༢༠༡༢ལོའི་ཚིགས་བཅད་ཅིག

དོ་ནུབ་མགོ་བོ་བཏེགས་ནས་གནམ་ལ་བལྟས།།
ཤར་གྱི་སྐར་མདའ་ནུབ་ཏུ་མཆེད་པ་མཐོང་།།
ད་ལོར་འཇིག་རྟེན་འཇིག་པའི་ལུང་བསྟན་འདུག།
སྔས་མགོའི་སྟེང་དུ་མཆོད་མེ་སྒྲོན་པར་བྱ།།
 
བྲོས་པས་མི་ཐར་སྐྲག་པས་མི་ཕན་པས།།
ད་ནི་འཇིགས་པར་བྱ་བ་ཅི་ཞིག་མཆིས།།
གྲེ་བ་གསང་ནས་གླུ་ཞིག་ལེན་པར་བྱ།།
གསོན་པོར་ཡོད་པའི་བདེན་དཔང་འཇོག་པར་བྱ།།
 
ང་ཡི་དཀོན་མཆོག་དག་པའི་ཞིང་དུ་བཞུགས།།
ང་ཡི་མེས་པོ་འགའ་ཡང་དེ་ན་བཞུགས།།
ཕ་ས་འདི་རུ་བསྡོད་ཐབས་མེད་ན་ཡང་།།
གནང་ཚང་དེ་གར་གཡར་ན་ཅིས་མི་ཆོག།
 
རྡོ་ཡི་གླེགས་བུར་བརྐོས་པའི་ལོ་ཐོ་འདིར།།
སྲིད་པའི་ཆགས་འཇིག་མ་ལུས་ཕབས་ཟིན་པས།།
བདེ་སྡུག་ཅི་འབྱུང་ལས་ཀྱི་བསྐོས་ཐང་ངོ་།།
ཁྱོད་དང་ང་ལ་འགྱོད་སེམས་ཅི་ཡང་མེད།།
 
བསླུ་མེད་སྟོན་པ་མཆོག་གི་བཀའ་སློབ་ཏུ།།
སྲིད་པ་འདི་ཉིད་མེ་ཡིས་འཇིག་པར་གསུངས།།
ངེས་དོན་གསང་བའི་སྒྲོམ་རྒྱ་གྲོལ་བ་ན།།
དྲང་དོན་བདེན་པའི་རང་ངོ་འཕྲོད་པར་ངེས།།
 
རི་བོ་ལྕིད་ཀྱིས་མནན་ནས་ཁུན་སྒྲ་འབྱིན།།
ས་ཆེན་རྐང་པས་བརྫིས་ནས་སྨེ་ངག་ཤོར།།
གོ་ལ་འདི་ཡི་ཁུར་བོ་ལྕི་དྲགས་པས།།
ད་ནི་ཁོང་ཁྲོ་སྐྱེས་ཀྱང་ཅིས་མི་ཆོག།
 
ཡ་གིའི་བྲག་ལ་སྤར་གྱིས་འབྲད་པར་བྱ།།
རིན་ཆེན་གཟི་ཡི་གཏེར་ཁ་ཨེ་ལོན་ལྟ།།
དུས་མཐའི་མེ་དཔུང་དྲག་ཏུ་འབར་བའི་ཚེ།།
གཅེས་ནོར་དེ་དང་མཉམ་དུ་འཆི་བར་བྱ།།
 
   ༢༠༡༢ལོའི་སྤྱི་ཟླ༢ཚེས༡༧ཉིན།
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༢ལོའི་ཚིགས་བཅད་ཅིག

2012-02-20 འབྲོག་ཕྲུག ཀློག་གྲངས། མཆན ཡོད།

དོ་ནུབ་མགོ་བོ་བཏེགས་ནས་གནམ་ལ་བལྟས།།
ཤར་གྱི་སྐར་མདའ་ནུབ་ཏུ་མཆེད་པ་མཐོང་།།
ད་ལོར་འཇིག་རྟེན་འཇིག་པའི་ལུང་བསྟན་འདུག།
སྔས་མགོའི་སྟེང་དུ་མཆོད་མེ་སྒྲོན་པར་བྱ།།
 
བྲོས་པས་མི་ཐར་སྐྲག་པས་མི་ཕན་པས།།
ད་ནི་འཇིགས་པར་བྱ་བ་ཅི་ཞིག་མཆིས།།
གྲེ་བ་གསང་ནས་གླུ་ཞིག་ལེན་པར་བྱ།།
གསོན་པོར་ཡོད་པའི་བདེན་དཔང་འཇོག་པར་བྱ།།
 
ང་ཡི་དཀོན་མཆོག་དག་པའི་ཞིང་དུ་བཞུགས།།
ང་ཡི་མེས་པོ་འགའ་ཡང་དེ་ན་བཞུགས།།
ཕ་ས་འདི་རུ་བསྡོད་ཐབས་མེད་ན་ཡང་།།
གནང་ཚང་དེ་གར་གཡར་ན་ཅིས་མི་ཆོག།
 
རྡོ་ཡི་གླེགས་བུར་བརྐོས་པའི་ལོ་ཐོ་འདིར།།
སྲིད་པའི་ཆགས་འཇིག་མ་ལུས་ཕབས་ཟིན་པས།།
བདེ་སྡུག་ཅི་འབྱུང་ལས་ཀྱི་བསྐོས་ཐང་ངོ་།།
ཁྱོད་དང་ང་ལ་འགྱོད་སེམས་ཅི་ཡང་མེད།།
 
བསླུ་མེད་སྟོན་པ་མཆོག་གི་བཀའ་སློབ་ཏུ།།
སྲིད་པ་འདི་ཉིད་མེ་ཡིས་འཇིག་པར་གསུངས།།
ངེས་དོན་གསང་བའི་སྒྲོམ་རྒྱ་གྲོལ་བ་ན།།
དྲང་དོན་བདེན་པའི་རང་ངོ་འཕྲོད་པར་ངེས།།
 
རི་བོ་ལྕིད་ཀྱིས་མནན་ནས་ཁུན་སྒྲ་འབྱིན།།
ས་ཆེན་རྐང་པས་བརྫིས་ནས་སྨེ་ངག་ཤོར།།
གོ་ལ་འདི་ཡི་ཁུར་བོ་ལྕི་དྲགས་པས།།
ད་ནི་ཁོང་ཁྲོ་སྐྱེས་ཀྱང་ཅིས་མི་ཆོག།
 
ཡ་གིའི་བྲག་ལ་སྤར་གྱིས་འབྲད་པར་བྱ།།
རིན་ཆེན་གཟི་ཡི་གཏེར་ཁ་ཨེ་ལོན་ལྟ།།
དུས་མཐའི་མེ་དཔུང་དྲག་ཏུ་འབར་བའི་ཚེ།།
གཅེས་ནོར་དེ་དང་མཉམ་དུ་འཆི་བར་བྱ།།
 
   ༢༠༡༢ལོའི་སྤྱི་ཟླ༢ཚེས༡༧ཉིན།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།