གངས་ལྷ་མེ་ཏོག་གི་རྣམ་ཤེས།

མགོ་ལོག་པ་འཇིགས་བྱེད་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-18

        བོད་ཀྱི་སྐད་གྲགས་ཆེ་བའི་གཞས་མ་དབྱངས་ཅན་ལྷ་མཛེས་ལགས་སུ་ཕུལ་བའི་སེམས་ཀྱི་མེ་ཏོག་རྐང་གཅིག
 

མཐོ་སྒང་གི་རི་མགོའི་རྩི་ཏོག་གཅིག།
བྱང་ཐང་གི་ཁ་བའི་འདབ་མ་གཉིས།།
གངས་དཀར་གྱི་ཨ་མའི་འཛུམ་མདངས་གསུམ།།
གླུ་སྐད་ཀྱིས་སྦྲུམ་པའི་སྒྱུ་རྩལ་ཡིན།།
 
ཀ་ཁ་ཡི་དབྱངས་གསལ་སོ་བཞི་གཅིག།
རིགས་ཞེན་གྱི་མེ་ལྕེ་དམར་པོ་གཉིས།།
མཛེས་སྡུག་གི་བརྩེ་བ་སྣུམ་པོ་གསུམ།།
སེམས་འདུན་གྱིས་ཕུལ་བའི་ལེགས་སྐྱེས་ཡིན།།
 
ཞི་བདེ་ལ་སྨོན་པའི་གསོལ་འདེབས་གཅིག།
བདེ་སྐྱིད་ལ་འཁྲེང་བའི་མིག་ཟུང་གཉིས།།
ཨ་མ་ལ་དགའ་བའི་བྱམས་དུངས་གསུམ།།
མི་ཡུལ་ནས་རྨིས་པའི་རྨི་ལམ་ཡིན།།
 
གཙང་བོ་ལ་འཁོར་བའི་གླུ་སྒྲ་གཅིག།
མ་ཎི་ལ་དད་པའི་གུས་ཕྱག་གཉིས།།
བོད་ཡུལ་ལ་ཕུལ་བའི་དུངས་སྣང་གསུམ།།
ངག་རིག་ལ་འཐིམ་པའི་གསང་བ་ཡིན།།
 
འབྲོག་ཐང་གི་རྫི་གླུ་སྙན་མོ་གཅིག།
བོད་མོ་ཡི་གཤིས་རྒྱུད་འཇམ་པོ་གཉིས།།
ཨ་མ་ཡི་བསླབ་པའི་བྱིས་སྒྲུང་གསུམ།།
བརྩེ་དུང་གིས་ཕྱུག་པའི་ནོར་བུ་ཡིན།།
 
ལུས་པོ་ཡི་ལྡེམ་འཁྱུག་མྱུར་མོ་གཅིག།
ལག་ཟུང་གི་འགུལ་སྟངས་ཡག་པོ་གཉིས།།
སེམས་ཁོང་གི་མཛའ་གཞས་གསོན་པོ་གསུམ།།
རིན་ཐང་གིས་རྙེད་པའི་སྒྱུ་རྩལ་ཡིན།།
 
ཆུང་ཆུང་གི་བུ་མོའི་འཛུམ་དཀར་གཅིག།
རྒྱབ་གཞུང་གི་ནག་སྣུམ་སྐྲ་ལོ་གཉིས།།
ཁྱེད་ཉིད་ཀྱི་མཛེས་སྡུག་ངོ་མ་གསུམ།།
ལྷ་ཡུལ་གྱིས་གནང་བའི་དངོས་གྲུབ་ཡིན།།
    དབྱངས་ཅན་ལྷ་མཛེས་ཀྱི་ཆེད་སྒྲིག་གཞས་ཚོགས་གསུམ་པ<སྐྱིད་པའི་གླུ་གཞས>ཅེས་པ་མིའི་ཡུལ་དུ་འཁྲུངས་པར་དགའ་བསུ་ཞུ་བའི་སྐད་ཆ་བསོར་མོ་ཞིག
2011,9,14ཉིན་དྲྭ་ཁང་ཞིག་ཏུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་ལྷ་མེ་ཏོག་གི་རྣམ་ཤེས།

