ཚོར་བ་སྐྱུར་མོ།

གཡུ་རྔོག་པ་རྟ་མགྲིན་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-10


ཐུན་གསུམ་རྨི་ལམ་མྱུར་མོ་གློག་ཞགས་ཀྱི་ཟླ་བོ།།
སྐད་ཅིག་ཁྱོད་དང་འཕྲད་པ་ཆུ་ནང་གི་ཟླ་བ།།
མགུལ་རས་པདྨོར་འཁྱུད་པ་རྟོགས་བཏགས་ཀྱི་སྣང་བ།།
དུང་བའི་སྙིང་གཏམ་གླེང་བ་བརྙན་ངོས་ཀྱི་འཇའ་ཚོན།།
 
སྣང་བའི་འོད་དཀར་ཕྲ་མོ་ཡིད་ངོས་ལ་འཕྲོས་ཏེ།།
སེམས་ཀྱི་ཚོར་བ་དྲགས་པོ་རྦ་རླབས་བཞིན་འཕྱར་བྱུང་།།
ཤེས་མིན་ཚོར་མིན་མཆུ་སྒྲོས་སྤྲང་རྩི་ལ་རོལ་ན།།
རེག་བྱའི་སྣང་ངོར་མཛའ་མོའི་བྲོ་བ་ལས་འགལ་འདུག།
 
ཡ་མཚན་དྲན་པའི་སྟེང་ལ་ཉིས་འགལ་ཞིག་བྱུང་ནས།།
མཁུར་ཀོང་ལག་པས་བཅུམ་ནས་གེ་སར་ལ་རོལ་ན།།
ཁ་སྤུའི་སྨྱུ་གུ་ཕྲ་མོ་ཁབ་རྩེ་བཞིན་འགྲེང་འདུག།
ཞིབ་མོར་གཞིགས་ཚེ་མཛའ་མོ་གྲོགས་པོ་དང་འཁྲུལ་འདུག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བ་སྐྱུར་མོ།

2012-04-10 གཡུ་རྔོག་པ་རྟ་མགྲིན་སྐྱབས། ཀློག་གྲངས། མཆན ཡོད།


ཐུན་གསུམ་རྨི་ལམ་མྱུར་མོ་གློག་ཞགས་ཀྱི་ཟླ་བོ།།
སྐད་ཅིག་ཁྱོད་དང་འཕྲད་པ་ཆུ་ནང་གི་ཟླ་བ།།
མགུལ་རས་པདྨོར་འཁྱུད་པ་རྟོགས་བཏགས་ཀྱི་སྣང་བ།།
དུང་བའི་སྙིང་གཏམ་གླེང་བ་བརྙན་ངོས་ཀྱི་འཇའ་ཚོན།།
 
སྣང་བའི་འོད་དཀར་ཕྲ་མོ་ཡིད་ངོས་ལ་འཕྲོས་ཏེ།།
སེམས་ཀྱི་ཚོར་བ་དྲགས་པོ་རྦ་རླབས་བཞིན་འཕྱར་བྱུང་།།
ཤེས་མིན་ཚོར་མིན་མཆུ་སྒྲོས་སྤྲང་རྩི་ལ་རོལ་ན།།
རེག་བྱའི་སྣང་ངོར་མཛའ་མོའི་བྲོ་བ་ལས་འགལ་འདུག།
 
ཡ་མཚན་དྲན་པའི་སྟེང་ལ་ཉིས་འགལ་ཞིག་བྱུང་ནས།།
མཁུར་ཀོང་ལག་པས་བཅུམ་ནས་གེ་སར་ལ་རོལ་ན།།
ཁ་སྤུའི་སྨྱུ་གུ་ཕྲ་མོ་ཁབ་རྩེ་བཞིན་འགྲེང་འདུག།
ཞིབ་མོར་གཞིགས་ཚེ་མཛའ་མོ་གྲོགས་པོ་དང་འཁྲུལ་འདུག།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།