འཁོར་བའི་རང་མདངས།


སྔོན་བསགས་ལས་ཀྱིས་དལ་འབྱོར་ལུས་རྟེན་ཞིག་ཐོབ་སྟེ།།
སྔོན་གོམས་དགེ་བའི་སྟོབས་ཀྱིས་དམ་ཆོས་དང་མཇལ་ཡང་།།
སྔོན་ནས་བརྩོན་པར་བྲལ་བའི་རྣམ་སྨིན་གྱི་ལས་ཀྱིས།།
སྔོན་གྱི་དམ་བཅའ་གཅིག་ཀྱང་མངོན་གསལ་ན་མི་འདུག།
 
བཟུང་ཡང་དབང་ན་མི་འདུག་མི་ཚེ་ཡི་རྟ་མཆོག།
བསུབས་ཀྱང་ཐབས་སུ་མེད་པ་དཔྲལ་བ་ཡི་རི་མོ།།
དོར་ཡང་རྫོགས་མཐའ་བྲལ་བ་ངེས་དོན་གྱི་དུཿཁ།།
འདུ་བྲལ་རེས་སུ་སྤེལ་བ་འཁོར་བ་ཡི་རང་མདངས།།
 
བཙལ་ཡང་རྙེད་པར་དཀའ་བ་འཁོར་བ་ཡི་རྒྱུ་ནོར།།
རྙེད་ཀྱང་ཆོག་ཤེས་བྲལ་བ་རྐང་གཉིས་ཀྱི་འདུ་ཤེས།།
སྐྱེ་འགྲོ་བང་གིས་རྒྱུགས་པ་རྒྱུ་ནོར་གྱི་ཆེད་ཡིན།།
སྐྱེ་བོས་རང་ཚུགས་འཆོར་བའང་རྒྱུ་ནོར་གྱི་དོན་ཡིན།།
 
ལྔ་རིག་ཤེས་བྱ་སློབ་དཔོན་དམ་པ་རུ་སྤྲུལ་ཏེ།།
བུ་ཆུང་གཉིད་ལས་བསླངས་པའི་ཅོང་སྒྲ་ཞིག་བསྒྲགས་ཀྱང་།།
མ་རིག་སྟུག་པོ་ཉོན་མོངས་དྲི་མ་ཡིས་སྦགས་པས།།
ད་དུང་མ་ཤེས་དུད་འགྲོའི་ངང་ཚུལ་འདི་སྐྱོའང་།།
 
གསེར་ལྡན་སྒེག་མོས་གཡི་ཡི་གོས་ལྗང་ཞིག་བཀླུབས་ཏེ།།
འཛམ་གླིང་དཔའ་བོ་མ་ལུས་ལྗོངས་རྒྱུ་རུ་བསུས་ཀྱང་།།
དེ་རུ་གནས་པའི་གདོང་དམར་སྤྲེའུ་ཡི་རྒྱུད་པས།།
རང་རིགས་རང་གིས་བརླགས་པའི་ངང་ཚུལ་འདི་སྐྱོའང།།
 
ཡོད་པར་སྤྲོ་བ་འཇིག་རྟེན་ཆོས་བརྒྱད་ཀྱི་ཟློས་གར།།
མེད་པར་སྐྱོ་བ་འཁོར་བའི་སྐྱེ་བོ་ཡི་ངང་ཚུལ།།
ཡོད་མེད་གཉིས་ནི་སོ་སོའི་ལྟ་བ་འཇོག་ལུགས།།
ཡོད་མེད་གཉིས་ནི་རང་རང་བརྩོན་པ་ཡི་འབྲས་བུ།།
 
སྔ་དྲོའི་དུས་སུ་རྨི་ལམ་དགའ་ཚལ་དུ་རྩེན་པ།།
ཉིན་གུང་དུས་སུ་ཕུགས་འདུན་སྣ་ཚོགས་ལ་བསམ་ཞིང་།།
ཕྱི་དྲོའི་དུས་སུ་རྒྱབ་ལ་ཕྱིར་ལྟ་རེ་བྱེད་བཞིན།།
མི་ཚེ་གཅིག་གི་དགའ་སྐྱོའི་ཟློས་གར་རེ་འཁྲབ་སོང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བའི་རང་མདངས།