2012-02-18 མགོ་ལོག་པ་འཇིགས་བྱེད་ཚེ་རིང་། ཀློག་གྲངས། མཆན ཡོད།

        བོད་ཀྱི་སྐད་གྲགས་ཆེ་བའི་གཞས་མ་དབྱངས་ཅན་ལྷ་མཛེས་ལགས་སུ་ཕུལ་བའི་སེམས་ཀྱི་མེ་ཏོག་རྐང་གཅིག
 

མཐོ་སྒང་གི་རི་མགོའི་རྩི་ཏོག་གཅིག།
བྱང་ཐང་གི་ཁ་བའི་འདབ་མ་གཉིས།།
གངས་དཀར་གྱི་ཨ་མའི་འཛུམ་མདངས་གསུམ།།
གླུ་སྐད་ཀྱིས་སྦྲུམ་པའི་སྒྱུ་རྩལ་ཡིན།།
 
ཀ་ཁ་ཡི་དབྱངས་གསལ་སོ་བཞི་གཅིག།
རིགས་ཞེན་གྱི་མེ་ལྕེ་དམར་པོ་གཉིས།།
མཛེས་སྡུག་གི་བརྩེ་བ་སྣུམ་པོ་གསུམ།།
སེམས་འདུན་གྱིས་ཕུལ་བའི་ལེགས་སྐྱེས་ཡིན།།
 
ཞི་བདེ་ལ་སྨོན་པའི་གསོལ་འདེབས་གཅིག།
བདེ་སྐྱིད་ལ་འཁྲེང་བའི་མིག་ཟུང་གཉིས།།
ཨ་མ་ལ་དགའ་བའི་བྱམས་དུངས་གསུམ།།
མི་ཡུལ་ནས་རྨིས་པའི་རྨི་ལམ་ཡིན།།
 
གཙང་བོ་ལ་འཁོར་བའི་གླུ་སྒྲ་གཅིག།
མ་ཎི་ལ་དད་པའི་གུས་ཕྱག་གཉིས།།
བོད་ཡུལ་ལ་ཕུལ་བའི་དུངས་སྣང་གསུམ།།
ངག་རིག་ལ་འཐིམ་པའི་གསང་བ་ཡིན།།
 
འབྲོག་ཐང་གི་རྫི་གླུ་སྙན་མོ་གཅིག།
བོད་མོ་ཡི་གཤིས་རྒྱུད་འཇམ་པོ་གཉིས།།
ཨ་མ་ཡི་བསླབ་པའི་བྱིས་སྒྲུང་གསུམ།།
བརྩེ་དུང་གིས་ཕྱུག་པའི་ནོར་བུ་ཡིན།།
 
ལུས་པོ་ཡི་ལྡེམ་འཁྱུག་མྱུར་མོ་གཅིག།
ལག་ཟུང་གི་འགུལ་སྟངས་ཡག་པོ་གཉིས།།
སེམས་ཁོང་གི་མཛའ་གཞས་གསོན་པོ་གསུམ།།
རིན་ཐང་གིས་རྙེད་པའི་སྒྱུ་རྩལ་ཡིན།།
 
ཆུང་ཆུང་གི་བུ་མོའི་འཛུམ་དཀར་གཅིག།
རྒྱབ་གཞུང་གི་ནག་སྣུམ་སྐྲ་ལོ་གཉིས།།
ཁྱེད་ཉིད་ཀྱི་མཛེས་སྡུག་ངོ་མ་གསུམ།།
ལྷ་ཡུལ་གྱིས་གནང་བའི་དངོས་གྲུབ་ཡིན།།
    དབྱངས་ཅན་ལྷ་མཛེས་ཀྱི་ཆེད་སྒྲིག་གཞས་ཚོགས་གསུམ་པ<སྐྱིད་པའི་གླུ་གཞས>ཅེས་པ་མིའི་ཡུལ་དུ་འཁྲུངས་པར་དགའ་བསུ་ཞུ་བའི་སྐད་ཆ་བསོར་མོ་ཞིག
2011,9,14ཉིན་དྲྭ་ཁང་ཞིག་ཏུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།