ཚོར་འདུ།

     ཡུན་རིང་སེམས་སུ་བཅགས་པའི་གཤིས་བཟང་དེ།།
     སེམས་ཀྱི་ཟབ་སར་འཛུམ་ལ་འཚོ་ཞིང་གནས།།
     སྐད་ཅིག་ཙམ་གྱི་ཚོར་འདུ་ཕྲ་མོ་ཡིས།།
     ཡིད་ལ་དགའ་བ་སྟོང་དང་སྤྲོ་བ་འབུམ།།
     གཞས་དེར་གཞས་ལན་མེད་ཀྱང་སེམས་སུ་ཉར།།
     གཏམ་དེར་གཏམ་ལན་མེད་ཀྱང་འཛུམ་གྱིས་སྨྲ།།
     འདུ་བྲལ་རེས་སུ་སྤེལ་ཀྱང་སྐྱོ་བའི་དབུལ།།
     དགའ་སྐྱོ་ཆགས་སྡང་མངའ་ཡང་བརྩེ་བས་བཅངས།།
     དུས་གྱི་འགྱུར་བག་མཐོན་པོ་རི་ལ་བཏབ།།
     ལོ་ཟླའི་འཁོར་བསྐྱོད་གདོང་གི་དཔྲལ་བར་བཏབ།།
     བརྩེ་བའི་འདུན་མ་ཁྱོད་ཀྱི་སྙིང་ལ་བཏབ།།
     སེམས་གྱི་ཚོར་འདུ་སོ་སོའི་སེམས་སུ་བཏབ།།
     སེམས་དེ་མི་སྡོད་སྟོང་གསུམ་ཁམས་སུ་མྱུལ།།
     ལུས་དེས་མི་ལྕོག་ཡན་ལག་འདར་ཞིང་གཉོམ།།
     སེམས་གྱི་རྒྱལ་མོ་དེ་ནི་དབང་བཙན ་པས།།
     ཉམ་ཆུང་ལུས་པོས་གཡོག་གི་སྐྱེ་བ་བླངས།།
     རང་གི་ངོ་སོ་བསམ་སྟེ་མགོ་བོ་དགྱེས།།
     ཁྱོད་ཀྱི་སེམས་ཁམས་བསམ་སྟེ་འཛུམ་གྱིས་འཚོ།།
     ངུ་མ་དགོད་ཀྱི་སྣང་ཚུལ་སྣ་ཚོགས་པ།།
     གར་སྟེགས་སྟེང་གི་ཟློས་གར་ཞིག་དང་མཚུངས།
     སྨྲ་མཁས་རྒྱལ་བོའི་སྨྲ་བྱེད་བཅད་པ་ན།།
     སེམས་ཀྱི་བྲེལ་ཤ་ལུས་ཀྱིས་ག་ལ་ཐེག།
     སེམས་ཀྱི་མདུན་མ་སྒོམ་ཡུན་རིང་ཆེ་བས།།
     བརྩེ་བར་སུན་པ་མེད་ཀྱང་ཨ་ཐང་ཆད།།
     སུ་ལ་རང་དབང་མེད་ན་སྡུག་གིས་འགྲོ།
     རང་གིས་ཅི་འདོད་སྒྲུབ་ན་སྡུག་གིས་འགྲོ།
     མི་ཡི་ཁམས་ཀྱི་ལུས་ཀྱི་སྒོ་མོ་འདི།།
     སྡུག་གི་ཕུང་བོ་ཡིན་པ་གོར་མ་ཆག།
     སྐྱིད་ན་སྐྱིད་ཀྱིས་གད་མོ་རྣ་བར་གཟན།།
     སྡུག་ན་སྡུག་གི་མཆི་མ་སྙིང་ལ་གཟན།།
     སྐྱིད་སྡུག་རེས་མོས་ལོ་ཟླ་འདི་དག་ལ།།
     སྐྱིད་སྡུག་རེ་རེའི་ཟིན་ཐོ་སེམས་སུ་བཀོད།།
     འདུས་པའི་དུས་སུ་གཏིང་ནས་སུན་པ་སྐྱེས།།
     བྲལ་བའི་དུས་སུ་དྲན་པའི་གཞས་ཆུང་ཤོར།།
     མི་རྟག་སེམས་ཀྱི་ཁྱེར་སོ་འདི་དག་གིས།།
     ཐོབ་ཤོར་སྣ་ཚོགས་གཅིག་སྟེང་གཅིག་གིས་བརྩེགས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་འདུ།

