མི་རྐྱང་གི་གཞས་ཆུང་།

བཀྲ་ཤིས་རྒྱལ།༼ཟི་ལིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-09

ལོ་དང་ན་ཚོད་དབང་གིས།།
སེམས་ཀྱི་དུངས་པ་ཟབ་མོ།།
ལུས་ལ་རང་དབང་མེད་པར།།
བུ་མོ་སྒྲོལ་མར་ཆགས་སོང་།།
བློ་དང་སྤོབས་པ་མེད་ཀྱང་།།
ཡིད་ནས་འཕྱུར་བའི་བརྩེ་འབོད།།
བུ་མོའི་རྣ་བར་བསྒྲགས་དུས།།
བུ་མོས་ཧ་ཧོ་གསུངས་བྱུང་།།
བུ་མོར་ཆགས་པའི་བརྩེ་སེམས།།
འགྱུར་བག་གཏན་ནས་མེད་པར།།
དུས་དང་འཚོལ་གྱི་བར་ན།།
ང་ལ་ཁོམ་པ་མི་འདུག།
ལོ་དང་ཟླ་བ་བརྩེགས་ནས།།
སེམས་ཀྱི་འདུན་པ་བརྩེགས་ནས།།
ད་ལོའི་དབྱར་ཁ་ཞིག་ལ།།
བུ་མོས་ཡ་ལན་རྫོགས་བྱུང་།།
ང་ལ་དགོས་པའི་ཡ་ལན།།
ང་ལ་ཐོབ་པའི་བུ་མོ།།
ཚེ་གཅིག་མི་འགྱུར་དམ་བཅའ།།
ཕན་ཚུན་སྙིང་ལ་བཞག་སོང་།།
དུས་ཡུན་རིང་བོ་མ་འགོར།།
ལྷན་ཅིག་སྡོད་ཡུན་མ་རིང་།།
ཁ་སང་འདྲིས་པའི་བྱམས་པ།།
ཕོ་གསར་གཞན་ལ་འགྲོགས་སྐད།།
བུ་མོའི་སེམས་པ་རྡོ་རེད།།
རང་ཚུགས་མེད་པ་རླུང་རེད།།
ཡག་དང་ངོ་སོའི་བར་ན།།
བརྩེ་དུང་ངོ་མ་མི་འདུག།
ཁ་ནས་བརྩེ་དུང་གླེང་གི།
ཁོག་ན་རྒྱུ་ནོར་ཁོ་ན།།
མིག་རྒྱང་ཐུང་བའི་བུ་མོ།།
ང་ལ་མཁོ་བ་མི་འདུག།
དེང་ཕྱིན་ང་འདྲའི་ཕོ་གསར།།
དུང་བ་གང་སར་མ་གཡུགས།།
སྐྱིད་ལ་རེ་བ་མེད་ན།།
སྐྱོ་བ་འཚོལ་དོན་མི་འདུག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྐྱང་གི་གཞས་ཆུང་།

2012-03-09 བཀྲ་ཤིས་རྒྱལ།༼ཟི་ལིང༽ ཀློག་གྲངས། མཆན ཡོད།

ལོ་དང་ན་ཚོད་དབང་གིས།།
སེམས་ཀྱི་དུངས་པ་ཟབ་མོ།།
ལུས་ལ་རང་དབང་མེད་པར།།
བུ་མོ་སྒྲོལ་མར་ཆགས་སོང་།།
བློ་དང་སྤོབས་པ་མེད་ཀྱང་།།
ཡིད་ནས་འཕྱུར་བའི་བརྩེ་འབོད།།
བུ་མོའི་རྣ་བར་བསྒྲགས་དུས།།
བུ་མོས་ཧ་ཧོ་གསུངས་བྱུང་།།
བུ་མོར་ཆགས་པའི་བརྩེ་སེམས།།
འགྱུར་བག་གཏན་ནས་མེད་པར།།
དུས་དང་འཚོལ་གྱི་བར་ན།།
ང་ལ་ཁོམ་པ་མི་འདུག།
ལོ་དང་ཟླ་བ་བརྩེགས་ནས།།
སེམས་ཀྱི་འདུན་པ་བརྩེགས་ནས།།
ད་ལོའི་དབྱར་ཁ་ཞིག་ལ།།
བུ་མོས་ཡ་ལན་རྫོགས་བྱུང་།།
ང་ལ་དགོས་པའི་ཡ་ལན།།
ང་ལ་ཐོབ་པའི་བུ་མོ།།
ཚེ་གཅིག་མི་འགྱུར་དམ་བཅའ།།
ཕན་ཚུན་སྙིང་ལ་བཞག་སོང་།།
དུས་ཡུན་རིང་བོ་མ་འགོར།།
ལྷན་ཅིག་སྡོད་ཡུན་མ་རིང་།།
ཁ་སང་འདྲིས་པའི་བྱམས་པ།།
ཕོ་གསར་གཞན་ལ་འགྲོགས་སྐད།།
བུ་མོའི་སེམས་པ་རྡོ་རེད།།
རང་ཚུགས་མེད་པ་རླུང་རེད།།
ཡག་དང་ངོ་སོའི་བར་ན།།
བརྩེ་དུང་ངོ་མ་མི་འདུག།
ཁ་ནས་བརྩེ་དུང་གླེང་གི།
ཁོག་ན་རྒྱུ་ནོར་ཁོ་ན།།
མིག་རྒྱང་ཐུང་བའི་བུ་མོ།།
ང་ལ་མཁོ་བ་མི་འདུག།
དེང་ཕྱིན་ང་འདྲའི་ཕོ་གསར།།
དུང་བ་གང་སར་མ་གཡུགས།།
སྐྱིད་ལ་རེ་བ་མེད་ན།།
སྐྱོ་བ་འཚོལ་དོན་མི་འདུག།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།