ཁྲེལ་མེད་བུ་ཕྲུག་ཅིག་གི་ཕྱིར་མིག

        ___རང་ཉིད་བགྲོད་ཟིན་པའི་བགྲང་བྱ་ཉེར་བཞི་ཙམ་གྱི་ལམ་བུ་དེ་ཕྱིར་མིག་ཅིག་བལྟ་དུས།།
བྱམས་བརྩེའི་དྲོད་ཀྱིས་ཕྱུག་པའི་དྲིན་ཆེན་གྱི་ཕ་ལོ།། 
ལོ་མང་མཉམ་གཤིབ་མེད་རིང་སྐུ་ཁམས་ནི་བདེ་ལགས།།
 ཁྱེད་ཀྱི་ཁྲེལ་མེད་བུ་ཆུང་ལྷ་ལྡན་གྱི་གྲོང་དུ།།   
ནད་ཅན་བདེ་བ་སྟེར་བྱེད་གསོ་རིག་ལ་བརྩོན་ཡོད།།   
སྐྱེས་ནས་ད་ལྟའི་དབར་གྱི་རང་ཉིད་ཀྱི་བགྲོད་ལུཌ།།   
ཕ་མ་མཉམ་འཛོམས་མེད་པའི་སེམས་ཁོང་གི་སྡུག་བསྔལ།།
རིག་པའི་གཞུང་ལ་ཐོས་བསམ་ཅུང་ཟད་ཙམ་བྱེད་ཚུལ།
དཀར་འཇམ་ཤོག་བུའི་ངོས་སུ་མདོར་བསྡུས་ཤིག་གླེང་འདོད།།
 
སྔོན་གྱི་ལས་དང་འཕྲལ་གྱི་རྒྱུ་རྐྱེན་འགའ་སྡེབ་ནས།།                       
བརྩེ་ལྡན་ཡབ་ཡུམ་གཉིས་པོ་སོ་སོ་རུ་གྱེས་ཤིང་།།
ཁྲེལ་མེད་ང་ཡང་སྐྱེས་ནས་ཟླ་ཤས་ཙམ་སོང་མཚམས། །
ཁ་ཟས་ཐོག་མ་ཨ་མའི་ནུ་ཞོ་ལས་མེད་པས།།
དྲིན་ཆེན་ཨ་མས་ཁོ་བོ་ཨམ་ཕྲག་ནང་འཁྱེར་ཏེ།།
ལོ་འགའི་རིང་ལ་གནས་སྐོར་རྟེན་མཇལ་དུ་ཕྱིན་ཞིང་།།
ཐབས་ཤེས་སྣ་ཚོགས་སྤྱད་ནས་ཟས་གོས་སོགས་བསྩལ་ལོ།།
དུས་ཀྱི་འཁོར་ཕྱོགས་ལའང་འགྱུར་ལྡོག་ཞིག་ཕྱིན་ནས།།
ཨ་ཕས་བརྩེ་བའི་ངང་ནས་ཕར་ཕྱོགས་སུ་བསུས་ཏེ།།
ཤེས་དམན་ང་རང་མི་གྲལ་མ་ཚུད་ཀྱི་བར་དུ།།
འཇམ་པོའི་གོས་དང་ཞིམ་པོའི་ཟས་རིགས་ཀྱིས་གསོས་ཤིང་།།
དོན་ལྡན་མི་ཞིག་འགྱུར་ཆེད་བོད་ཡིག་སོགས་བསླབ་ཏེ།།
ཤེས་ཡོན་ལྡན་ན་མི་ལུས་དོན་ཡོད་ཅིག་ཡིན་ཞེས་།།
ཁྱོད་ནི་ང་ཚོའི་རེ་བ་བཅོལ་ས་ཞིག་ཡིན་པས།།
རིག་པའི་གནས་ལ་འབད་བརྩོན་ལྷོད་མེད་ཅིག་བྱོས་ཤིག །
སོ་ནམ་དུས་བཞིར་དཀའ་ཚེགས་ཇི་འདྲ་ཞིག་འཕྲད་ཀྱང་།།
བུ་ཁྱོས་ཡོན་ཏན་སྦྱོངས་དང་ལས་ཀ་གང་མི་དགོས།།
