སྦྲུམ་མ་ཞིག་ལ་བྲིས་པ།

འབྲོག་བུ་དཀོོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-03

དང་པོ་འུ་གཉིས་གཞིས་སུ་འཛོམས་དུས། །
མཐིང་སྨུག་སྦྲ་ལ་སྒོ་དར་སྐྱ་བོ། །
སྒོ་ཁའི་ཁྱི་ལ་ལྕགས་ཐག་དགུ་སྒྲིལ། །
རྒྱབ་རིའི་ཟོམ་དུ་བསང་མེ་ལམ་ལམ། །
མདུན་རིའིི་ཉག་ཁར་ཉི་ཟླ་ཀྲིག་ཀྲིག །
སྡུག་གི་བུ་ཡུག་དགུན་ལ་འཚུབ་ཀྱང་། །
ཉེས་པའི་ཆག་ཀྲུམ་ང་ལ་མ་ཤོར། །
ཚ་བའི་གདུང་བ་དབྱར་ལ་འགྲོགས་ཀྱང་། །
ངལ་བའི་སྣང་བ་ཏིལ་ཙམ་མ་ཡོད། །

ན་ནིང་འུ་གཉིས་འདི་ནས་གྱེས་ཏེ། །
རུམ་གྱི་དྲན་རྟེན་ཤར་ལ་གཡུགས་ཤིང་། །
སེམས་པའི་རྟ་ཁ་རྒྱང་ལ་དཀྱུ་དུས། །
མིག་གི་སྐྱིབས་སུ་མཆི་མ་མེར་མེར། །
ཤ་སྐྱིའི་སྲུབས་སུ་བྲེལ་ཤ་བེར་བེར། །
བྲལ་བའི་གདུག་རྩུབ་སྙིང་ལ་གཙེ་ཞིང་། །
དྲན་པའི་གཅོང་ནད་ལུས་ལ་ཞུགས་ཏེ། །
ཆང་ནི་འཚོ་བའི་སྙིང་ཁུ་ཡིན་ཞེས། །
རང་སྣང་ཁྲ་མོ་དེ་ལ་བཅོལ་མྱོང་། །

ད་ནི་སྐྱིད་སྡུག་སྣང་བ་ཟད་ཅིང་། །
འགྲོ་འོང་རྐང་རྗེས་རྡུལ་གྱིས་བསྣོགས་ཏེ། །
ལས་ཀྱི་རི་མོ་ཟང་ཟིང་འཁྲུགས་དུས། །
རྒས་པའི་གཉེར་མ་གདོང་ན་ཤིག་ཤིག །
འཆི་བའི་འཇིགས་པ་གུད་ན་ཡེར་ཡེར། །
ལོ་ཟླའི་ཁངས་སྐྱ་སླར་ཡང་འཚུབ་བྱུང་། །
མི་ཁའི་བཙག་རླུང་བསྐྱར་དུ་ལྡང་བྱུང་། །
གསེར་ཐག་སེར་པོས་མཐུད་ཐབས་མེད་པའི། །
ཆུང་སྐྱེས་རྨི་ལམ་ག་འདྲ་ཡིན་ནམ། །


གནམ་སའི་མཐའ་རྒྱ་ཤིན་ཏུ་ཡངས་ལ། །
འཇིག་རྟེན་བླ་འོག་གསུམ་དུ་བཤད་ཀྱང་། །
ཤིང་ལས་བྱས་པའི་རྟ་ཕོ་ཁྲ་ཁྲ། །
རྒྱལ་ཁམས་ཉུལ་བའི་ཆིབས་སུ་བཀུགས་ཏེ། །
གཅེར་བུའི་ལུས་ཀྱིས་བདག་ལ་ཧད་ཅིང་། །
སྒྱུ་མའི་ཟོལ་གྱིས་ང་ལ་སིམ་པའི། །
ཆུང་འདྲིས་ཤ་ཁྲག་རྒྱུས་པའི་ལུས་པོར། །
ཤུགས་དང་བཅས་ཏེ་ཐེངས་གཅིག་འཁྱུད་རྗེས། །
སྲོག་དང་བསྡོས་ཏེ་འགྲོག་པར་བྱ་འོ། །
              2012.03.27
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲུམ་མ་ཞིག་ལ་བྲིས་པ།

