གྲོགས་ལ་སྤྲིངས་པའི་འཕྲིན།


ལས་འཕྲོ་ཉིད་ནི་སྤང་གི་འཇའ་ཚོན།།
ཇི་ལྟར་བཅར་ན་དེ་ལྟར་བཀྱེད་འགྲོ།།
འཁྲེན་པའི་སེམས་འདི་དུང་ཟླའི་རླབས་རིས།།
དུངས་པའི་འོད་ཞགས་པདྨར་འཐིམ་སོང་།།
 
མ་མཐོང་གྲོགས་པོ་ལོ་ཟླ་བརྩེགས་མ།།
འཁྲེང་བའི་སེམས་འདི་དེ་ཡི་རྒྱུན་མ།།
གདུང་བའི་སེམས་པ་ཟིན་ཐོར་བཀོད་པ།།
ད་ལྟ་མཐོང་ན་སྐྱོ་བའི་གཞི་མ།།
 
ཁ་པར་ལམ་ནས་ལན་འགར་མཇལ་བའི།།
སྐད་དེ་བསམ་ན་སེམས་ཀྱི་བདེ་བ།།
ཡིད་ཀྱི་འདུན་མ་འཕྲིན་ལ་བྲིས་པའི།།
སྐབས་དེ་དྲན་ན་གློ་བ་རངས་པ།།
 
མ་མཇལ་གྲོགས་དང་བྲལ་བའི་ལོ་ཟླ།།
མཛུབ་མོས་བགྲང་ན་ལོ་གྲངས་འཁྱོལ་འགྲོ།།
སེམས་ཀྱིས་དཔྱད་ན་ཁ་གྲངས་ནོར་འགྲོ།།
བརྒྱ་དང་བཞི་བཞི་ལོ་ངོ་བཅུ་གཉིས།།
 
གྲོགས་ཉིད་དྲན་དུས་སེམས་ཀྱི་སྨྲེང་བ།།
འདི་ཡིན་ཞེས་པའི་གདུང་བ་བཤད་ན།།
མཆི་མའི་རྒྱུན་ཐག་ཆུ་ཤེལ་ཕྲེང་བ།།
ལག་ནས་འཐོར་བའི་སྣང་ཚུལ་དངོས་མ།།
 
བདག་གི་སྣང་ངོར་མཛེས་པའི་མཐར་ཐུག།།
ཡིད་ཀྱི་རི་མོ་མེ་ཏོག་གད་འདྲ།།
སེམས་ཀྱི་འཇུ་ཐག་ཟླ་བ་ཚེས་འདྲ།།
དྲན་པའི་བློ་ན་མཚོ་མོ་གཡོས་འདྲ།།
 
ན་སོའི་སྤང་ལྗོངས་སྟོན་གྱིས་དེད་དེད།།
ལང་ཚོའི་ཟིལ་བ་བ་མོས་སྒུལ་སྒུལ།།
གཟུགས་གཞིའི་བཀོད་པ་རྟོགས་བཟོ་བྱས་ན།།
ཚོར་བའི་ལུས་ལ་ཁབ་ཀྱིས་གཙེས་འདྲ།།
 
ལོ་ཟླས་འགྲུལ་བཞུད་གློག་དམར་འཁྱུག་འཁྱུག།།
གདོང་གི་གཉེར་མ་ཟླ་གམ་བཟོས་འདྲ།།
ལུས་ཀྱི་རྒུད་པ་ཤིང་སྐམ་ལྟ་བུའི།།
ཉམས་འདི་མཐོང་ན་གྲོགས་ཀྱིས་བཟོད་དམ།།
 
ཁྱོད་ཉིད་མཚོན་པའི་འདྲ་པར་གཅིག་པོ།།
ལྷ་སའི་བར་བསྐོར་གླིང་ནས་ལུས་སོང་།།
ཁྱོད་དང་འབྲེལ་བའི་ཨང་གི་བཅུ་བོས།།
ཁྱོད་རང་བོར་ནས་ཡུན་རིང་འགོར་སོང་།།
 
སེམས་ཀྱི་འཛིན་པ་རྡོ་ལ་བརྐོས་འདྲ།།
མཛེས་པའི་མིག་ཟུང་སྦྲང་མས་འགུལ་འཕག།།
དམ་པའི་ཚེམས་ཕྲེང་ངང་མོ་བསྟར་འདྲ།།
འདི་དག་བསམ་ན་ཁ་སང་གྱེས་འདྲ།།
 