རིག་གནས་ཡོད་པའི་བུ་ཕྲུག་ཡ་རབས་ཤིག་ཆགས་ན།།
ང་ཚོའི་བསམ་དོན་རེ་བ་ཉག་ཅིག་དེ་ཡིན་ཞེས།།
ཁྱེད་ཚོས་ནན་གསུངས་གནང་བའི་ངང་ཚུལ་དེ་ལྷང་ངེར།།
དེ་ལྟར་བགྲང་བྱ་གཅིག་ནས་གཅིག་ཐོག་ལ་ཡོལ་ཞིང་།།
དེ་སྔོན་བསླབ་པའི་བོད་ཡིག་འབྲི་ཀློག་གི་ཐད་ལ།།
རང་དང་མཉམ་པའི་སྐྱེ་བོ་སུ་ཞིག་དང་བསྡུར་ན།།
མགོ་བོ་མི་སྨད་ཅུང་ཟད་འབུར་ཙམ་དུ་ཐོན་པ།།
ཁྱེད་དང་ཨ་མྱེ་སོགས་ཀྱི་བཀའ་དྲིན་ལས་གཞན་སུ།།
སྐབས་འགར་ང་རང་སྡེ་བའི་གྲོང་གསེང་དུ་བསྐྱོད་སྐབས།།
ཕྲུ་གུ་གཞན་གྱིས་ཨ་ཕ་ཨ་མ་ཞེས་འབོད་དུས།།
ཕ་མ་མཉམ་འཛོམས་མེད་པའི་ཁོ་བོ་ཡི་ཚོགས་རྣམས་།།
སེམས་པ་སྡུག་གིས་ཁེངས་པ་ཐེངས་གཅིག་ཀྱང་མིན་ནོ།།
ཉིན་ཞིག་ང་ཚོའི་གྲོང་རོགས་ཁྱིམ་མཚེས་འགས་བཤད་པར།།
ཁྱོད་ཚོའི་ཨ་མ་རང་ཚོའི་གྲོང་རྡལ་དུ་སླེབས་འདུག །
ཁྱེད་གསུམ་བདེ་མིན་སྐོར་ལ་སྐད་ཆ་ཡང་དྲིས་བྱུང་ །།
ཟེར་ཡང་ཁོ་བོ་ཡིད་ཆེས་དེ་ཙམ་ཞིག་མ་བྱུང་།།
ཉིན་ཞིག་ང་རང་གཅིག་པུར་ཕྱུགས་རྫི་ལ་བསྐྱོད་སྐབས།།
ནམ་མཁའ་དྭངས་ཤིང་ཁུ་བྱུག་གསུང་སྐད་དེ་སྙན་ལ།།
སྤང་ཐང་ཐོག་ཏུ་རྟ་ནོར་ལུག་གསུམ་གྱི་ཁེངས་ཤིང་།།
དེ་དག་མ་བུ་མཉམ་དུ་རྩེ་དགའ་ལ་རོལ་སོང་།།
མ་བུའི་བརྩེ་དུང་ཇི་འདྲའི་ལྷད་མེད་ཅིག་རེད་ལ།།
མ་བུ་མཉམ་འཛོམས་ལྡན་པའི་བུ་ཕྲུག་ཚོ་སྐྱིད་ཨང་།།
ཨ་མ་དྲན་པའི་གདུང་བ་སྔར་ལས་ཀྱང་ཇེ་ཆེར།།
དུས་དེར་རང་དང་རྒྱང་ཐག་མི་རིང་བའི་ས་ནས།།
བུད་མེད་ཞིག་གི་ཁ་ཕྱོགས་ང་རང་ལ་གཏད་ནས།།
གོམ་པའི་འདེགས་འཇོག་མྱུར་མོས་ཉེ་ས་རུ་བཅར་བྱུང་།།
བཟའ་བཏུང་བརྔན་པ་སྣ་ཚོགས་ཕྱག་ཟུང་གིས་བསྲིངས་བཞིན།
ང་ནི་ཨ་མ་ཡིན་ཞེས་འཛུམ་མདངས་དང་བཅས་ཏེ།།
ཁྱེད་ཅག་མིང་སྲིང་གསུམ་པོ་ན་ནད་གང་མེད་པར།།
བདེ་ཞིང་སྐྱིད་པའི་ངང་ནས་འཚར་ལོང་ཡང་བྱུང་པ།།
