སློང་མོ་བ་ཞིག་གི་སྣང་བརྙན་མཐོང་རྗེས།

དག་པ་མཁའ་སྤྱོད་ཀྱི་ཞིང་ན་ཏིང་འཛིན་སྒོམ་པའི།།
འགྲོ་བའི་བདེ་སྡུག་གི་དེད་དཔོན་ཤཀྱཱའི་སྲས་པོ།།
མཛེས་པའི་ཏིང་འཛིན་ལ་བར་ཆད་མེད་པའི་སྒོ་ནས།།
འགྲོ་བ་ཉམ་ཆུང་འདིར་ཐུགས་རྗེས་སྤྱན་གྱིས་གཟིགས་ཤིག།
 
ལུས་རྟེན་ཆ་ཚང་ཤིག་གང་ལྟར་ཁོ་ལ་མེད་ཀི།།
རྐང་བ་ཡ་གཅིག་དེ་ཕལ་ཆེར་རྩ་ན་མི་འདུག།
ལག་པ་ཟུང་ལྡན་ཡང་ཡལ་འདབ་བ་མོས་བཅོམ་འདྲ།།
ལྟོ་བ་ཕྱིར་ལུག་གི་རྣམ་པ་ན་སྐོང་སྦལ་བ།།
 
འགྲོ་ན་ལག་ཟུང་ལ་རྟེན་ནས་མདུན་ལ་ནུར་དགོས།།
ལུས་རྟེན་ཟླུམ་པོ་དེ་ཤུགས་དང་རྩལ་གྱིས་འདྲུད་དགོས།།
གྱོན་གོས་ཧྲལ་ཧྲུལ་ཞིག་རླུང་བུས་ལྷབ་ལྷུབ་སྐྱོད་ཀྱིན།།
མི་ཚོགས་འཐབ་ས་རུ་རྒོད་པོའི་གཤོག་ཟུང་ཆད་འདྲ།།
 
ཕྱི་ཡི་ཧྲལ་གོས་ལ་ཙག་དང་བསེར་བུས་རྒོལ་གྱིན།།
ནང་གི་བཟོད་བསྲན་ལ་བཀྲེས་དང་སྐོམ་གྱིས་གདུང་གིན།།
མི་ཡི་འདུ་འགོད་ལ་སྨོན་པ་ཡང་ཡང་ཤོར་ནས།།
རེ་བའི་ཟས་ལྷག་ལ་མིག་ཟུང་མཆི་མས་གཤེར་འདུག།
 
ཡར་འགྲོ་ཁྲི་སྟོང་གི་མིག་གི་དཔྱིད་དུ་མ་ཤར།།
མར་འགྲོ་བརྒྱ་སྟོང་གི་སྙིང་རྗེའི་རྩི་ཡིས་མ་རེག།
རྡོ་གཅལ་ས་འཐས་ལ་ལྟོ་བའི་གཞོགས་གཅིག་གླན་ནས།།
མ་མགལ་སོ་བཏབ་ཀྱི་མི་གཟུགས་ཉམ་ཐག་སྙིང་རྗེ།།
 
མི་བུ་མཐོང་ཚད་ལ་གུས་པའི་མགོ་བོ་དུད་ཞིང་།།
ཁ་ནས་སྨོན་ཚིག་དང་ལག་པའི་ཕྱག་རྒྱ་གཉིས་ཀྱིས།།
བསླངས་པའི་ཟས་སྒོར་ལ་གུས་ཕྱག་ཡང་ཡང་འབུལ་གྱིན།།
ཁྱེད་ཀྱི་འདོད་འདུན་བཞིན་བསམ་དོན་འགྲུབ་པར་སྨོན་ཟེར།།
 
མགོ་ཡི་སྐྲ་ལོ་ཀུན་ས་དང་རྡུལ་གྱི་མཁར་རྫོང་།།
གདོང་གི་གཉེར་མ་རུ་དངུལ་ཆུ་ལམ་ལམ་འཛར་བཞིན།།
སྐྱོ་བའི་དབུགས་རྒྱུན་ལ་ཨུ་ཤུ་རྒྱུན་མར་འཁོར་གྱིན།།
འཆི་བའི་ལོག་ཕེབས་ལ་མཛེས་པའི་རེ་སྒུག་བྱས་འདུག།
 
ཞོགས་ཀའི་རྨི་ལམ་ལ་མཛེས་སྡུག་ཅི་ཞིག་སྒོམ་དགོས།།
མི་ཚེའི་འཕྲང་རིང་འདི་ལུས་ཀྱིས་ཇི་ལྟར་འཇལ་དགོས།།
ལང་མ་གོག་ནུར་གྱི་མི་ཚེ་ཉི་མར་ལྡེས་ནས།།
སྲོད་ཁའི་གྲིབ་རིས་ལ་སྐྱེལ་མའི་མིག་མདངས་བགྲད་འདུག།
 
སྙིང་གཏམ་བརྗོད་འདོད་ཀྱང་ཚེ་གཅིག་གཏན་གྲོགས་མི་འདུག།
སྐྱོ་བ་བསྙད་འདོད་ཀྱང་ལན་གཅིག་ཕ་མ་མི་འདུག།
གྲོགས་ལ་རེ་འདོད་ཀྱང་གཉེན་ཉེ་སྤུན་ཟླས་མི་རིག།
གྲོགས་མེད་ཁེར་རྐྱང་འདི་འཆི་བདག་གིས་ཀྱང་མ་མཐོང་།།
 
སེམས་པ་དམར་ལྗིན་ཞིག་རྡོ་བའི་ངོས་ལ་སྦྱར་ནས།།
འཚོ་བའི་ཐབས་ཙམ་ལ་ད་དུང་འབད་པ་བགྱི་བས།།
སྐྱོ་བའི་གདུང་བ་ཞིག་ཆུ་ཡི་གཟུགས་སུ་ལུད་བྱུང་།།
སེམས་ཀྱི་ན་ཟུག་ཞིག་རུས་པའི་གཏིང་ནས་འགུལ་བྱུང་།།
 
བྱས་པའི་ནག་ཉེས་ལ་རྣམ་སྨིན་འཁོར་བ་བདེན་ཡང་།།
མྱང་བའི་མནར་གཅོད་ལ་ཐུབ་པས་ཚད་ཅིག་བཟུང་ནས།།
འཆི་བ་འཇའ་ཚོན་གྱི་རྨུ་ཐག་ཁོ་ལ་དཔྱངས་ནས།།
ཐར་བ་བདེ་ཐོབ་ཀྱི་སྙིང་རྗེའི་ལམ་ཞིག་སྟོན་རོགས།།
 
        ༢༠༡༡ ༡༡ ༡༠ཉིན་ཧང་ཀྲིག་གྲོང་ཁྱེར་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློང་མོ་བ་ཞིག་གི་སྣང་བརྙན་མཐོང་རྗེས།

2012-04-19 དཀར་དམར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།