བདག་གི་རྟ་ཁྱུ་ད་དུང་རི་ན་ཡོད།


མཚམས་སྤྲིན་ཐོད་ལ་བཟུང་བའི་རི་བོ་གན།།
ཨ་སྔོན་མཐོ་ལ་འགྱོགས་པའི་ཀ་བ་མིན།།
ང་དང་རིགས་མཐུན་མེས་པོའི་ལས་དང་བསོད།།
རི་བོའི་གཟུགས་ཀྱིས་སྤུངས་བ་དགུང་དང་མཉམ།།
 
གན་ན་ང་ཡི་ཅི་ཡང་ལུས་ནས་ཡོད།།
ང་ཡི་ལས་དབང་གན་ལ་བཏགས་ནས་ཡོད།།
ལ་ཁའི་དར་ལྕོགས་ལྷབ་ལྷུབ་སྐྱོད་པ་ཡང་།།
ང་ཡི་བླ་སྲོག་འགུག་པའི་ཆོ་ག་ཡིན།།
 
ད་ནངས་སྒྲོག་ནས་བཏང་བའི་རྟ་ཁྱུ་ཡང་།།
རི་བོ་གན་གྱི་གཡས་དང་གཡོན་ན་ཡོད།།
རྟ་ནག་སྒྲོག་འགྲོས་ཟེར་བའི་དབྱངས་འགྲོས་ཡིས། །
རྩྭ་དང་ཟིལ་བ་གཉིད་ནས་སློང་བཞིན་ཡོད།།
 
ཨ་ཕའི་ཁམ་པ་རྔོག་རིང་རི་ལ་གོམས།།
ཨ་མའི་རྒོད་མ་ལག་དཀར་ན་ལ་ལོབས།།
བདག་གི་གྱི་ལིང་གྲོ་རྒྱ་སྤང་ནས་རྒྱུགས།།
ད་ནི་སྲུབ་ཐུར་བཟུང་ནས་འདེད་དགོས་འདུག །
 
 
རི་སྤྱང་སྔོན་མོ་རི་ཡི་སྒང་ན་ཡོད།།
ཇག་པ་ལག་རིང་འབའ་འབུར་ཕག་ན་ཡོད།།
འུར་ཆ་སྐེད་ལ་བཅིངས་བའི་རྟ་རྫི་ང་།།
ཁྱོད་ལ་གོམ་ཙེ་བསླབ་ནས་འདུག་ཁོམ་མེད།།
           ༢༠༡༢བའི་ཟླ་༤ཚེས༦
 
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་རྟ་ཁྱུ་ད་དུང་རི་ན་ཡོད།

2012-04-10 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།


མཚམས་སྤྲིན་ཐོད་ལ་བཟུང་བའི་རི་བོ་གན།།
ཨ་སྔོན་མཐོ་ལ་འགྱོགས་པའི་ཀ་བ་མིན།།
ང་དང་རིགས་མཐུན་མེས་པོའི་ལས་དང་བསོད།།
རི་བོའི་གཟུགས་ཀྱིས་སྤུངས་བ་དགུང་དང་མཉམ།།
 
གན་ན་ང་ཡི་ཅི་ཡང་ལུས་ནས་ཡོད།།
ང་ཡི་ལས་དབང་གན་ལ་བཏགས་ནས་ཡོད།།
ལ་ཁའི་དར་ལྕོགས་ལྷབ་ལྷུབ་སྐྱོད་པ་ཡང་།།
ང་ཡི་བླ་སྲོག་འགུག་པའི་ཆོ་ག་ཡིན།།
 
ད་ནངས་སྒྲོག་ནས་བཏང་བའི་རྟ་ཁྱུ་ཡང་།།
རི་བོ་གན་གྱི་གཡས་དང་གཡོན་ན་ཡོད།།
རྟ་ནག་སྒྲོག་འགྲོས་ཟེར་བའི་དབྱངས་འགྲོས་ཡིས། །
རྩྭ་དང་ཟིལ་བ་གཉིད་ནས་སློང་བཞིན་ཡོད།།
 
ཨ་ཕའི་ཁམ་པ་རྔོག་རིང་རི་ལ་གོམས།།
ཨ་མའི་རྒོད་མ་ལག་དཀར་ན་ལ་ལོབས།།
བདག་གི་གྱི་ལིང་གྲོ་རྒྱ་སྤང་ནས་རྒྱུགས།།
ད་ནི་སྲུབ་ཐུར་བཟུང་ནས་འདེད་དགོས་འདུག །
 
 
རི་སྤྱང་སྔོན་མོ་རི་ཡི་སྒང་ན་ཡོད།།
ཇག་པ་ལག་རིང་འབའ་འབུར་ཕག་ན་ཡོད།།
འུར་ཆ་སྐེད་ལ་བཅིངས་བའི་རྟ་རྫི་ང་།།
ཁྱོད་ལ་གོམ་ཙེ་བསླབ་ནས་འདུག་ཁོམ་མེད།།
           ༢༠༡༢བའི་ཟླ་༤ཚེས༦
 
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།