སློབ་མ་སྐྱོང་བའི་ཐབས་ཀྱི་མཆོག ཚིགས་སུ་བཅད་པ་རྩ་ལྔ་བ།

བསོད་ཚེ།༼དིང་རི༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-15

  དུས་ཀྱི་རྟ་པོའི་བང་རྩལ་ཆེས་མྱུར་བས།།ཡུད་ཙམ་སེམས་ཀྱི་སྣང་བ་ཙམ་ཞིག་ལ།།ང་རང་སློབ་གསོའི་བྱ་བར་བཞུགས་ནས་ནི།།མི་ལོ་ཧྲིལ་པོ་ལྔ་ཙམ་འདས་ནས་འདུག
འདས་ཟིན་ལོ་ཟླར་ཕྱིར་མིག་བལྟས་པའི་ཚེ།།ཧ་ལས་ཧང་སང་གྲུབ་འབྲས་ཐོབ་མེད་མོད།།སློབ་འཁྲིད་བྱ་བའི་འཐབ་ས་དང་པོ་ནས།།དོན་དངོས་ཉམས་མྱོང་མི་ཉུང་བདག་ལ་ཡོད།།ད་ཐེངས་མཆོད་མེ་རྩོམ་རིག་དྲ་བ་ལས།།རང་མཉམ་བོད་ཀྱི་དགེ་གྲོགས་རྣམས་པ་ཚོར།།རང་གི་མྱོང་ཚོར་དང་ནི་བསམ་ཚུལ་འགའ།།ཚིགས་སུ་བཅད་ནས་མདོར་ཙམ་གླེང་འདོད་བྱུང་།།གོ་བདེའི་ཚིག་དང་བསྡུས་པའི་དོན་ཐོག་ནས།།སློབ་གསོ་སློབ་ཁྲིད་ཉམས་མྱོང་གླེང་བ་འདིར།།སློབ་མ་སྐྱོང་བའི་ཐབས་ཀྱི་མཆོག་གྱུར་པ།།ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔར་འབོད།།མ་བསླབ་མཁས་པ་མི་ཡོང་ཟེར་བ་དང་།།བསླབས་ནས་མི་ཤེས་མི་ཡོང་དཔེ་ཇི་བཞིན།།སློབ་པའི་ཐབས་ཤེས་ང་ཚོར་ལྡན་གྱུར་ན།།ཤེས་པའི་རིག་པ་སློབ་མར་ཡོད་བདེན་རེད།།གཞན་ལ་ཕོར་གང་སྟེར་བའི་ལས་བྱེད་ན།།ཐོག་མར་རང་གི་ཁོག་མ་ཁེངས་པ་དགོས།།ཤེས་ལྡན་བུ་སློབ་སྐྱོང་བའི་དགེ་རྒན་ལ།།བལྟ་རྒྱ་མཐོང་རྒྱ་ཤེས་རྒྱ་ལོས་ཀྱང་མཁོ།།ཤེས་བྱ་ཡོན་ཏན་སྦྱོང་བའི་བརྒྱུད་རིམ་འདི།།ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་པ་བཞིན།།དེ་མ་ཉིད་དུ་འབྲས་བུ་ཐོན་དཀའ་བས།།ངང་རྒྱུད་རིང་པོས་གདུལ་བྱ་སྐྱོང་བར་བརྩོན།།སློབ་མ་ལས་ལྷག་ཤེས་ཡོན་ལྡན་དང་གཅིག  