2012-04-03 འབྲོག་བུ་དཀོོམ་བཀྲ། ཀློག་གྲངས། མཆན ཡོད།

དང་པོ་འུ་གཉིས་གཞིས་སུ་འཛོམས་དུས། །
མཐིང་སྨུག་སྦྲ་ལ་སྒོ་དར་སྐྱ་བོ། །
སྒོ་ཁའི་ཁྱི་ལ་ལྕགས་ཐག་དགུ་སྒྲིལ། །
རྒྱབ་རིའི་ཟོམ་དུ་བསང་མེ་ལམ་ལམ། །
མདུན་རིའིི་ཉག་ཁར་ཉི་ཟླ་ཀྲིག་ཀྲིག །
སྡུག་གི་བུ་ཡུག་དགུན་ལ་འཚུབ་ཀྱང་། །
ཉེས་པའི་ཆག་ཀྲུམ་ང་ལ་མ་ཤོར། །
ཚ་བའི་གདུང་བ་དབྱར་ལ་འགྲོགས་ཀྱང་། །
ངལ་བའི་སྣང་བ་ཏིལ་ཙམ་མ་ཡོད། །

ན་ནིང་འུ་གཉིས་འདི་ནས་གྱེས་ཏེ། །
རུམ་གྱི་དྲན་རྟེན་ཤར་ལ་གཡུགས་ཤིང་། །
སེམས་པའི་རྟ་ཁ་རྒྱང་ལ་དཀྱུ་དུས། །
མིག་གི་སྐྱིབས་སུ་མཆི་མ་མེར་མེར། །
ཤ་སྐྱིའི་སྲུབས་སུ་བྲེལ་ཤ་བེར་བེར། །
བྲལ་བའི་གདུག་རྩུབ་སྙིང་ལ་གཙེ་ཞིང་། །
དྲན་པའི་གཅོང་ནད་ལུས་ལ་ཞུགས་ཏེ། །
ཆང་ནི་འཚོ་བའི་སྙིང་ཁུ་ཡིན་ཞེས། །
རང་སྣང་ཁྲ་མོ་དེ་ལ་བཅོལ་མྱོང་། །

ད་ནི་སྐྱིད་སྡུག་སྣང་བ་ཟད་ཅིང་། །
འགྲོ་འོང་རྐང་རྗེས་རྡུལ་གྱིས་བསྣོགས་ཏེ། །
ལས་ཀྱི་རི་མོ་ཟང་ཟིང་འཁྲུགས་དུས། །
རྒས་པའི་གཉེར་མ་གདོང་ན་ཤིག་ཤིག །
འཆི་བའི་འཇིགས་པ་གུད་ན་ཡེར་ཡེར། །
ལོ་ཟླའི་ཁངས་སྐྱ་སླར་ཡང་འཚུབ་བྱུང་། །
མི་ཁའི་བཙག་རླུང་བསྐྱར་དུ་ལྡང་བྱུང་། །
གསེར་ཐག་སེར་པོས་མཐུད་ཐབས་མེད་པའི། །
ཆུང་སྐྱེས་རྨི་ལམ་ག་འདྲ་ཡིན་ནམ། །


གནམ་སའི་མཐའ་རྒྱ་ཤིན་ཏུ་ཡངས་ལ། །
འཇིག་རྟེན་བླ་འོག་གསུམ་དུ་བཤད་ཀྱང་། །
ཤིང་ལས་བྱས་པའི་རྟ་ཕོ་ཁྲ་ཁྲ། །
རྒྱལ་ཁམས་ཉུལ་བའི་ཆིབས་སུ་བཀུགས་ཏེ། །
གཅེར་བུའི་ལུས་ཀྱིས་བདག་ལ་ཧད་ཅིང་། །
སྒྱུ་མའི་ཟོལ་གྱིས་ང་ལ་སིམ་པའི། །
ཆུང་འདྲིས་ཤ་ཁྲག་རྒྱུས་པའི་ལུས་པོར། །
ཤུགས་དང་བཅས་ཏེ་ཐེངས་གཅིག་འཁྱུད་རྗེས། །
སྲོག་དང་བསྡོས་ཏེ་འགྲོག་པར་བྱ་འོ། །
              2012.03.27
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།