འདི་ལ་བརྩེ་བ་ཨེ་ཟེར།

རྒྱལ་སྲས་མིག་ཅན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-25


ཁ་བ་ལྟ་བུའི་ཅི་ཞིག།
སེམས་སུ་སིབ་སིབ་བབས་བྱུང་།།
ཆུ་ཐིགས་འགའ་ཞིག་འཐོར་ཏེ།།
མིག་ཟུང་རབ་རིབ་བྱས་སོང་།།
 
སྣང་བ་སུན་པོ་བྱུང་སོང་།།
བརྩེ་བ་ལྷོད་པོ་ཆགས་སོང་།།
ང་དང་ཁྱོད་ཀྱི་ལམ་བུ།།
རྨི་ལམ་བཞིན་དུ་རིང་ངམ།།
 
དོན་ལ་ཡིད་སེམས་མཐུན་ཚེ།།
སྙད་ལ་མི་སྐྲག་ཟེར་ཞོར།།
གང་ཞིག་དཔང་ལ་འཇོག་མཁན།།
ཁྱོད་རང་ཡིན་ནམ་ཡིན་ནམ།།
 
ཚུར་ལ་མཐུན་ནམ་དྲི་དུས།།
ངོ་གདོང་དམར་པོ་ཆགས་སོང་།།
རང་ལ་ཐེན་ནོ་ཞེས་ན།།
གཏམ་ལ་ཡ་ལན་མི་འདུག།
 
སུ་ཞིག་ངུ་བཞིན་ངུ་བཞིན།།
ཕྱི་མིག་བལྟ་བཞིན་བལྟ་བཞིན།།
ཉིད་དང་བྲལ་ནས་འགྲོ་དུས།།
སྨྲེང་བའི་དབུགས་རིང་བཏང་ངམ།།
 
ཡིད་སེམས་སྐྱོ་སྐྱོ་ཆགས་ཉིན།།
གཅིག་པུ་ནང་དུ་ལྷགས་ཉིན།།
རང་ལ་བྲིས་པའི་ཡི་གེར།།
ལྟ་བཞིན་མཆི་མ་ཤོར་རམ།།
 
ཚིག་གསུམ་ཁྱོད་ལ་བཤད་པ།།
ཚིག་རྟིང་མནའ་ཡིས་བརྣན་པ།།
ཡིད་ལ་ཏུར་རེ་འཁོར་དུས།།
ཅུང་ཟད་འགྱོད་པ་སྐྱེ་འམ།།
 
དྲན་པ་རབ་རིབ་ངོས་སུ།།
རྐང་རྗེས་ཆ་གཅིག་ལྷག་འདི།།
མི་ཚེའི་ཕུ་རུ་བཏབ་པའི།།
གཏན་འདུན་ཁོ་ན་ཨེ་ཡིན།།
 
ལམ་འདི་ཀྱག་ཀྱོག་རེད་འདུག།
སྒོམ་འདི་མག་མོག་རེད་འདུག།
གནམ་སའི་མཚམས་སུ་རྒྱངས་པའི།།
མིག་འདི་མཆི་མས་བཀང་འདུག།
 
གཉུག་སེམས་དྲོད་ཤ་ཅན་པོ།།
སྡུག་གི་བྲན་ལ་མ་གཡར།།
འཇམ་པོའི་ལག་ཁུད་ལེན་དུས།།
སླར་ཡང་ལྷོག་ལྷོག་ལྡིང་བྱུང་།།
 
མེ་ཏོག་དམར་པོ་རྐང་གཅིག།
ཡིད་སེམས་མཚོན་པར་བསྐུར་ཡོད།།
ལོ་ཟླ་བསུབས་པའི་ཤོག་རལ།།
དེ་དང་ཐབས་ཅིག་བཞག་ཡོད།།
 
ཡིན་མིན་ཡག་བཙོག་མི་གཤིབ།།
ཡོད་མེད་བདེན་རྫུན་མི་བསྡུར།།
རང་བློར་བརྐོས་པའི་བྱམས་པ།།
དེ་ག་རང་གིས་ཆོག་ཨང་།།
 
སྐྱིད་སྡུག་མཉམ་བགོ་བྱས་ཆོག།
དགའ་སྐྱོ་ལྷན་ཏུ་ཁུར་ཆོག།
ང་ལ་ཅི་ཡིན་མ་འདྲི།།
འདི་ལ་བརྩེ་བ་ཨེ་ཟེར།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་ལ་བརྩེ་བ་ཨེ་ཟེར།

