་རིང་མི་སྲིད།།
 
གནམ་གྱི་རྒྱལ་མོས་ལས་དབང་སྒྱུར་ནུས་ན།།
ང་དང་བྱམས་པ་ལྷན་དུ་འཛོམ་པར་གྱིས།།
ལྷ་དང་ལྷ་མོས་བྱིན་རླབས་སྩོལ་ཐུབ་ན།།
ང་དང་བྱམས་པའི་བར་ཆད་སེལ་བར་གྱིས།།
འདང་ཆེན་ཕུ་ནུས་མཐུན་སྦྱོར་གནང་སྲིད་ན།།
ང་དང་བྱམས་པར་ཤིས་སྨོན་ཡོད་པར་གྱིས།།
 
          ༣
ཡིད་ལ་འགྲོ་བའི་མེ་ཏོག་རྐང་གཅིག་དེ།།
དུངས་བའི་གླིང་ཀར་འབབ་པའི་ཁྱོད་ཡིན་ནོ།།
སེམས་ལ་འཚེར་བའི་སྐར་མ་གོར་གོར་དེ།།
དོ་ནུབ་རྨི་ལམ་ནང་གི་ཁྱོད་ཡིན་ནོ།།
དུངས་སེམས་རྐུ་བའི་ཡིད་འཕྲོག་ལྷ་མོ་དེ།།
ཁོ་བོའི་ཡོད་ཚད་ཕུལ་བའི་ཁྱོད་ཡིན་ནོ།།
 
ཁྱོད་ཀྱི་གླུ་སྐད་སྨྱུག་མའི་གླིང་བུ་འདྲ།།
ཁོ་བོས་མ་གཏོགས་གཞན་གྱིས་ཐོས་མི་ཆོག།
ཁྱོད་ཀྱི་འཛུམ་ཆུང་གེ་སར་གཞོན་ནུ་འདྲ།།
ཁོ་བོས་མ་གཏོགས་གཞན་གྱིས་མཐོང་མི་ཆོག།
ཁྱོད་ཀྱི་དུངས་སེམས་མར་དཀར་རིལ་བུ་འདྲ།།
ཁོ་བོས་མ་གཏོགས་གཞན་གྱིས་མྱོང་མི་ཆོག།
 
གངས་འཁྱག་ཀློང་དུ་ཁྱོད་ཀྱི་རྗེས་ཡོད་ན།།
ཁོ་བོ་རྐང་རྗེན་ཡིན་ཡང་འགྲོ་བར་ནུས།།
རྩེ་མཐོ་རི་བོའི་རྒྱབ་ཏུ་ཁྱེད་ཡོད་ན།།
མུན་ནག་མདུན་དུ་ཡོད་ཀྱང་སྐྲག་སྣང་མེད།།
རྨ་ཆུའི་ཕ་ག་ཁྱོད་ཀྱི་ཡུལ་ཡིན་ན།།
ཀོ་གྲུ་ལེབ་མོ་མེད་ཀྱང་བརྒལ་འདོད་ཡོད།།
 
བྱེ་མའི་ལ་ཆེན་རྐང་བས་གཞལ་དགོས་ཀྱང་།།
ཁྱོད་ཀྱི་ཆེད་དུ་ངལ་བ་ཐོད་ལེན་ཐུབ།།
རུ་སྡེ་ཁྲ་མོའི་འཕྱ་སྨོད་མྱོང་དགོས་ཀྱང་།།
ཁྱོད་ཉིད་ཐོབ་ན་སེམས་པའི་མགུ་ཁ་གང་།།
ས་མཐའི་ལམ་བུ་བདམས་ནས་ཕྱིན་དགོས་ཀྱང་།།
ཚེ་འདིའི་སྐྱ་ཡ་ཁྱོད་མིན་འཚོལ་འདོད་མེད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་དམར་འབྱར་མ།