གོ་ཐོས་བྱུང་བས་སྤྲོ་བ་རབ་ཏུ་ནས་འཕེལ་ཞེས།།
ཟེར་ཡང་དང་ལེན་ཡག་པོ་དེ་ཙམ་ཞིག་མ་བྱས།།
ངའི་གདོང་བལྟ་བཞིན་མིག་ཆུའི་ཐིགས་ཕྲེང་ཡང་ཟགས་སོང་།།
ཁོ་བོའི་སེམས་པ་དགའ་སྐྱོ་འདྲེས་མ་ཡི་ངང་ནས།།
རྨི་ལམ་ཡིན་ནམ་ཡང་ན་མངོན་སུམ་ཞིག་ཡིན་ནམ།།
སྙམ་པའི་དབང་གིས་ཐེ་ཚོམ་དྲྭ་བ་རུ་ཚུད་སོང་།།
དེ་ནས་འདས་པའི་ལོ་ཟླ་རིང་མོ་ཡི་ཁྲོད་དུ།།
མ་བུ་ལྷན་འཛོམས་མེད་པའི་དུས་ཚོད་གྱི་ནང་ལ།།
ཕན་ཚུན་འཕྲད་པའི་སོ་སོའི་སེམས་ཁོང་གི་སྡུག་བསྔལ།།
བཤད་ནས་འཁྱུག་ཙམ་ཞིག་ལ་ཉི་མ་ཡང་ལ་ཉེ།།
ཉིན་དེའི་དུས་ཚོད་རྫོགས་པས་སོ་སོ་རུ་འགྲོ་ཁར།།
མ་ཡང་རང་ཚོའི་གྲོང་བརྡལ་གནས་སྤོས་སུ་བྱས་ཡོད།།
དུས་ཚོད་བྱུང་ཚེ་ངའི་ཁྱིམ་མང་ཙམ་དུ་སླེབས་ཤོག །
ཟེར་ནས་ངེད་གཉིས་ཕན་ཚུན་སོ་སོར་དུ་གྱེས་སོང་།།
དགའ་སྤྲོའི་ངང་ནས་ཕྱུགས་ཟོག་ལྷས་ར་རུ་བསྐོར་ཞིང་།།
ཉིན་དེར་འཕྲད་པའི་དོན་དག་ཕྱིར་འདང་ཞིག་བྱེད་དུས།།
གཞན་དང་འདྲ་བའི་ཕ་མ་ཟུང་འཛོམས་ཀྱང་ཡིན་ལ།།
ཉིན་མོ་དེ་ནི་ཁོ་བོའི་མི་ཚེ་ཡི་ཁྲོད་དུ།།
ཧ་ཅང་བརྗེད་ཐབས་བྲལ་བའི་ཉིན་མོ་ཞིག་ལོས་ཡིན།།
སྙམ་བཞིན་རང་དབང་མེད་པར་ཆིག་ལབ་ཀྱང་ཤོར་སོང་།།
ཕ་མ་མཉམ་འཛོམས་མེད་པའི་དུས་ཚོད་ཀྱི་ནང་ལ།།
ང་ཚོ་མིང་སྲིང་གསུམ་པོའི་མི་གཙང་བའི་སྣབས་ལུད།།
མ་དང་འདྲ་བའི་བྱམས་སྐྱོང་ལྷག་པར་དུ་བྱེད་མཁན།
བཀའ་དྲིན་གཞལ་ཐབས་བྲལ་བའི་དྲིན་ཆེན་གྱི་རྨོ་བོར།།
དོན་རྣམས་ཇི་བཞིན་ཞུས་པས་ཁོ་མོ་ཡང་དགའ་སོང་།།
དེ་ནས་ཞག་དང་ཟླ་ནས་ལོ་ཚིགས་རེར་བསྐྱོད་ནས།།
འཁྱུག་ཙམ་ཞིག་ལ་བགྲང་བྱ་བཅུ་གསུམ་ཙམ་ཟིན་ཉེ།།
ཉིན་ཞིག་འགོ་ཁྲིད་འགའ་ཡི་ཚོགས་འདུ་ཞིག་འཚོགས་ཏེ།།
སློབ་ལོ་ལོན་པའི་བུ་ཕྲུག་སློབ་གྲྭ་རུ་གཏོང་དགོས།།