2012-02-17 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།

     ཡུན་རིང་སེམས་སུ་བཅགས་པའི་གཤིས་བཟང་དེ།།
     སེམས་ཀྱི་ཟབ་སར་འཛུམ་ལ་འཚོ་ཞིང་གནས།།
     སྐད་ཅིག་ཙམ་གྱི་ཚོར་འདུ་ཕྲ་མོ་ཡིས།།
     ཡིད་ལ་དགའ་བ་སྟོང་དང་སྤྲོ་བ་འབུམ།།
     གཞས་དེར་གཞས་ལན་མེད་ཀྱང་སེམས་སུ་ཉར།།
     གཏམ་དེར་གཏམ་ལན་མེད་ཀྱང་འཛུམ་གྱིས་སྨྲ།།
     འདུ་བྲལ་རེས་སུ་སྤེལ་ཀྱང་སྐྱོ་བའི་དབུལ།།
     དགའ་སྐྱོ་ཆགས་སྡང་མངའ་ཡང་བརྩེ་བས་བཅངས།།
     དུས་གྱི་འགྱུར་བག་མཐོན་པོ་རི་ལ་བཏབ།།
     ལོ་ཟླའི་འཁོར་བསྐྱོད་གདོང་གི་དཔྲལ་བར་བཏབ།།
     བརྩེ་བའི་འདུན་མ་ཁྱོད་ཀྱི་སྙིང་ལ་བཏབ།།
     སེམས་གྱི་ཚོར་འདུ་སོ་སོའི་སེམས་སུ་བཏབ།།
     སེམས་དེ་མི་སྡོད་སྟོང་གསུམ་ཁམས་སུ་མྱུལ།།
     ལུས་དེས་མི་ལྕོག་ཡན་ལག་འདར་ཞིང་གཉོམ།།
     སེམས་གྱི་རྒྱལ་མོ་དེ་ནི་དབང་བཙན ་པས།།
     ཉམ་ཆུང་ལུས་པོས་གཡོག་གི་སྐྱེ་བ་བླངས།།
     རང་གི་ངོ་སོ་བསམ་སྟེ་མགོ་བོ་དགྱེས།།
     ཁྱོད་ཀྱི་སེམས་ཁམས་བསམ་སྟེ་འཛུམ་གྱིས་འཚོ།།
     ངུ་མ་དགོད་ཀྱི་སྣང་ཚུལ་སྣ་ཚོགས་པ།།
     གར་སྟེགས་སྟེང་གི་ཟློས་གར་ཞིག་དང་མཚུངས།
     སྨྲ་མཁས་རྒྱལ་བོའི་སྨྲ་བྱེད་བཅད་པ་ན།།
     སེམས་ཀྱི་བྲེལ་ཤ་ལུས་ཀྱིས་ག་ལ་ཐེག།
     སེམས་ཀྱི་མདུན་མ་སྒོམ་ཡུན་རིང་ཆེ་བས།།
     བརྩེ་བར་སུན་པ་མེད་ཀྱང་ཨ་ཐང་ཆད།།
     སུ་ལ་རང་དབང་མེད་ན་སྡུག་གིས་འགྲོ།
     རང་གིས་ཅི་འདོད་སྒྲུབ་ན་སྡུག་གིས་འགྲོ།
     མི་ཡི་ཁམས་ཀྱི་ལུས་ཀྱི་སྒོ་མོ་འདི།།
     སྡུག་གི་ཕུང་བོ་ཡིན་པ་གོར་མ་ཆག།
     སྐྱིད་ན་སྐྱིད་ཀྱིས་གད་མོ་རྣ་བར་གཟན།།
     སྡུག་ན་སྡུག་གི་མཆི་མ་སྙིང་ལ་གཟན།།
     སྐྱིད་སྡུག་རེས་མོས་ལོ་ཟླ་འདི་དག་ལ།།
     སྐྱིད་སྡུག་རེ་རེའི་ཟིན་ཐོ་སེམས་སུ་བཀོད།།
     འདུས་པའི་དུས་སུ་གཏིང་ནས་སུན་པ་སྐྱེས།།
     བྲལ་བའི་དུས་སུ་དྲན་པའི་གཞས་ཆུང་ཤོར།།
     མི་རྟག་སེམས་ཀྱི་ཁྱེར་སོ་འདི་དག་གིས།།
     ཐོབ་ཤོར་སྣ་ཚོགས་གཅིག་སྟེང་གཅིག་གིས་བརྩེགས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།