2012-04-19 ཞོགས་རླུང་། ཀློག་གྲངས། མཆན ཡོད།

          ༡
མི་དེ་འཛུམ་གྱིས་གད་པའི་པདྨའོ།།
མི་དེ་ཟེའུ་འབྲུ་ཁུར་བའི་པདྨའོ།།
མི་དེ་ས་རུ་ལྷུང་བའི་ཟླ་བའོ།།
མི་དེ་མཛེས་མར་སྤྲུལ་བའི་ཟླ་བའོ།།
མི་དེ་ང་ཡི་སེམས་ཀྱི་ལྷ་མོའོ།།
མི་དེ་ང་ཡི་ལག་གི་ནོར་བུའོ།།
 
ང་ལ་མི་དེ་མེད་ན་མི་ཆོག་གོ།
གལ་ཏེ་ཆོག་དུས་སྐྱེ་བ་ཕྱི་མའོ།།
ང་ནི་མི་དེར་མི་དགའ་མི་སྲིད་དོ།།
གལ་ཏེ་སྲིད་ན་སྐྱེ་བ་ཕྱི་མའོ།།
ང་ཡིས་མི་དེ་བོར་ནས་མི་འགྲོའོ།།
གལ་ཏེ་འགྲོ་ན་སྐྱེ་བ་ཕྱི་མའོ།།
 
བརྩེ་བ་འཇའ་རུ་ཡལ་བའི་དཔེ་མེད་དོ།།
གལ་ཏེ་ཡོད་ན་དེ་ནི་རྨི་ལམ་མོ།།
དུངས་བ་རྡོ་རུ་རྡེབ་པའི་དཔེ་མེད་དོ།།
གལ་ཏེ་ཡོད་ན་དེ་ནི་རྨི་ལམ་མོ།།
གསང་གཏམ་རླུང་ལ་སྐུར་བའི་དཔེ་མེད་དོ།།
གལ་ཏེ་ཡོད་ན་དེ་ནི་རྨི་ལམ་མོ།།
 
མྱི་སེམས་སྤུ་གྲི་ཡིན་པ་ཤེས་མོད་དེ།།
བརྩེ་འདང་རྣོ་ཐག་ཡིན་པས་དོགས་ཟོན་མེད།།
མྱི་ཁ་མེ་དབལ་ཡིན་པ་རྟོགས་མོད་དེ།།
དམ་ཚིག་ཕ་ལམ་ཡིན་པས་སྐྲག་སྣང་མེད།།
འཁོར་བ་ཟང་ཟིང་ཡིན་པ་ངེས་མོད་དེ།།
རྩེད་རོགས་ལྷ་མོ་ཡིན་པས་བློ་འགྱོད་མེད།།
 
         ༢
གཙང་བོ་སྔོན་མོའི་བཞུར་རྒྱུན་དཔེར་བླངས་ནས།།
སྙིང་གཏམ་མུ་རུ་མཐུད་དེ་འབབ་ཆགས་ཡིན།།
མཚོ་ཁའི་ངང་དཀར་གཉིས་ལ་དཔེར་བླངས་ནས།།
སྐྱིད་སྡུག་མུ་རུ་མཐུད་དེ་གཤིབས་ཆགས་ཡིན།།
བྲག་རི་གཟར་མོའི་བབས་ལ་དཔེར་བླངས་ནས།།
བརྩེ་འདང་མུ་རུ་མཐུད་དེ་བརྟན་ཆགས་ཡིན།།
 
ཡིད་ངོར་ལྷུང་བའི་ཁ་བ་ལེབ་མོ་དེ།།
བྱམས་པའི་དུངས་སེམས་ཡིན་པས་ཞུ་རྒྱུ་མེད།།
སེམས་སུ་སྦྲུམ་པའི་གེ་སར་ཆུང་ཆུང་དེ།།
བྱམས་པའི་བརྩེ་འཛུམ་ཡིན་པས་བོར་རྒྱུ་མེད།།
དུངས་བ་ཁྱེར་བའི་ཡིད་ཀྱི་ཆོམ་པོ་དེ།།
བྱམས་པའི་ཟུར་མིག་ཡིན་པས་བརྗེད་རྒྱུ་མེད།།
 