 སློབ་གྲྭར་བཏང་ནས་སློབ་སྦྱོང་ཚུལ་བཞིན་དུ་བྱས་ནས།།
མ་འོངས་རང་གཞན་དོན་གཉིས་ལྷུན་གྱིས་ནི་འགྲུབ་ལ།།
དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་འདི་ཡིས་ཀྱང་བསྐྲུན་ཆོག །
འོད་ཟེར་སྟོང་དང་ལྡན་པའི་མདུན་ལམ་ཡང་རྙེད་ངེས།།
ཞེས་སོགས་སློབ་གསོ་གང་ལ་གང་འཚམ་ཞིག་བཏང་སོང་།།
སྐབས་དེར་སློབ་གསོའི་ཆ་རྐྱེན་ཞན་པོ་ལས་མེད་པས།།
སློབ་གྲྭར་གཏོང་མཁན་ཁྱིམ་ཚང་ཧ་ཅང་གི་ཉུང་ལ །།
གནས་སྐབས་དབྱར་རྩ་དགུན་བུའི་ཡོང་འབབ་ལ་བལྟས་ཏེ།།
མིག་རྒྱང་རིང་དུ་བལྟ་མཁན་ཁྱིམ་བདག་ཡང་ཉུང་ལ།།
རིག་གནས་བརྩོན་སེམས་ལྡན་པའི་བློ་གསར་ཡང་དཀོན་ནོ།།
འོན་ཀྱང་བསམ་བློ་དྲུག་གསུམ་བཅོ་བརྒྱད་དུ་བཏང་མཐར།།
རང་ཉིད་སློབ་གྲྭར་འགྲིམ་པའི་སྙིང་སྟོབས་ཅུང་ལྡན་ཡང་།།
ཁྱིམ་མི་རྣམས་ཀྱིས་མོས་མཐུན་དེ་ཙམ་ཞིག་མ་གནང་།།
དེ་ནས་ཁོ་བོ་ཅི་བྱ་གཏོལ་མེད་དུ་གྱུར་ནས།།
ཉི་མ་གང་འཁྱོལ་ལོ་ངོ་གཉིས་ཙམ་ཡང་སྤྱོད་ཟིན།།
བགྲང་བྱ་བཅོ་ལྔའི་རིང་ལ་བྱམས་བརྩེ་ཡིས་བསྐྱངས་མཁན།།
དྲིན་བྱས་དྲིན་དུ་མི་སེམས་ཁྲེལ་མེད་ཀྱི་ཁོ་བོས།།
བཞག་ཏེ་སོ་སོའི་རང་དོན་ཁོ་ན་ཡི་ཆེད་དུ།།
སླར་ཡང་ཨ་མའི་གམ་དུ་ཕྱིར་ལོག་ཏུ་བྱས་ཏེ།།
གཞི་ནས་སློབ་ཆུང་ལོ་རིམ་བཞི་པ་རུ་ཞུགས་ཤིང་།།
བཤེས་གཉེན་རྣམས་ཀྱི་རྩ་ཆེའི་ཐུགས་ཁུར་གྱི་འོག་དང་།།
རང་གི་ཨ་གསར་དང་བཅས་སྦྱངས་ཁུལ་གྱི་ཚུལ་དུ།།
 རང་རིག་གཙོར་འཛིན་གཞན་རིག་རྨང་གཞི་དེར་བཏིང་ངོ་།།
བོད་ཡིག་འབྲི་ཀློག་སློབ་གྲོགས་གཞན་དག་དང་འདྲ་ཡང་།།
རྒྱ་ཡིག་ཨང་རྩིས་འབྲི་ཀློག་རི་བོང་གི་རྭ་ལྟར།།
གཞན་གྱི་རྒྱ་ཡིག་ཨང་རྩིས་འབྲི་ཀློག་གི་དུས་སུ།།
དེ་དང་མཚུངས་པའི་སློབ་དེབ་དང་པོ་ནས་བཟུང་སྟེ།།
རང་སྦྱོང་གཞན་འདྲི་ཐབས་ཤེས་སྣ་ཚོགས་ཤིག་སྤྱད་ནས།།