2012-03-14 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


སྔོན་བསགས་ལས་ཀྱིས་དལ་འབྱོར་ལུས་རྟེན་ཞིག་ཐོབ་སྟེ།།
སྔོན་གོམས་དགེ་བའི་སྟོབས་ཀྱིས་དམ་ཆོས་དང་མཇལ་ཡང་།།
སྔོན་ནས་བརྩོན་པར་བྲལ་བའི་རྣམ་སྨིན་གྱི་ལས་ཀྱིས།།
སྔོན་གྱི་དམ་བཅའ་གཅིག་ཀྱང་མངོན་གསལ་ན་མི་འདུག།
 
བཟུང་ཡང་དབང་ན་མི་འདུག་མི་ཚེ་ཡི་རྟ་མཆོག།
བསུབས་ཀྱང་ཐབས་སུ་མེད་པ་དཔྲལ་བ་ཡི་རི་མོ།།
དོར་ཡང་རྫོགས་མཐའ་བྲལ་བ་ངེས་དོན་གྱི་དུཿཁ།།
འདུ་བྲལ་རེས་སུ་སྤེལ་བ་འཁོར་བ་ཡི་རང་མདངས།།
 
བཙལ་ཡང་རྙེད་པར་དཀའ་བ་འཁོར་བ་ཡི་རྒྱུ་ནོར།།
རྙེད་ཀྱང་ཆོག་ཤེས་བྲལ་བ་རྐང་གཉིས་ཀྱི་འདུ་ཤེས།།
སྐྱེ་འགྲོ་བང་གིས་རྒྱུགས་པ་རྒྱུ་ནོར་གྱི་ཆེད་ཡིན།།
སྐྱེ་བོས་རང་ཚུགས་འཆོར་བའང་རྒྱུ་ནོར་གྱི་དོན་ཡིན།།
 
ལྔ་རིག་ཤེས་བྱ་སློབ་དཔོན་དམ་པ་རུ་སྤྲུལ་ཏེ།།
བུ་ཆུང་གཉིད་ལས་བསླངས་པའི་ཅོང་སྒྲ་ཞིག་བསྒྲགས་ཀྱང་།།
མ་རིག་སྟུག་པོ་ཉོན་མོངས་དྲི་མ་ཡིས་སྦགས་པས།།
ད་དུང་མ་ཤེས་དུད་འགྲོའི་ངང་ཚུལ་འདི་སྐྱོའང་།།
 
གསེར་ལྡན་སྒེག་མོས་གཡི་ཡི་གོས་ལྗང་ཞིག་བཀླུབས་ཏེ།།
འཛམ་གླིང་དཔའ་བོ་མ་ལུས་ལྗོངས་རྒྱུ་རུ་བསུས་ཀྱང་།།
དེ་རུ་གནས་པའི་གདོང་དམར་སྤྲེའུ་ཡི་རྒྱུད་པས།།
རང་རིགས་རང་གིས་བརླགས་པའི་ངང་ཚུལ་འདི་སྐྱོའང།།
 
ཡོད་པར་སྤྲོ་བ་འཇིག་རྟེན་ཆོས་བརྒྱད་ཀྱི་ཟློས་གར།།
མེད་པར་སྐྱོ་བ་འཁོར་བའི་སྐྱེ་བོ་ཡི་ངང་ཚུལ།།
ཡོད་མེད་གཉིས་ནི་སོ་སོའི་ལྟ་བ་འཇོག་ལུགས།།
ཡོད་མེད་གཉིས་ནི་རང་རང་བརྩོན་པ་ཡི་འབྲས་བུ།།
 
སྔ་དྲོའི་དུས་སུ་རྨི་ལམ་དགའ་ཚལ་དུ་རྩེན་པ།།
ཉིན་གུང་དུས་སུ་ཕུགས་འདུན་སྣ་ཚོགས་ལ་བསམ་ཞིང་།།
ཕྱི་དྲོའི་དུས་སུ་རྒྱབ་ལ་ཕྱིར་ལྟ་རེ་བྱེད་བཞིན།།
མི་ཚེ་གཅིག་གི་དགའ་སྐྱོའི་ཟློས་གར་རེ་འཁྲབ་སོང་།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།