དགའ་རོགས་བུ་མོ་ཞིག་ལ་བྲིས་པ།

བོད་པའི་འཇིགས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-22

ཁ་ཡ་ན་ཟླ་མང་བོའི་ཁྲོད་ནས་བཅུ་དྲུག་ལང་ཚོ་རྫོགས་པ་ནས། །
གནས་ཡུལ་འགྲིམ་པའི་ད་ལྟའི་བར་དུ་ཁྱེད་ལས་དུངས་པའི་འདང་ཅན་ཞིག །
བུ་མོ་ང་ལ་འཇིག་རྟེན་འདི་ན་མེད་པ་ཁྱེད་ཀྱིས་ཡིད་ཆེས་བྱོས། །
འདི་དག་ཚང་མ་སྔོན་ཆད་ཁྱེད་ཀྱིས་ང་ལ་བཤད་པའི་སེམས་གཏམ་རེད། །

དྲིན་ཆེན་ཕ་མས་གཤེ་གཤེ་བཏང་ཡང་ཁྱེད་རང་རྒྱབ་ཏུ་འདོར་ངེས་མིན། །
ཚེ་འགྲོགས་ཁྱོ་གས་གཅར་རྡུང་བྱས་ཀྱང་འུ་གཉིས་བརྩེ་བ་བརླག་པ་མིན། །
ཁ་ཡ་ན་ཟླས་འཕྱ་སྨོད་བྱས་ཀྱང་ཁྱེད་དང་འབྲེལ་ཐག་གཅོད་པ་མིན། །
འདི་དག་ཚང་མ་སྔོན་ཆད་ཁྱེད་ཀྱིས་ང་ལ་བཞག་པའི་དམ་བཅའ་རེད། །

ཁྱེད་རང་ཡོད་པའི་མཚན་མོ་འདི་ནི་ཅི་འདྲ་རིང་ཡང་འཁྱོངས་སླ་མོ། །
ཁྱེད་རང་མེད་པའི་ཉིན་མོ་དེ་ནི་ཅི་འདྲ་ཐུང་ཡང་འདས་དཀའ་མོ། །
བུ་མོ་ང་ཡི་མཐོང་ལམ་ཡུལ་དུ་ཁྱེད་ཉིད་མ་གཏོགས་མཛེས་པ་མེད། །
འདི་དག་ཚང་མ་སྔོན་ཆད་ཁྱེད་ཀྱིས་ང་ལ་བསྔགས་པའི་བསླུ་བྲིད་རེད། །

སྐྱིད་སྡུག་ལེགས་ཉེས་གང་ལ་མི་ལྟོས་ང་རང་ཁྱེད་ལ་རྟག་ཏུ་དགའ། །
གཏམ་ངན་མི་ཁའི་རླུང་བུ་རྩུབ་ཀྱང་ང་ཡི་དུངས་པ་སྔར་བཞིན་བརྟན། །
ཁྱེད་རང་འཇིག་རྟེན་འདི་ལས་བྲལ་ཚེ་ང་ཡང་ཁྱེད་ཀྱི་རྗེས་འབྲང་ཐུབ། །
འདི་དག་ཚང་མ་སྔོན་ཆད་ཁྱེད་ཀྱིས་ང་ལ་གླེང་བའི་གསང་གཏམ་རེད། །

ཁྱེད་རང་མེད་ཚེ་འཇིག་རྟེན་འདི་ནས་འཚོ་བཞུགས་བྱས་པ་དོན་མེད་རེད། །
དྲིན་ཆེན་ཕ་མས་བཙན་གྱིས་སྦྱར་བའི་ཁྱོ་ག་འདི་དང་ལྷན་ཅིག་ཏུ། །
འཇིག་རྟེན་འཁོར་བ་སྐྱོང་རྒྱུ་དེ་ནི་སྡུག་བསྔལ་ཙམ་ལས་གཞན་ཅི་ཡིན། །
འདི་དག་ཚང་མ་སྔོན་ཆད་ཁྱེད་ཀྱིས་ང་ལ་བརྗོད་པའི་དྲན་རྟེན་རེད། །

དེ་ནས་ལོ་བཞི་འདས་པའི་རིང་དུ་སྙིང་གཏམ་གླེང་བའི་སྐབས་མ་ལྡན། །
ཡིན་ཡང་དེ་རིང་གཞན་ཡུལ་འདི་ནས་བདག་གིས་ཁྱེད་རང་དྲན་དྲགས་པས། །
སུ་ཡིས་མ་མཐོང་གང་གིས་མ་ཤེས་ཁ་པར་བཏང་ནས་ང་ཡིན་ཞེས། །
ཡང་ཡང་བརྗོད་ཀྱང་མི་ཤེས་ཟེར་ནས་གསོང་པོའི་ལན་ཞིག་སྟེར་མ་བྱུང་།

ལོ་བཞི་འདས་པའི་སྔོན་གྱི་བརྩེ་བ་དེ་རིང་གླེང་ན་ཉན་རིན་ཅི། །
ཡོད་ཚད་འདས་སོང་བྱ་བ་ཡིན་པས་དེ་ལ་འཁྲེང་མཁན་ཁྱོད་ལས་སུ། །
དེ་རིང་ཕན་ཆད་ཁྱེད་ཀྱིས་ང་ལ་ཁ་པར་བཏང་ཡང་ཉན་འདོད་མེད། །
འདི་དག་ཚང་མ་དེ་རིང་ཁྱེད་ཀྱིས་ང་ལ་བསྒྲགས་པའི་གྱེས་ཚིག་རེད།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགའ་རོགས་བུ་མོ་ཞིག་ལ་བྲིས་པ།

2012-03-22 བོད་པའི་འཇིགས་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།