བགྲང་བྱ་གཉིས་ནས་སློབ་ཆུང་འཚོ་བ་དེ་མཇུག་སྒྲིལ།།
ཉིས་སྟོང་བཞི་ལོར་ཁྱུང་ཡུལ་སློབ་འབྲིང་གི་ནང་དུ།།
ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་འཛིན་གྱི་སྐྱེས་ཆེན།།
མ་གྱུར་འགྲོ་དོན་ལྷག་བསམ་རྣམ་དག་དུ་དཀར་མཁན།།
གཞན་ཕན་སྙིང་རྗེའི་རང་གཟུགས་རིན་པོ་ཆེ་མཆོག་ནས།།
དམངས་སྒོར་འབུམ་ཕྲག་གསུམ་ལྷག་མ་དངུལ་དུ་བཏང་ནས།།
སྨན་པའི་ཆ་རྐྱེན་དཀོན་པའི་ལུང་ཁུག་ལ་གཞིགས་ཏེ།།
སློབ་མ་གཙོ་བོ་ཞིང་འབྲོག་བུ་ཕྲུག་རྐྱང་བསྡུས་ཤིང་།།
དུས་ཡུན་ལོ་བཞིའི་རིང་ལ་གསོ་རིག་གིས་གཙོས་པའི།།
རྨང་གཞི་ཤེས་བྱ་སྣ་ཚོགས་ཁ་བསྐོང་དུ་བཟོས་ནས།།
མི་གྲངས་ལྔ་བཅུ་ཙམ་གྱི་འཛིན་གྲྭ་ཞིག་གྲུབ་བོ།།
སྔོན་བསགས་ལས་ཀྱི་དབང་གིས་ཁོ་བོ་ཡང་ཚུད་དེ།།
གསོ་རིག་གཞུང་ལ་སྦྱོང་བའི་སྐལ་བཟང་དེ་ལྡན་སོང་།།
ཞུགས་མ་ཐག་ཏུ་མཁས་པའི་གོ་འཕང་འདོད་ཞེས་ལྟར།།
སྔ་ལངས་ཕྱི་ཉལ་བྱས་ཏེ་སྦྱངས་ཁུལ་འདྲ་བྱས་ཏེ།།
བོད་ལུགས་གསོ་རིག་ཞེས་པའི་རྩ་ཆེན་གྱི་གཞུང་གི །
འདིའི་དོན་རྟོག་པར་འདོད་པའི་སྤྲོ་བ་ཞིག་འཕེལ་སོང་།།
བཤེས་གཉེན་དམ་པའི་ལམ་སྟོན་བསླབ་བྱ་ཡི་ཁྲོད་དུ།།
བདག་ལ་རྫོགས་མཐའ་མེད་པའི་ཕུགས་བསམ་ཞིག་བསྐྲུན་ལ།།
ལྔ་རིག་གནས་ཀྱི་རྩི་བཅུད་ལེན་མཁན་དུ་འདོད་ན།།
ཆུང་དུས་ནས་བཟུང་ཤེས་བྱར་འབད་བརྩོན་ཞིག་བྱ་རྒྱུ།།
མན་ངག་གནད་ཅིག་ཡིན་པ་དྲན་སྐུལ་ཞིག་བྱས་སོང་།།
དེ་ལྟར་ཁྱུང་ཡུལ་གསོ་རིག་འཛིན་གྲྭ་ཡི་ནང་དུ།།
བགྲང་བྱ་གཉིས་རིང་ཕ་ནོར་གསོ་རིག་གཙོར་བྱས་པའི།།
ཤེས་རིག་ཀུན་ལ་་ཐོས་བསམ་བགྱིས་ཁུལ་ཞིག་བྱས་ཏེ།།
འཁྱུག་ཙམ་ཞིག་ལ་བགྲང་བྱ་གཉིས་ཙམ་ཞིག་བསྐྱོད་ཟིན།།
དེ་ནས་བདག་གིས་མི་ཚེའི་རིན་ཐང་དེ་རྙེད་ལ།།
ཤེས་རིག་སྒྲོན་མའི་འོད་མདངས་དེ་ནས་ཡང་མཐོང་ཞིང་།།
ལང་ཚོའི་མྱུ་གུ་བུད་ཅིང་ཡལ་འདབ་ཅུང་རྒྱས་སོང་།
སློབ་གྲྭའི་དབུ་ཁྲིད་རྣམ་པས་རོགས་རམ་གྱི་འོག་ཏུ།།
འབྲིང་རིམ་སློབ་གྲྭའི་ནང་དུ་ཡིག་རྒྱུགས་ཤིག་གཏོང་བའི།།
གོ་སྐབས་སྤྲད་པར་དེ་རུ་ཁོ་བོ་ཡང་འཕྲོད་ནས།།
ཉིས་སྟོང་དྲུག་ལོའི་སྤྱི་ཟླ་དགུ་པ་ཡི་ནང་དུ།།
ཆབ་མདོའི་ལས་རིགས་ལག་རྩལ་སློབ་གླིང་དུ་ཕྱིན་ནས།།
ཡང་བསྐྱར་རིག་གཞུང་ཀུན་ལ་བརྩོན་སེམས་ཀྱི་བློ་སྐྱེད།།
ཆེད་ལས་བོད་སྨན་ཐོག་ནས་རྨང་གཞི་ཅུང་ལྡན་པས།།
རང་འདྲའི་དབུས་ནས་རྗེས་སུ་མི་ལུས་པ་བྱུང་ཡང་།།
རྒྱ་ཡིག་སོགས་ཀྱི་རྨང་གཞི་ཧ་ཅང་གི་ཞན་པས།།
འཕུར་འདོད་ལྡན་པའི་གཤོག་སྐྱོན་བྱིའུ་ཆུང་གི་ངང་ཚུལ།།
དུས་རབས་ཉེར་གཅིག་འགྲན་རྩོད་ཆེན་མོ་ཡི་ཁྲོད་འདིར།།
རང་གི་མེས་པོའི་ཤུལ་བཞག་གཙོ་བོ་རུ་བཟུང་ནས།།
ཤེས་བྱ་གཞན་ལ་རྨང་གཞི་གང་འཚམ་ཞིག་མེད་ན།།
མིག་ཡ་ཞར་བའི་ཚོར་སྣང་ཐེངས་མང་ཞིག་སྟེར་བྱུང་།།
རང་དོན་རྒྱབ་བསྐྱུར་གཞན་དོན་དང་ལེན་དུ་བྱེད་མཁན།།
མཁས་མཛངས་ལྡན་པའི་ང་ཚོའི་སྦྱིན་བདག་དང་དགེ་རྒན།།
དྲིན་ཆེན་ཡིན་པ་རྡོ་བརྐོས་རི་མོ་ལྟར་གནས་སོ།།
ཡོངས་འཛིན་རིན་པོ་ཆེ་ཡི་ཐུགས་རྗེ་ཡིས་སྟོབས་དང་།།
དབུ་ཁྲིད་རྣམ་པས་ཐུགས་ཁུར་རྒྱབ་སྐྱོར་གྱི་འོག་ཏུ།།
ཉིས་སྟོང་བརྒྱད་ལོའི་འབྲས་བཟང་སྨིན་པ་ཡི་དུས་དེར།།
གདོང་དམར་བོད་གྱི་ཕ་མཁར་ཕོ་ཏ་ལའི་རྒྱབ་ཏུ།།
གནས་པའི་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་ནང་དུ།།
སློབ་གྲྭར་ཚུད་པའི་བཀྲ་ཤིས་འཕྲིན་བཟང་དེ་འབྱོར་ལ།།
བོད་སྨན་སློབ་ཆེན་འགྲིམ་པའི་སྐལ་བཟང་དེ་ཤར་དུས།།
རྨ་བྱས་འབྲུག་སྐད་ཐོས་ལྟར་དགའ་སྤྲོ་ཡི་ཁེངས་ནས།།
བོང་བུའི་སེང་ལྤགས་གྱོན་ལྟར་སློབ་ཆེན་གྱི་མིང་ཁུར།།