མཛེས་པའི་མདང་གི་རྨི་ལམ་ནང་ལ།།
གྲོགས་ལ་དངོས་སུ་མཇལ་བ་རྨིས་བྱུང་།།
ཤིན་ཏུ་ཤིན་ཏུ་མངོན་སུམ་ལྟ་བུས།།
མུ་ནས་མུ་རུ་དྲན་དགོས་བྱུང་སོང་།།
 
མི་ཚེའི་རྨི་ལམ་ཐོག་མ་འཚོལ་དུས།།
འཚོ་བའི་གྱ་གྱུའི་སྐས་རིམ་སྙེགས་དུས།།
ཀ་ཁའི་སྦྱོར་ཀློག་དབྱངས་ལ་འགུགས་དུས།།
གྲལ་མཚེར་གྱུར་བ་ལས་ཀྱི་བཀོད་པ།།
 
དུང་བའི་སེམས་པ་ཁྱེད་ལ་ཤོར་ཞིང་།།
དགའ་བའི་འདུན་པ་འཕྲིན་ལ་བྲིས་ནས།།
འཁྲེང་བའི་སེམས་འདི་དང་དུ་ལོངས་ཞེས།།
སྐྱེངས་པའི་མགོ་བོ་དང་གར་སྨད་བྱུང་།།
འཚོ་བའི་གོ་སྐྱ་མཉམ་དུ་ཟ་ཞོར།།
ཞེན་པའི་དཔུང་བ་ལྷན་དུ་གཤིབ་ནས།།
དཔེ་ཆའི་བར་ནས་ཡང་ཡང་མཇལ་བའི།།
གྲོགས་ཀྱི་དྭངས་མ་ཡིད་ཀྱི་འཆང་ཐག།།
 
གནའ་བའི་འདས་སོང་བཤད་ལ་ང་དགའ།།
མཚར་བའི་སྒྲུང་ལ་ཉན་པར་ཁྱོད་དགའ།།
ཁྱོད་རང་དགའ་ན་ང་ཡང་དེ་དགའ།།
ཁྱོད་རང་བགད་ན་བདག་ལ་དེ་མཛེས།།
 
ལས་ཀྱི་བཀོད་པ་རི་ངོས་རྦབ་རྡོ།།
འདི་ལ་ཟློག་ཐབས་ཁྱོན་ནས་མི་འདུག།།
ཚེ་ཡི་འདུན་མ་ཁྱོད་དང་གཏན་གྲོགས།།
དེའང་རྨང་ནས་འགྲུབ་ཐབས་མེད་ཀི།།
 
འཇིག་རྟེན་ཆེ་ན་ཆེ་ཚད་མི་ཟིན།།
ཁྱོད་རང་འཚོ་སའི་ཁ་ཕྱོགས་མི་རྙེད།།
འཇིག་རྟེན་ཆུང་ན་ཆུང་ཚད་མི་ཟིན།།
མི་འདོད་ལས་ལ་བཤོལ་ཐབས་མི་འདུག།།
 
ཁྱོད་ཀྱི་འཕྲིན་པ་ཕྱོགས་བསྒྲིགས་བྱས་ནས།།
སྒམ་ཆུང་གྲུ་བཞིར་ཉར་ཚགས་བྱས་ཡོད།།
ཁོམ་པའི་དུས་སུ་ལན་རེར་བཀླག་གིན།།
མི་ཁོམ་ནའང་སྐབས་རེར་རག་དགོས།།
 
ཁྱོད་ཀྱི་སྣང་བརྙན་མཐའ་དག་ཤར་བའི།།
ཁྱོད་ཀྱི་སྤྱོད་ཚུལ་ཡོད་ཚད་འཆར་བའི།།
ཡིད་ཀྱི་མེ་ལོང་དྭངས་མོའི་ངོས་ན།།
ཁྱོད་ཀྱི་རྡོག་སྒྲ་ད་དུང་ཐྲིག་ཐྲིག།།
 
ད་ལྟ་ཧམ་སེམས་གཞན་ནི་ཅང་མེད།།
ད་དུང་ལས་འཕྲོ་ཏོག་ཙམ་ཡོད་ན།།
ཡིད་ཙམ་གྲོགས་དང་ཕྲད་པ་བྱུང་ན།།
ཁམས་འདྲིའི་ལག་འཇུ་ཙམ་ལ་འཁྲེང་ཡོད།།
 
