བདག་གི་སེམས་པར་ཐོགས་པའི་ཁྱེད།

བདག་གི་སྙིང་ལ་དལ་གྱིས་འཛུལ་བའི་ན་ཆུང་མཛའ་གཅུགས་ཡིད་མཐུན་མ།།
བདག་གི་སེམས་ལ་འཛུམ་གྱིས་བཞད་པའི་ཡིད་ཀྱི་བཞིན་བཟང་མཛེས་ལྡན་མ།།
ཤ་དང་རུས་པའི་ཁོང་གསེང་འདི་ན་དྲོད་ཅིག་ཡོད་པ་མ་ཡལ་ན།།
སེམས་ཀྱི་དབུས་ནས་བརྗེད་པ་མེད་དོ་ང་ཉིད་དགའ་སའི་སྙིང་ཉེ་མ།།
 
ས་གཞིའི་ཐང་ན་དབྱར་བཞད་མེ་ཏོག་འཛུམ་ཀེར་བཞད་ནས་ངོམ་ན་ཡང་།།
མཁའ་ཡི་དབྱིངས་སུ་སྤྲིན་དཀར་ཚོམ་བུ་ཆུ་སྐྱེས་ཟོལ་གྱིས་འཕྱུར་ན་ཡང་།།
བདག་གི་ཡིད་སེམས་རྩྭ་ཐང་དབུས་ན་འོད་དུ་གྱུར་བའི་མེ་ཏོག་གང་།།
སེམས་ཀྱི་མཛའ་གཅིག་སྙིང་གི་ཐིག་ལེ་ཁྱེད་རང་ཡིན་ནོ་བཞིན་བཟང་མ།།
 
ལུང་གཞོངས་ཁྲོད་ན་ཆུ་མོའི་གླུ་སྒྲ་ལྷང་ལྷང་ཕྱོགས་སུ་གྲགས་གྱུར་ཀྱང་།།
ཤིང་ནགས་གསེབ་ན་ཁུ་བྱུག་མགྲིན་སྒྲ་སེང་སེང་གྱེར་ནས་འཕུར་ན་ཡང་།།
བདག་གི་ཐོས་འཛིན་རྣ་བའི་རྒྱན་དུ་ལེགས་པར་འཁྲུངས་པའི་སྒྲ་དབྱངས་ནི།།
ཡིད་ཀྱི་ན་ཆུང་ཁྱེད་ཉིད་དགོད་པའི་གླུ་སྒྲ་ཡིན་ནོ་ཡིད་མཐུན་མ།།
 
ཉི་འོད་དམར་པོ་མཁའ་རུ་འཛུམ་དུས་ས་གཞིའི་ཆུ་སྐྱེས་བཞད་དེ་ཡོང་།།
ཟླ་བ་དཀར་པོ་དབྱིངས་སུ་འཚེར་དུས་མཚོ་སྐྱེས་མེ་ཏོག་འཛུམ་སྟེ་འོང་།།
ཁྱེད་ཞལ་འཛུམ་བག་མིག་ལ་མངོན་དུས་ཡིད་ཀྱི་མཚོ་མོ་རྒྱས་ཏེ་འོང་།།
ཁྱེད་ཉིད་དགོད་པ་རྣ་བར་སིམ་དུས་སྙིང་ཁམས་སྤྲོ་བ་འཕེལ་ཏེ་འོང་།།
 
དབྱངས་ཅན་ངག་ལ་སྙན་པ་ལྡན་ཡང་ངག་རྒྱུན་ཙམ་ལས་མ་གོ་ཐལ།།
འབྲུག་མོའི་གཟུཊ་བྱད་མཛེས་པར་གྲཊ་ཀྱང་པིར་བརྙན་ཙམ་ལས་མ་མཇལ་ཐལ།།
ཁྱེད་ཉིད་བདག་གི་སེམས་ཀྱི་དབུས་ན་ཟླ་བའི་མདངས་ལྟར་འཚེར་ནས་འོང་།།
ཁྱེད་ཉིད་བདག་གི་སྙིང་ཁམས་དཀྱིལ་ན་ཉི་མའི་མདངས་ལྟར་འབར་ནས་འོང་།།
 
ཁྱེད་ཉིད་འཛུམ་པ་མེ་ཏོག་ཟོལ་གྱིས་བདག་གི་མདུན་ན་བཞད་ནས་འདུག།།
ཁྱེད་ཉིད་བསྐྱོད་པ་རི་དྭགས་འགྲོས་ལྟར་བདག་གི་འགྲམ་ན་རྒྱུ་ནས་འདུག།
བདག་གི་མིག་ཟུང་སྦྲང་བུ་ཇི་བཞིན་ཁྱེད་ཀྱི་ཞལ་ན་ལྡིང་ནས་འདུག།
བདག་གི་སེམས་པ་མདའ་མོ་ཇི་བཞིན་ཁྱེད་ཀྱི་རྗེས་ན་འཕུར་ནས་འདུག།།
 
ཁྱེད་ཉིད་བདག་གི་རྨི་ལམ་ཁྲོད་ན་གསོན་པོར་འགུལ་བའི་ལྷ་མོ་ཡིན།།
ཁྱེད་ཉིད་བདག་གི་ཡིད་ཀྱི་དབུས་ན་ནད་བརྒྱ་སེལ་བའི་སྨན་མཆོག་ཡིན།།
ཁྱེད་ནི་རྩྭ་ཐང་ཡངས་པའི་དཀྱིལ་ན་མཛེས་པར་བཞད་པའི་པདྨ་ཡིན།།
ཁྱེད་ནི་སྤྲིན་བྲལ་དབྱིངས་རིམ་བརྟོལ་བའི་ལྷད་མེད་དུང་ཟླ་དཀར་པོ་ཡིན།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་སེམས་པར་ཐོགས་པའི་ཁྱེད།

2012-04-10 ཨ་འདུས་མིག་ཆུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།