ཆུང་དུས་དྲན་པ།

སེམས་ཀྱི་ངོགས་ལ་མུ་ཏིག་ཇི་བཞིན་འཐོར་ཞིང་།།
མིག་གི་མདུན་ལ་མེ་ཏོག་ནང་བཞིན་ཕེབས་ཤིང་།།
བྱིས་བློ་གཙང་མས་དམིགས་འདུན་གཅིག་ལ་དེད་པའི།།
ཆུང་ཆུང་མཛའ་བའི་མི་དེ་གཡུ་ཆུང་ཞིག་ཡིན། །
 
གློ་ཁྲག་ཕོར་གང་འདྲ་བའི་དོད་དུ་བབས་པའི།།
རུས་དང་རྐང་ལ་འཛུལ་བའི་ཆུང་འདྲིས་གྲོགས་པོ།།
སྡོམ་ཚུལ་ཤེད་ཆེན་འདི་ཡིས་བརྫད་བཞག་ཡོད་མོད།།
སེམས་ཀྱི་རི་མོ་མ་རྙིང་ཇེ་གསལ་ཡོང་འདུག།
 
ཚེར་མའི་ལམ་ཁ་བྱས་པའི་ཁ་གཏད་འདི་ནས།།
དྲན་སྐྱོ་གདུ་མོས་སྙིང་ལ་ཕུ་ཅིག་བཏབ་སྟེ།།
རང་སེམས་གླུ་རུ་བཞེངས་སའི་ལྕགས་སྨྱུག་སྣེ་མོ།།
མཆི་མའི་ཁེར་ལབ་གསེབ་ནས་གདོང་ལ་གཏད་བཞག།
 
མི་ཐུབ་ཆོས་ཉིད་རྒྱལ་མོའི་བཀའ་ལུང་ཞིག་གིས།།
སེམས་ཐོགས་ན་ཆུང་ལས་ཀྱི་གཏིང་འོག་བརྗེ་ཞིང་།།
ཨུ་ཚུགས་གཏན་གྱི་རེ་བ་དེ་བཞིན་བཙན་པོས།།
བྱིས་པའི་ཕུགས་འདུན་དེ་ཡང་འགྲུབ་ས་མ་རེད།།
 
མི་ཚེ་ཡོལ་ནས་སྐྲ་རྩེར་ཁ་བ་བབས་དུས།།
ཕྱིར་དྲན་སློག་ནས་སྨུག་ལོང་ནང་ལ་འཁོད་དུས།།
སྨྲེང་སྐྱོ་བསྲེས་མའི་དགུ་མདུད་ཞག་ལ་བཅུག་དུས།།
ཤ་དང་པགས་པའི་ན་གཟེར་ཐེག་ས་མ་རེད།།
 
ལྷན་དུ་འགྲོ་སའི་རི་ལུང་སྨུག་པ་ཅན་པོ།།
 དུས་ཆད་འཐེན་སའི་ཆུ་མིག་བདུད་རྩི་ཅན་པོ།།
མཉམ་དུ་འཚོ་རྒྱུའི་ལུག་ཁྱུ་སྐར་ཚོགས་འདྲ་བོ།།
ཆུང་འདྲིས་གཞོན་ནུ་ཟུང་གི་ཡིད་ཀྱི་ཞིང་ཁམས།།
 
ཡིད་སེམས་ཆགས་སའི་རྩེད་རྭ་གྲུ་བཞི་མ་ཞིག།
གློ་བ་ཉེ་སའི་ཆུང་འདྲིས་དམར་མདངས་ཅན་ཞིག།
མཛེས་དབྱངས་འཕུར་བའི་སྐད་ངག་སྙན་ཆ་ཅན་ཞིག།
བར་དོའི་དབྱིངས་ནས་ད་དུང་དྲུད་དེ་འགྲོ་འོ།།
 
སེམས་ངོར་བརྐོས་པའི་རི་མོ་ཁྲ་ཤད་མ་ཞིག།
མིག་ངོར་བཞག་པའི་མཛེས་སྡུག་འོ་དྲི་ཅན་ཞིག།
མི་ཚེར་ཐིམ་པའི་བརྩེ་བ་དགུ་མཐུད་ཅན་ཞིག།
ཁྲག་ལ་འདྲིས་ཤིང་རུས་ལ་སྦྱར་ཏེ་འགྲོ་འོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུང་དུས་དྲན་པ།

2012-03-28 གངས་ཤར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།