                                        ༢༠༡༢  ༤  ༡༡ཉིན།
 
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་ལ་སྤྲིངས་པའི་འཕྲིན།

2012-04-12 དཀར་དམར། ཀློག་གྲངས། མཆན ཡོད།


ལས་འཕྲོ་ཉིད་ནི་སྤང་གི་འཇའ་ཚོན།།
ཇི་ལྟར་བཅར་ན་དེ་ལྟར་བཀྱེད་འགྲོ།།
འཁྲེན་པའི་སེམས་འདི་དུང་ཟླའི་རླབས་རིས།།
དུངས་པའི་འོད་ཞགས་པདྨར་འཐིམ་སོང་།།
 
མ་མཐོང་གྲོགས་པོ་ལོ་ཟླ་བརྩེགས་མ།།
འཁྲེང་བའི་སེམས་འདི་དེ་ཡི་རྒྱུན་མ།།
གདུང་བའི་སེམས་པ་ཟིན་ཐོར་བཀོད་པ།།
ད་ལྟ་མཐོང་ན་སྐྱོ་བའི་གཞི་མ།།
 
ཁ་པར་ལམ་ནས་ལན་འགར་མཇལ་བའི།།
སྐད་དེ་བསམ་ན་སེམས་ཀྱི་བདེ་བ།།
ཡིད་ཀྱི་འདུན་མ་འཕྲིན་ལ་བྲིས་པའི།།
སྐབས་དེ་དྲན་ན་གློ་བ་རངས་པ།།
 
མ་མཇལ་གྲོགས་དང་བྲལ་བའི་ལོ་ཟླ།།
མཛུབ་མོས་བགྲང་ན་ལོ་གྲངས་འཁྱོལ་འགྲོ།།
སེམས་ཀྱིས་དཔྱད་ན་ཁ་གྲངས་ནོར་འགྲོ།།
བརྒྱ་དང་བཞི་བཞི་ལོ་ངོ་བཅུ་གཉིས།།
 
གྲོགས་ཉིད་དྲན་དུས་སེམས་ཀྱི་སྨྲེང་བ།།
འདི་ཡིན་ཞེས་པའི་གདུང་བ་བཤད་ན།།
མཆི་མའི་རྒྱུན་ཐག་ཆུ་ཤེལ་ཕྲེང་བ།།
ལག་ནས་འཐོར་བའི་སྣང་ཚུལ་དངོས་མ།།
 
བདག་གི་སྣང་ངོར་མཛེས་པའི་མཐར་ཐུག།།
ཡིད་ཀྱི་རི་མོ་མེ་ཏོག་གད་འདྲ།།
སེམས་ཀྱི་འཇུ་ཐག་ཟླ་བ་ཚེས་འདྲ།།
དྲན་པའི་བློ་ན་མཚོ་མོ་གཡོས་འདྲ།།
 
ན་སོའི་སྤང་ལྗོངས་སྟོན་གྱིས་དེད་དེད།།
ལང་ཚོའི་ཟིལ་བ་བ་མོས་སྒུལ་སྒུལ།།
གཟུགས་གཞིའི་བཀོད་པ་རྟོགས་བཟོ་བྱས་ན།།
ཚོར་བའི་ལུས་ལ་ཁབ་ཀྱིས་གཙེས་འདྲ།།
 
ལོ་ཟླས་འགྲུལ་བཞུད་གློག་དམར་འཁྱུག་འཁྱུག།།
གདོང་གི་གཉེར་མ་ཟླ་གམ་བཟོས་འདྲ།།
ལུས་ཀྱི་རྒུད་པ་ཤིང་སྐམ་ལྟ་བུའི།།
ཉམས་འདི་མཐོང་ན་གྲོགས་ཀྱིས་བཟོད་དམ།།
 
ཁྱོད་ཉིད་མཚོན་པའི་འདྲ་པར་གཅིག་པོ།།
ལྷ་སའི་བར་བསྐོར་གླིང་ནས་ལུས་སོང་།།
ཁྱོད་དང་འབྲེལ་བའི་ཨང་གི་བཅུ་བོས།།
ཁྱོད་རང་བོར་ནས་ཡུན་རིང་འགོར་སོང་།།
 
སེམས་ཀྱི་འཛིན་པ་རྡོ་ལ་བརྐོས་འདྲ།།
མཛེས་པའི་མིག་ཟུང་སྦྲང་མས་འགུལ་འཕག།།
དམ་པའི་ཚེམས་ཕྲེང་ངང་མོ་བསྟར་འདྲ།།
འདི་དག་བསམ་ན་ཁ་སང་གྱེས་འདྲ།།
 
