དྲན་གདུང་།


ཞོགས་པར་རྟ་བདུན་དབང་བོ་རི་རྩེ་ནས་འཛུམ་དུས།།
ཕ་ཡུལ་བདེ་མོའི་ཐང་གི་བཀྲག་མདངས་དེ་མཛེས་སོང་།།
བུ་ངའི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དེ་དྲན་དུས།།
དྲན་པའི་གདུང་བ་སུས་ཀྱང་འགོག་ཐབས་རང་མི་འདུག།
འོད་སྟོང་ཡོངས་སུ་འཕྲོས་བའི་རྒྱ་ཕིབས་ཀྱི་འོག་ནས།།
སྙན་ཞིང་འཇེབས་པའི་ཆོས་ཀྱི་དབྱངས་རྟ་ལ་འགུག་ཅིང་།།
རྒན་དར་གཞོན་གསུམ་དགེ་བའི་ལེགས་ཚོགས་ཀྱིས་ཕྱུག་དུས།།
དགེ་བའི་དཔལ་ཡོན་རྒྱས་བའི་ཆོས་གླིང་དེ་དྲན་བྱུང་།།
མེ་ཏོག་སྣ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བཀྲ་དུས།།
ཀུན་ཏུ་རྒྱུ་ཡི་རླབས་སྒྲའི་རི་ལུང་ཀུན་དཀྲོགས་ཤིང་།།
ཤུན་པ་ཅན་གྱི་འཁྱུག་རྩལ་རྫོགས་མེད་དུ་ངོམ་དུས།།
དྭངས་གཙང་ལྡན་པའི་སྟག་ཆུ་སྔོན་མོ་དེ་དྲན་བྱུང་།།
ཅང་ཤེས་རྟ་ཕོའི་རྨིག་སྒྲ་བསེར་བུ་དང་བསྡེབས་དུས།།
གཡང་དཀར་ལུག་ཁྱུའི་འབའ་སྒྲ་རི་ལུང་ཀུན་ཁྱབ་ཅིང་།།
དགོ་དགོ་འབྲི་མོའི་འོ་ཞོ་རྒྱ་མཚོ་བཞིན་འཁྱིལ་དུས།།
ཨ་མཆོག་བདེ་མོའི་ཐང་གི་མཚར་སྡུག་དེ་དྲན་བྱུང་།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་གདུང་།

2012-02-14 ཨ་དུང་། ཀློག་གྲངས། མཆན ཡོད།


ཞོགས་པར་རྟ་བདུན་དབང་བོ་རི་རྩེ་ནས་འཛུམ་དུས།།
ཕ་ཡུལ་བདེ་མོའི་ཐང་གི་བཀྲག་མདངས་དེ་མཛེས་སོང་།།
བུ་ངའི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དེ་དྲན་དུས།།
དྲན་པའི་གདུང་བ་སུས་ཀྱང་འགོག་ཐབས་རང་མི་འདུག།
འོད་སྟོང་ཡོངས་སུ་འཕྲོས་བའི་རྒྱ་ཕིབས་ཀྱི་འོག་ནས།།
སྙན་ཞིང་འཇེབས་པའི་ཆོས་ཀྱི་དབྱངས་རྟ་ལ་འགུག་ཅིང་།།
རྒན་དར་གཞོན་གསུམ་དགེ་བའི་ལེགས་ཚོགས་ཀྱིས་ཕྱུག་དུས།།
དགེ་བའི་དཔལ་ཡོན་རྒྱས་བའི་ཆོས་གླིང་དེ་དྲན་བྱུང་།།
མེ་ཏོག་སྣ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བཀྲ་དུས།།
ཀུན་ཏུ་རྒྱུ་ཡི་རླབས་སྒྲའི་རི་ལུང་ཀུན་དཀྲོགས་ཤིང་།།
ཤུན་པ་ཅན་གྱི་འཁྱུག་རྩལ་རྫོགས་མེད་དུ་ངོམ་དུས།།
དྭངས་གཙང་ལྡན་པའི་སྟག་ཆུ་སྔོན་མོ་དེ་དྲན་བྱུང་།།
ཅང་ཤེས་རྟ་ཕོའི་རྨིག་སྒྲ་བསེར་བུ་དང་བསྡེབས་དུས།།
གཡང་དཀར་ལུག་ཁྱུའི་འབའ་སྒྲ་རི་ལུང་ཀུན་ཁྱབ་ཅིང་།།
དགོ་དགོ་འབྲི་མོའི་འོ་ཞོ་རྒྱ་མཚོ་བཞིན་འཁྱིལ་དུས།།
ཨ་མཆོག་བདེ་མོའི་ཐང་གི་མཚར་སྡུག་དེ་དྲན་བྱུང་།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།