ཀུན་སྤྱོད་བཟང་པོས་མིག་དཔེ་འདོན་དང་གཉིས།།གཞན་ཕན་སེམས་ཀྱིས་རང་རྒྱུད་དུལ་དང་གསུམ།།ངེས་པ་དོན་གྱི་དགེ་རྒན་འདི་འདྲ་རེད།།གནའ་མིའི་གཏམ་དཔེ་བདེན་པའི་གཏན་ཚིགས་རེད།།མི་ཕོ་སུམ་ཅུར་བསམ་བློ་སུམ་ཅུ་དང་།།མཛོ་མོ་སུམ་ཅུར་རྭ་ཅོ་དྲུག་བཅུ་བཞིན།།སློབ་ཕྲུག་སོ་སོར་རང་རང་མི་གཤིས་ཡོད།།སློབ་མའི་རྒྱུད་ལ་ཤེས་ཡོན་སྤྲོད་བསམ་ན།།གང་དེའི་གཤིས་ལ་རྒྱུས་མངའ་ལོས་ཀྱང་དགོས།།དེ་འདྲ་བྱུང་ན་འབེན་ལ་མདའ་མོ་བཞིན།།མ་བྱུང་ན་ནི་རྒྱ་མཚོར་རྡོ་གཡུག་འདྲ།།གང་ལ་དེ་འཚམ་སློབ་གསོ་གཏོང་བ་དེ།།སློབ་གསོར་ཕན་འབྲས་ཐོན་པའི་གནད་འགག་རེད།།ཉ་ཉུང་མཉམ་བསྲེས་སྤྱི་སྡོམ་བྱས་པ་ལ།།ཡར་ཐོན་འབྲས་བུ་ལོན་པ་ཤིན་ཏུ་དཀའ།།འགའ་རེ་འཇམ་པོས་བཏུལ་ན་བཟང་མོད་ཀྱང་།།ཁ་ཅིག་རྩུབ་པོས་གཅུན་ན་བཟང་རབས་འདུག ། ལ་ལར་བསྟོད་པ་བྱས་ན་ཕན་འབྲས་ཆེ།།ཁ་ཤས་ས་ལ་མི་སྨད་ཐབས་མེད་རེད།།འཇམ་པོས་འཇམ་པོ་བཏུལ་བ་ཙམ་མ་ཟད།།འཇམ་པོས་རྩུབ་པོའང་བཏུལ་བར་ནུས་ཙ་ན།།རང་ལ་རེ་བ་ནན་ཙམ་བྱས་ནས་ནི།།འཇམ་པོས་བཏུལ་བ་ཐབས་ཀྱི་མཆོག་ཏུ་འབོད།།དགེ་རྒན་མཐོན་པོའི་ཁྲི་ལ་འགྱིངས་བ་དང་།།སློབ་མ་དམའ་པོའི་སྟན་ལ་བཞག་ནས་ནི།།བཀའ་ཆོས་ལྟ་བུའི་སློབ་འཁྲིད་བྱེད་པ་ལ།།ལས་ཀྱི་བྱས་འབྲས་ཐོབ་པ་དཀའ་ཙམ་གདའ།།དགེ་སློབ་གྲོགས་པོའི་ངང་ཚུལ་བྱས་པའི་ཐོག  འཇོག་འོས་བར་ཐག་གང་ཙམ་བཞག་ནས་ནི།།དགེ་སློབ་ཟུང་སྦྲེལ་སློབ་སྦྱོང་བྱས་གྱུར་ན།།བསམ་པའི་ཡུལ་ལས་འདས་པའི་དགེ་མཚན་འབྱུང་།།ལྟ་ལུགས་མཐོང་ལུགས་གནས་ལུགས་གང་རུང་བ།།དགེ་རྒན་ལྟ་བ་ཚད་མར་འཇོག་དོན་མེད།།དགེ་རྒན་ཁོ་ནས་ཚིག་ཐག་གཅོད་པ་ལས།།སློབ་མར་རང་ལྟ་སྨྲ་བའི་དབང་ཆ་སྤྲོད།།ཁྲོ་བའི་ཉམས་དང་རྔམ་པའི་རྣམ་འགྱུར་དང་།།ཡང་ན་འཚབ་འཚུབ་མིན་ན་ཉོབ་མདངས་ཀྱིས།།སློབ་ཁྲིད་བྱེད་པ་འདི་འདྲ་ག་ལ་བཟང་།།བཞད་གད་སྤྲོ་སྣང་ཁྲོད་ན་དགེ་མཚན་མང་།།རང་སྐྱོན་སྦས་ནས་གཞན་སྐྱོན་སེལ་བ་འདི།།རི་བོང་ཤོབ་ཏོའི་དཔེ་རུ་འགྲོ་སྲིད་ན།།གང་ཅིར་སློབ་མར་མིག་དཔེ་འདོན་གལ་ཆེ།།ཐ་མག་ཆང་རག་ཕྱོགས་ལ་དེ་བས་གཟབ།།གང་ཞིག་ངན་པའི་ཚིག་དང་ཚིག་རྩུབ་དང་།།དྲག་པོའི་ཐབས་ཀྱིས་སློབ་མ་བརྡུང་བྱེད་ན།།སློབ་མའི་གུས་བཀུར་ཐོབ་པ་ཕ་ལྟར་ཞོག  བསླབས་ལ་འབྲས་བུ་ཐོབ་པའང་ཁག་པོ་རེད།།ཆ་ལུགས་ཡ་མ་ཟུང་དུ་བྱེད་པ་དང་།།འཆལ་གཏམ་བཙོག་གཏམ་འུད་ཤོབ་སྨྲ་བ་སོགས།།བྱ་ལུགས་བྱེད་ལུགས་འགྲོ་ལུགས་ངན་པ་ཡིས།།སློབ་མ་ལོག་པའི་ལམ་དུ་འཁྲིད་ཉེན་ཆེ།།མགོ་འཁྲིད་མཐོ་སར་སྤྲེལ་ལད་ཤོད་ཚོད་གྱིས།།འདྲ་མཉམ་དགེ་གྲོགས་གོ་ས་རྩོད་མཚམས་འཇོག། ཁང་པ་མོ་ཊ་དགོངས་ནས་མ་བཞུགས་པར།།ཉམ་ཐག་སློབ་བུའི་བདེ་སྡུག་ཐུགས་ལ་ཟུངས།།ཕ་ཡུལ་གངས་ལྗོངས་དར་རྒུད་ཅི་ཡོང་གི།  འགག་རྩ་སློབ་གསོའི་བྱ་བར་ཐུག་ཡོད་དེ།།སློབ་གསོའི་བྱ་བའི་ཡག་ཉེས་བཟང་ངན་ཡང་།།ང་ཚོ་དགེ་རྒན་རྣམས་ལ་བལྟ་རྒྱུ་རེད།།ཐོབ་དང་གོ་ས་མཚན་དང་སྙན་གྲགས་དང་།།རྒྱུ་དང་དབང་དང་རྫིག་ཉམས་ཆེ་འདོད་སོགས།།གང་ཡང་མེད་པའི་དགེ་རྒན་མཉོམ་ཆུང་ཚོགས།།གནམ་སའི་བར་གྱི་མཛེས་རྒྱན་དང་པོ་རེད།།མ་རིག་མུན་སེལ་རྨོངས་འཇོམས་སྒྲོན་མེ་དང་།།ཕ་མ་གཉིས་པ་རྣམ་ཤེས་བཟོ་སྐྲུན་པ།།ལོང་བའི་མིག་ཕྱེ་ལྐུགས་པའི་ངག་འཁྲོལ་སོགས།།ཆེ་བརྗོད་ཡོད་ཚད་ངེད་ལ་མི་འཚམ་མེད།།བསམ་ཚད་ཤེས་ཚད་མྱོང་བ་ཡོད་དོ་ཅོག།  དྲ་རྩོམ་ཡིན་ཁུལ་ཚིགས་བཅད་རྩ་ལྔ་བརྒྱུད།།དགེ་གྲོགས་ཡོངས་ལ་གྲོས་སུ་འདེབས་པ་འདི།།རང་གཞན་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་མ་སྐྱོང་བའི་ཐབས་ཀྱི་མཆོག ཚིགས་སུ་བཅད་པ་རྩ་ལྔ་བ།

2012-04-15 བསོད་ཚེ།༼དིང་རི༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།