མཛེས་པའི་མདང་གི་རྨི་ལམ་ནང་ལ།།
གྲོགས་ལ་དངོས་སུ་མཇལ་བ་རྨིས་བྱུང་།།
ཤིན་ཏུ་ཤིན་ཏུ་མངོན་སུམ་ལྟ་བུས།།
མུ་ནས་མུ་རུ་དྲན་དགོས་བྱུང་སོང་།།
 
མི་ཚེའི་རྨི་ལམ་ཐོག་མ་འཚོལ་དུས།།
འཚོ་བའི་གྱ་གྱུའི་སྐས་རིམ་སྙེགས་དུས།།
ཀ་ཁའི་སྦྱོར་ཀློག་དབྱངས་ལ་འགུགས་དུས།།
གྲལ་མཚེར་གྱུར་བ་ལས་ཀྱི་བཀོད་པ།།
 
དུང་བའི་སེམས་པ་ཁྱེད་ལ་ཤོར་ཞིང་།།
དགའ་བའི་འདུན་པ་འཕྲིན་ལ་བྲིས་ནས།།
འཁྲེང་བའི་སེམས་འདི་དང་དུ་ལོངས་ཞེས།།
སྐྱེངས་པའི་མགོ་བོ་དང་གར་སྨད་བྱུང་།།
འཚོ་བའི་གོ་སྐྱ་མཉམ་དུ་ཟ་ཞོར།།
ཞེན་པའི་དཔུང་བ་ལྷན་དུ་གཤིབ་ནས།།
དཔེ་ཆའི་བར་ནས་ཡང་ཡང་མཇལ་བའི།།
གྲོགས་ཀྱི་དྭངས་མ་ཡིད་ཀྱི་འཆང་ཐག།།
 
གནའ་བའི་འདས་སོང་བཤད་ལ་ང་དགའ།།
མཚར་བའི་སྒྲུང་ལ་ཉན་པར་ཁྱོད་དགའ།།
ཁྱོད་རང་དགའ་ན་ང་ཡང་དེ་དགའ།།
ཁྱོད་རང་བགད་ན་བདག་ལ་དེ་མཛེས།།
 
ལས་ཀྱི་བཀོད་པ་རི་ངོས་རྦབ་རྡོ།།
འདི་ལ་ཟློག་ཐབས་ཁྱོན་ནས་མི་འདུག།།
ཚེ་ཡི་འདུན་མ་ཁྱོད་དང་གཏན་གྲོགས།།
དེའང་རྨང་ནས་འགྲུབ་ཐབས་མེད་ཀི།།
 
འཇིག་རྟེན་ཆེ་ན་ཆེ་ཚད་མི་ཟིན།།
ཁྱོད་རང་འཚོ་སའི་ཁ་ཕྱོགས་མི་རྙེད།།
འཇིག་རྟེན་ཆུང་ན་ཆུང་ཚད་མི་ཟིན།།
མི་འདོད་ལས་ལ་བཤོལ་ཐབས་མི་འདུག།།
 
ཁྱོད་ཀྱི་འཕྲིན་པ་ཕྱོགས་བསྒྲིགས་བྱས་ནས།།
སྒམ་ཆུང་གྲུ་བཞིར་ཉར་ཚགས་བྱས་ཡོད།།
ཁོམ་པའི་དུས་སུ་ལན་རེར་བཀླག་གིན།།
མི་ཁོམ་ནའང་སྐབས་རེར་རག་དགོས།།
 
ཁྱོད་ཀྱི་སྣང་བརྙན་མཐའ་དག་ཤར་བའི།།
ཁྱོད་ཀྱི་སྤྱོད་ཚུལ་ཡོད་ཚད་འཆར་བའི།།
ཡིད་ཀྱི་མེ་ལོང་དྭངས་མོའི་ངོས་ན།།
ཁྱོད་ཀྱི་རྡོག་སྒྲ་ད་དུང་ཐྲིག་ཐྲིག།།
 
ད་ལྟ་ཧམ་སེམས་གཞན་ནི་ཅང་མེད།།
ད་དུང་ལས་འཕྲོ་ཏོག་ཙམ་ཡོད་ན།།
ཡིད་ཙམ་གྲོགས་དང་ཕྲད་པ་བྱུང་ན།།
ཁམས་འདྲིའི་ལག་འཇུ་ཙམ་ལ་འཁྲེང་ཡོད།།
 
                                        ༢༠༡༢  ༤  ༡༡ཉིན།
 
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།