རྟ་འདོ་བ།

                  _____ རྟ་འདོ་བའི་ཕ་ས་འབྲོག་ན་ཡོད།།སྒ་ལྷུ་བཞིའི་ཕ་ས་རོང་ན་ཡོད།།
                             རྟ་ཞོན་པའི་བསོད་ནམས་བོད་ལ་ཡོད།།གྱོང་ཁེ་བའི་བོད་པ་སྙིང་རེ་རྗེ།།
ཁ་དཀར་རྐྱང་ལ་ཁ་ལོ་བཏུལ་བས་གངས་ཅན་བོད་པ་དཔའ་རྩལ་ཅན།།
ཁྱུང་དཀར་མཛོ་ལ་སྣ་ལོ་བཏུལ་བས་གངས་ཅན་བོད་པ་སྙིང་སྟོབས་ཅན།།
གཤིས་ངན་རྙིང་བར་སྒྱུར་ཐབས་མེད་པས་གངས་ཅན་བོད་པ་ཨུ་ཚུགས་ཅན།།
དབུགས་ལྡན་གོང་ན་སྣང་བར་རོལ་བས་བློ་ཡང་ད་དུང་བླུན་རྨོངས་ཅན།།

བུ་ཆུང་ཞིག་གིས་རྟ་གོང་མནོན་ན་ད་ནས་བཟུང་སྟེ་གོ་ཆོད་ཡིན།།
གསར་བུ་ཞིག་གིས་རྟ་རྒྱུག་ཐུབ་ན་སྡེ་མགོ་འཛིན་པའི་ཕོ་རྒོད་ཡིན།།
རྒད་པོ་ཞིག་གིས་རྟ་བཤད་ཤེས་ན་ཡོན་ཏན་ཅན་གྱི་མཁས་པ་ཡིན།།
ཁྱིམ་ཚང་ཞིག་ལ་རྟ་གཅིག་ཡོད་ན་འབྱོར་བ་འཛོམས་པའི་ཕྱུག་པོ་ཡིན།།

སྒོ་ཡི་ནོར་ལུག་རྡང་གཅོད་བྱས་ནས་རྟ་ཕོ་གཅིག་གི་རིན་དུ་བྱིན།།
སྒམ་གྱི་སྒོར་མོ་དུམ་གཅོད་བྱས་ནས་རྟ་ཕོ་གཅིག་གི་ཚབ་དུ་ཕུལ།།
སློབ་གྲྭར་བཏང་བའི་བུ་ཆུང་དོན་འགྲུབ་རྟ་ཡི་ཆེད་དུ་ཁྱིམ་ལ་བླངས།།
ཁྱིམ་ན་ཡོད་པའི་བུ་མོ་སྒྲོལ་མ་རྟ་ཡི་དོན་དུ་གཞན་ལ་བརྫངས།།

ཁ་སང་ཉོས་པའི་རྟ་ཕོ་དེ་ལ་འདང་དང་བརྩེ་བ་མི་གྲལ་ཡིན།།
རང་ཚོ་འདུག་ས་རྩྭ་ཁང་ཡིན་ཡང་རྟ་ཕོ་ཤིང་གི་སྒམ་དུ་འདོགས།།
བཟའ་མི་གང་བོས་གོ་སྐམ་འཆའ་བཞིན་རྟ་ལ་འོ་མ་སྐོལ་ནས་ལྡུད།།
བྱིས་པ་ཆ་བོའི་རྐང་བ་འཇུར་ཡང་རྟ་ལ་གསེར་སྒ་དངུལ་སྲབ་འཇོག །
བྱ་དགའི་ཨང་ཙམ་འཐོབ་པའི་ཉིན་ནས་རྟ་དེ་ཡུན་གྱིས་ལྷ་གྲལ་ཡིན།།
དཀོན་མཆོག་གསུམ་ལ་མཆོད་པ་འབུད་དུས་ཆུ་འཁྱག་ཙམ་པོ་སེར་སྣ་ཞིག །
ཡུལ་ལྷ་སྲུང་མར་བསང་གསོལ་འབུད་དུས་ནས་འབྲུའི་གྲངས་ལ་མང་ཉུང་ཞིག།
སྡེ་དང་འཚོ་བར་རྟ་སྟོན་བྱེད་དུས་ཁྲི་དང་སྟོང་ལ་འཕངས་སེམས་མེད།།