བོད་སྨན་མཁས་རྒུ་འཛོམས་པའི་སློབ་ཆེན་དེར་འབྱོར་སོང་།།
གནས་དེར་རང་རིགས་ཤ་ཞེན་ཧ་ཅང་གི་ཆེ་བའི།།
བཅུ་ཕྲག་གནས་ལ་མཁས་པའི་དགེ་རྒན་ཡང་མང་ལ།།
ལྔ་རིག་གནས་ཀྱི་རྩི་བཅུད་དྭངས་མ་དེ་ལེན་མཁན།།
ཆོལ་གསུམ་གངས་རིའི་བུ་ཕྲུག་བློ་གསར་ཚོའི་འདུ་གནས།།
 རང་སེམས་རྣལ་དུ་ཕབ་ནས་བསམ་གཞིགས་རེ་བྱེད་དུས།།
ཤེས་རིག་ནོར་བུའི་བཅུད་དེ་རང་ཉིད་ཀྱིས་ལེན་དུས།།
སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་ཡང་ ། །
མི་བུ་སོ་སོའི་དད་འདུན་འབད་བརྩོན་ཞིག་བྱ་རྒྱུ།།
ཤིན་ཏུ་གལ་འགངས་ཆེ་བའི་གཙོ་གནད་ཞིག་རེད་སྙམས།།
རིག་གནས་རྨང་གཞིའི་སློབ་མཐར་ཕྱིན་པ་ཞིག་མིན་ཡང་།།
དུས་ཀྱི་ཕོ་ཉས་མ་ཡུམ་སློབ་གླིང་དང་བྲལ་ཉེ།།
འདི་རུ་བདག་གི་བཤེས་གཉེན་སློབ་གྲོགས་དང་མང་བས། །
མི་བཟོད་བྲལ་གདུང་ནན་མོ་རི་རྒྱལ་ལས་ལྕི་ཞིང་།།
འཛོམས་ནས་བྲལ་བ་འཇིག་རྟེན་ཆོས་ཉིད་དེ་ཡིན་ནོ།།
མི་རིང་དུས་བཟང་ཞིག་ནང་སློབ་གླིང་འདིའི་ནང་དུ།།
ཡང་བསྐྱར་རིག་གནས་སྦྱངས་བའི་སྐལ་བཟང་ཞིག་ལྡན་ཤོག །
སློབ་ཆེན་འཚོ་བ་རྫོགས་ཏེ་སྤྱི་ཚོགས་ཀྱི་ཁྲོད་དུ། །
གོམ་ཁ་བསྒྱུར་ལ་ཉེ་བའི་བུ་ཕྲུག་ངའི་མྱོང་ཚོར།།
བྲིས་པ་ཙམ་ལས་རང་ཉིད་གྲགས་ཕྱིར་ནི་མིན་པས།
བྲིས་སྟངས་ནོར་ཡང་གཟིགས་སྟངས་མ་ནོར་བ་མཛོད་ཅིག །
 རྩོམ་འདིའི་འགོ་འཇུག་བར་གསུམ་དུ་དག་བཅོས་གནང་མཁན་རྒན་དཔའ་རྒྱལ་ལགས་ལ་བཀའ་དྲིན་ཆེ་ལན་བརྒྱར་ཞུ་བ་ཡིན།
               ༢༠༡༠.༤.༡༨ཉིན་སློབ་ཐོན་ཁར།  བསྟན་འཛིན་ཡེ་ཤེས་དེས་ལྷ་ས་རུ ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲེལ་མེད་བུ་ཕྲུག་ཅིག་གི་ཕྱིར་མིག

2012-02-12 ལྷ་གཡག་དར་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།