མ་ཕམ་གཡུ་མཚོ་བསྐམ་པའི་དཔེ་མེད་ན།།
ང་དང་ཁོ་མོའི་བརྩེ་བ་ཐག་མི་སྲིད།།
རྨ་རྒྱལ་བོམ་ར་འགྱེལ་བའི་དཔེ་མེད་ན།།
ང་དང་ཁོ་མོའི་དུངས་བ་ཆག་མི་སྲིད།།
མཁའ་ཡི་ཉི་ཟླ་ལྷུང་བའི་དཔེ་མེད་ན།།
ང་དང་ཁོ་མོའི་བར་ཐག་རིང་མི་སྲིད།།
 
གནམ་གྱི་རྒྱལ་མོས་ལས་དབང་སྒྱུར་ནུས་ན།།
ང་དང་བྱམས་པ་ལྷན་དུ་འཛོམ་པར་གྱིས།།
ལྷ་དང་ལྷ་མོས་བྱིན་རླབས་སྩོལ་ཐུབ་ན།།
ང་དང་བྱམས་པའི་བར་ཆད་སེལ་བར་གྱིས།།
འདང་ཆེན་ཕུ་ནུས་མཐུན་སྦྱོར་གནང་སྲིད་ན།།
ང་དང་བྱམས་པར་ཤིས་སྨོན་ཡོད་པར་གྱིས།།
 
          ༣
ཡིད་ལ་འགྲོ་བའི་མེ་ཏོག་རྐང་གཅིག་དེ།།
དུངས་བའི་གླིང་ཀར་འབབ་པའི་ཁྱོད་ཡིན་ནོ།།
སེམས་ལ་འཚེར་བའི་སྐར་མ་གོར་གོར་དེ།།
དོ་ནུབ་རྨི་ལམ་ནང་གི་ཁྱོད་ཡིན་ནོ།།
དུངས་སེམས་རྐུ་བའི་ཡིད་འཕྲོག་ལྷ་མོ་དེ།།
ཁོ་བོའི་ཡོད་ཚད་ཕུལ་བའི་ཁྱོད་ཡིན་ནོ།།
 
ཁྱོད་ཀྱི་གླུ་སྐད་སྨྱུག་མའི་གླིང་བུ་འདྲ།།
ཁོ་བོས་མ་གཏོགས་གཞན་གྱིས་ཐོས་མི་ཆོག།
ཁྱོད་ཀྱི་འཛུམ་ཆུང་གེ་སར་གཞོན་ནུ་འདྲ།།
ཁོ་བོས་མ་གཏོགས་གཞན་གྱིས་མཐོང་མི་ཆོག།
ཁྱོད་ཀྱི་དུངས་སེམས་མར་དཀར་རིལ་བུ་འདྲ།།
ཁོ་བོས་མ་གཏོགས་གཞན་གྱིས་མྱོང་མི་ཆོག།
 
གངས་འཁྱག་ཀློང་དུ་ཁྱོད་ཀྱི་རྗེས་ཡོད་ན།།
ཁོ་བོ་རྐང་རྗེན་ཡིན་ཡང་འགྲོ་བར་ནུས།།
རྩེ་མཐོ་རི་བོའི་རྒྱབ་ཏུ་ཁྱེད་ཡོད་ན།།
མུན་ནག་མདུན་དུ་ཡོད་ཀྱང་སྐྲག་སྣང་མེད།།
རྨ་ཆུའི་ཕ་ག་ཁྱོད་ཀྱི་ཡུལ་ཡིན་ན།།
ཀོ་གྲུ་ལེབ་མོ་མེད་ཀྱང་བརྒལ་འདོད་ཡོད།།
 
བྱེ་མའི་ལ་ཆེན་རྐང་བས་གཞལ་དགོས་ཀྱང་།།
ཁྱོད་ཀྱི་ཆེད་དུ་ངལ་བ་ཐོད་ལེན་ཐུབ།།
རུ་སྡེ་ཁྲ་མོའི་འཕྱ་སྨོད་མྱོང་དགོས་ཀྱང་།།
ཁྱོད་ཉིད་ཐོབ་ན་སེམས་པའི་མགུ་ཁ་གང་།།
ས་མཐའི་ལམ་བུ་བདམས་ནས་ཕྱིན་དགོས་ཀྱང་།།
ཚེ་འདིའི་སྐྱ་ཡ་ཁྱོད་མིན་འཚོལ་འདོད་མེད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།