བུ་ཞིག་ཡིན་ན་རྟ་ཞིག་མེད་ན་ན་ཟླའི་གྲལ་ན་བརྙས་བཅོས་མང་།།
ཨ་ཕས་བུ་ལ་གཅེས་སྐྱོང་ཤེས་མིན་སྲབ་མདའ་ལག་ལ་འཇོག་མིན་ཡིན།།
བུ་མོ་ཞིག་ལ་རྟ་རིན་མེད་ན་གནས་ལ་སོང་རུང་མི་ཁ་ཆེ།།
ཨ་མས་བུ་མོའི་སྐྱིད་སྡུག་ཤེས་མིན་རྟ་ཞིག་གཞན་ནས་ལོན་མིན་ཡིན།།

རྟ་ཞིག་ཡོད་ན་ཉལ་ནས་བསྡད་ཀྱང་བསམ་པ་གླིང་དཀར་སྟོད་ན་ཡོད།།
རྟ་ཞིག་ཡོད་ན་ཤེས་བྱ་མེད་ཀྱང་གཏམ་ཞིག་བཤད་རུང་གོ་རྒྱུ་ཡོད།།
རྟ་ཞིག་ཡོད་ན་རྒྱུ་ནོར་མེད་ཀྱང་ཡ་ཆུང་ཁོག་ན་མངའ་ཐང་ཡོད།།
རྟ་ཞིག་ཡོད་ན་གཉེན་ཉེ་མེད་ཀྱང་གྲོགས་དང་སྤུན་ཟླ་རང་འཁོར་ཡོད།།

རྒྱན་གྱི་མང་ཉུང་ཚོང་བའི་ཚོགས་ཀྱིས་སྟོབས་གྱི་ཆེ་ཆུང་འགྲན་ས་ཡིན།།
རྟ་ཡི་ཁ་གྲངས་སྡེ་བ་ཞིག་གི་སྟོབས་འབྱོར་ཚད་གཞི་འཇོག་ས་ཡིན།།
ཨང་གྱི་མཐོ་དམའ་ཚོ་བ་ཞིག་གི་མཐུན་སྒྲིལ་ལ་རྒྱ་འཛིན་ས་ཡིན།།
དགའ་རྟགས་ཐོབ་མིན་ཁྱིམ་ཚང་ཞིག་གི་དབུལ་ཕྱུག་ལམ་གྱི་གནད་ས་ཡིན།།

མར་གྱུར་དོན་དུ་མ་ཎི་འདོན་བཞིན་མ་ལ་གསེར་གྱི་སྒ་སྲབ་འཇོག།།
དུད་འགྲོ་འདི་ཚོ་སྙིང་རྗེ་ཟེར་བཞིན་ཞོན་ནས་ལྕག་གིས་ཤེད་གྱིས་འབྲབ།།
ཚོར་བ་ཡོད་མེད་འདྲ་མཉམ་ཟེར་བཞིན་དབུགས་ལྡན་གོང་ན་སྣང་བར་རོལ།།
བརྩེ་བ་མི་ལས་ལྷག་གོ་སྒྲོག་བཞིན་བཀོལ་སྤྱོད་མེད་དུས་ཤན་པར་བཙོངས།།

གངས་ཅན་བོད་ཀྱི་རྟ་རྒྱུག་འདི་ལ་བལྟ་རྒྱུའི་ལྟད་མོ་ཕུན་སུམ་ཚོགས།།
ལྟོས་ཀྱིན་ལྟོས་ཀྱིན་མིག་ཆུ་དྭངས་མོར་རང་དབང་ཚོད་ཅིག་མི་ཟིན་མོད།།
མི་རིགས་གཞན་པ་འདུས་པར་ལྟོས་ན་རྟ་རྒྱུག་གཞན་ཞིག་མཐོང་གི་འདུག །
ཞིས་པན་ཡ་ཡི་གླང་གསོད་དེ་དང་ཕལ་ཆེར་མཉམ་ཞེས་གཞན་གྱིས་གླེང་།།
     ཞེས་པ་འདི་ཡང་ད་སྐབས་བོད་ཡུལ་གྱི་ལུང་པ་ཕལ་ཆེ་ཤོས་དང་སྒོས་སུ་རང་གི་ཕ་ཡུལ་དང་འདྲ་བའིའབྲོག་ཕྱོགས་ན་རྟ་རྒྱུག་གི་བྱ་འགུལ་རབ་་དང་རིམ་པར་སྤེལ་ཞིང་དང་དེ་མཐུད་ནས་འོས་མིན་གྱི་དོན་དག་ཡང་མང་པོ་བྱུང་འབྱུང་བཞིན་ཡོད་པས་དེ་སུན་འབྱིན་ཞིག་གི་དོད་དུ་མདོ་མེད་པ་ཁ་དྲག་གིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་འདོ་བ།

2012-04-01 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།