དགེ་ཆོས་དྲན་གླུ།


རང་སེམས་དཀར་བོ་འོ་མའི་ཀླུང་ལྟར་གཙང་། །
བརྩེ་བའི་དྲོད་ཁོལ་མེ་རུ་འབར་ནས་བྱུང་། །
འཛུམ་ཞལ་ཉ་གང་ཟླ་བ་བཞིན་སྒོམ་པའི། །
འཇམ་བསམ་དེ་ཡིས་ཁྱེད་ལ་འདི་ལྟར་གླེང་། །
 
ཆུང་ཆུང་བྱིས་པའི་དུས་ནས་ནར་སོན་བར། །
དགའ་སྐྱོའི་འདྲེས་མའི་ངལ་བ་མང་དུ་བརྩེགས། །
རང་མགོ་རང་གིས་འཁྱོངས་པའི་དུས་སྐབས་སུ། །
གློ་བུར་རྐྱེན་གྱིས་བྱུང་བ་ཡིད་རེ་ཕངས། །
 
དགའ་གྲོག་གྲོག་གི་སྣང་བ་རྗེས་སྐྱུར་ནས། །
ལྗིད་ཏིག་ཏིག་གི་སེམས་ལ་རྨ་ཁ་རུམ། །
སེམས་ལ་རང་དབང་མེད་པའི་ཚོར་བ་ཡིས། །
མེ་ཏོག་དམར་བོ་འདམ་རྫབ་ཀློང་དུ་ཁྱེར། །
 
ལོ་ཟླ་མང་པོའི་རྒྱལ་ཁབ་འགྲིམས་པ་ཡིས། །
སྡུག་ལས་མང་པོ་ཐོད་ལ་བླངས་བླངས་ནས། །
ལང་ཚོའི་གཞོན་ལུས་ཤ་སྐམ་རུས་ཟད་པས། །
ངོ་ཤེས་དཀའ་བའི་ཚོད་དེ་ཀྱེ་མ་ཧོ། །
 
 
མི་ཡུལ་ཁམས་སུ་བཞག་པའི་གླེགས་བམ་ལྔ། །
ཡང་ཡང་བཀླགས་པའི་བདག་གི་ཆོས་གྲོགས་ཚོས། །
སྣང་བརྙན་ཡིད་ལ་ཤར་ཚེ་མིག་ཆུ་ཡིས། །
ཁུར་ཚོས་བརླན་པའི་དུས་དེ་ཉུང་ཉུང་ཡིན ། །
 
འཚོ་བ་སྐྱ་བོ་དེ་འདྲ་སྡུག་ཆེ་ལ། །
དགའ་སྣང་ཕྲན་ཙམ་མྱོང་བའང་ཆེས་དཀོན་པས། །
མི་ཚེ་འདི་ནི་ཅི་འདྲའི་ཐབས་སྡུག་ཅེས། །
སྐྱོ་གླུ་སྙན་མོ་དགེ་ཆོས་མཁས་པས་བླངས།།
         ཁོང་གི་འདྲ་པར་རྙིང་བ་ཞིག་ལ་བལྟས་རྗེས་འདི་སྨྱུག་རྩེ་ཐེངས་གཅིག་གིས་རང་ཤག་དཔེ་མང་བརྩེགས་པའི་ལྡིང་ཁང་ནས་བྲིས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་དྲན་གླུ།

2012-02-22 མགར་ཨ་འཇམ། ཀློག་གྲངས། མཆན ཡོད།


རང་སེམས་དཀར་བོ་འོ་མའི་ཀླུང་ལྟར་གཙང་། །
བརྩེ་བའི་དྲོད་ཁོལ་མེ་རུ་འབར་ནས་བྱུང་། །
འཛུམ་ཞལ་ཉ་གང་ཟླ་བ་བཞིན་སྒོམ་པའི། །
འཇམ་བསམ་དེ་ཡིས་ཁྱེད་ལ་འདི་ལྟར་གླེང་། །
 
ཆུང་ཆུང་བྱིས་པའི་དུས་ནས་ནར་སོན་བར། །
དགའ་སྐྱོའི་འདྲེས་མའི་ངལ་བ་མང་དུ་བརྩེགས། །
རང་མགོ་རང་གིས་འཁྱོངས་པའི་དུས་སྐབས་སུ། །
གློ་བུར་རྐྱེན་གྱིས་བྱུང་བ་ཡིད་རེ་ཕངས། །
 
དགའ་གྲོག་གྲོག་གི་སྣང་བ་རྗེས་སྐྱུར་ནས། །
ལྗིད་ཏིག་ཏིག་གི་སེམས་ལ་རྨ་ཁ་རུམ། །
སེམས་ལ་རང་དབང་མེད་པའི་ཚོར་བ་ཡིས། །
མེ་ཏོག་དམར་བོ་འདམ་རྫབ་ཀློང་དུ་ཁྱེར། །
 
ལོ་ཟླ་མང་པོའི་རྒྱལ་ཁབ་འགྲིམས་པ་ཡིས། །
སྡུག་ལས་མང་པོ་ཐོད་ལ་བླངས་བླངས་ནས། །
ལང་ཚོའི་གཞོན་ལུས་ཤ་སྐམ་རུས་ཟད་པས། །
ངོ་ཤེས་དཀའ་བའི་ཚོད་དེ་ཀྱེ་མ་ཧོ། །
 
 
མི་ཡུལ་ཁམས་སུ་བཞག་པའི་གླེགས་བམ་ལྔ། །
ཡང་ཡང་བཀླགས་པའི་བདག་གི་ཆོས་གྲོགས་ཚོས། །
སྣང་བརྙན་ཡིད་ལ་ཤར་ཚེ་མིག་ཆུ་ཡིས། །
ཁུར་ཚོས་བརླན་པའི་དུས་དེ་ཉུང་ཉུང་ཡིན ། །
 
འཚོ་བ་སྐྱ་བོ་དེ་འདྲ་སྡུག་ཆེ་ལ། །
དགའ་སྣང་ཕྲན་ཙམ་མྱོང་བའང་ཆེས་དཀོན་པས། །
མི་ཚེ་འདི་ནི་ཅི་འདྲའི་ཐབས་སྡུག་ཅེས། །
སྐྱོ་གླུ་སྙན་མོ་དགེ་ཆོས་མཁས་པས་བླངས།།
         ཁོང་གི་འདྲ་པར་རྙིང་བ་ཞིག་ལ་བལྟས་རྗེས་འདི་སྨྱུག་རྩེ་ཐེངས་གཅིག་གིས་རང་ཤག་དཔེ་མང་བརྩེགས་པའི་ལྡིང་ཁང་ནས་བྲིས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།