2012-03-25 རྒྱལ་སྲས་མིག་ཅན། ཀློག་གྲངས། མཆན ཡོད།


ཁ་བ་ལྟ་བུའི་ཅི་ཞིག།
སེམས་སུ་སིབ་སིབ་བབས་བྱུང་།།
ཆུ་ཐིགས་འགའ་ཞིག་འཐོར་ཏེ།།
མིག་ཟུང་རབ་རིབ་བྱས་སོང་།།
 
སྣང་བ་སུན་པོ་བྱུང་སོང་།།
བརྩེ་བ་ལྷོད་པོ་ཆགས་སོང་།།
ང་དང་ཁྱོད་ཀྱི་ལམ་བུ།།
རྨི་ལམ་བཞིན་དུ་རིང་ངམ།།
 
དོན་ལ་ཡིད་སེམས་མཐུན་ཚེ།།
སྙད་ལ་མི་སྐྲག་ཟེར་ཞོར།།
གང་ཞིག་དཔང་ལ་འཇོག་མཁན།།
ཁྱོད་རང་ཡིན་ནམ་ཡིན་ནམ།།
 
ཚུར་ལ་མཐུན་ནམ་དྲི་དུས།།
ངོ་གདོང་དམར་པོ་ཆགས་སོང་།།
རང་ལ་ཐེན་ནོ་ཞེས་ན།།
གཏམ་ལ་ཡ་ལན་མི་འདུག།
 
སུ་ཞིག་ངུ་བཞིན་ངུ་བཞིན།།
ཕྱི་མིག་བལྟ་བཞིན་བལྟ་བཞིན།།
ཉིད་དང་བྲལ་ནས་འགྲོ་དུས།།
སྨྲེང་བའི་དབུགས་རིང་བཏང་ངམ།།
 
ཡིད་སེམས་སྐྱོ་སྐྱོ་ཆགས་ཉིན།།
གཅིག་པུ་ནང་དུ་ལྷགས་ཉིན།།
རང་ལ་བྲིས་པའི་ཡི་གེར།།
ལྟ་བཞིན་མཆི་མ་ཤོར་རམ།།
 
ཚིག་གསུམ་ཁྱོད་ལ་བཤད་པ།།
ཚིག་རྟིང་མནའ་ཡིས་བརྣན་པ།།
ཡིད་ལ་ཏུར་རེ་འཁོར་དུས།།
ཅུང་ཟད་འགྱོད་པ་སྐྱེ་འམ།།
 
དྲན་པ་རབ་རིབ་ངོས་སུ།།
རྐང་རྗེས་ཆ་གཅིག་ལྷག་འདི།།
མི་ཚེའི་ཕུ་རུ་བཏབ་པའི།།
གཏན་འདུན་ཁོ་ན་ཨེ་ཡིན།།
 
ལམ་འདི་ཀྱག་ཀྱོག་རེད་འདུག།
སྒོམ་འདི་མག་མོག་རེད་འདུག།
གནམ་སའི་མཚམས་སུ་རྒྱངས་པའི།།
མིག་འདི་མཆི་མས་བཀང་འདུག།
 
གཉུག་སེམས་དྲོད་ཤ་ཅན་པོ།།
སྡུག་གི་བྲན་ལ་མ་གཡར།།
འཇམ་པོའི་ལག་ཁུད་ལེན་དུས།།
སླར་ཡང་ལྷོག་ལྷོག་ལྡིང་བྱུང་།།
 
མེ་ཏོག་དམར་པོ་རྐང་གཅིག།
ཡིད་སེམས་མཚོན་པར་བསྐུར་ཡོད།།
ལོ་ཟླ་བསུབས་པའི་ཤོག་རལ།།
དེ་དང་ཐབས་ཅིག་བཞག་ཡོད།།
 
ཡིན་མིན་ཡག་བཙོག་མི་གཤིབ།།
ཡོད་མེད་བདེན་རྫུན་མི་བསྡུར།།
རང་བློར་བརྐོས་པའི་བྱམས་པ།།
དེ་ག་རང་གིས་ཆོག་ཨང་།།
 
སྐྱིད་སྡུག་མཉམ་བགོ་བྱས་ཆོག།
དགའ་སྐྱོ་ལྷན་ཏུ་ཁུར་ཆོག།
ང་ལ་ཅི་ཡིན་མ་འདྲི།།
འདི་ལ་བརྩེ་བ་ཨེ་ཟེར།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།