ཁྱོད་དེ་རིང་ལམ་ལ་ཆས་དགོས།

                   ____གྲོགས་པོ་ཞིག་མཚོ་ནུབ་ལ་སྐྱེལ་མ་ཞུས་པ།
གནས་དག་པ་རང་བྱུང་འཇའ་འོད་ཀྱི་ཞིང་ན།།
རྒྱུད་དག་པ་བདེ་ལེགས་ཀུན་འདུས་ཀྱི་བླ་མ།།
ཐུགས་དག་པ་སྣང་སྟོང་ཟུང་འཇུག་གི་བརྩེ་བས།།
སེམས་དག་པའི་རྡོ་རྗེ་སྤུན་གྲོགས་འདི་བསྲུང་རོགས།།
 
སྔོན་ཚེ་རབས་བཟང་བོའི་ལས་འབྲེལ་གྱི་རིལ་བུ།།
གངས་ཁ་བའི་མུ་ཏིག་རྡོག་གཅིག་ཏུ་གྱུར་ནས།།
འདང་འགྱུར་བ་མེད་པའི་ལྷག་བསམ་གྱི་དམ་ཚིག།
ཆུང་མེ་ཏོག་བཏུས་པའི་ལམ་ཁ་ནས་འདྲེས་སོང་།།
 
རྒྱུད་བྱམས་བརྩེས་ཕྱུག་པའི་དངུལ་དཀར་གྱི་བུམ་པ།།
ལུས་མཛེས་སྡུག་རྫོགས་པའི་མེ་ཏོག་གི་གང་བུ།།
དོན་ལེགས་ཚོགས་འབྱུང་བའི་ཡིད་བཞིན་གྱི་མི་འདི།།
ཅི་འདྲ་འདྲའི་གྲོགས་པོ་ལྷུན་གྲུབ་ཅིག་རེད་ཨང་།།
 
སྐྱིད་དགོད་སྒྲས་ཁྱབ་པའི་ལྡིང་ཡངས་སུ་འཛོམས་ཏེ།།
སེམས་སྣང་བ་བྱམས་བརྩེ་ཆར་ཟིལ་གྱིས་བརླན་དུས།།
བྲང་ལེབ་མོར་སྦྱར་བའི་སྙིང་ཐུབ་ཀྱི་གྲོགས་ཁྱོད།།
ཤ་རུས་པའི་གཏིང་གི་མེ་ལྕེ་དང་འདྲ་བྱུང་།།
 
ཡུན་མི་རིང་འཁོར་བའི་སྐྱིད་སྡུག་གི་འཕེལ་ཉམས།།
འཛིན་མི་ཐུབ་དབྱར་ཁའི་ཆར་ཤུལ་གྱི་འཇའ་ཚོན།།
གྲོགས་བཟང་བོ་དྲན་པའི་ཞེ་སྡུག་གི་ན་བུན།།
རིའི་རྩེ་མོར་འཁྱུད་པའི་སྨུག་པ་དང་འདྲེས་སོང་།།
 
དུག་ཉོན་མོངས་འཚུབ་པའི་བཙོན་རྭ་ལ་ལྷུང་བའི།།
ཡིད་ཚོགས་དྲུག་སྣང་བ་རླུང་བུ་ལ་བསྐྱོན་ཏེ།།
ཞེ་དུང་བས་བསྣམས་པའི་འདབ་དྲུག་གི་ཁ་བ།།
དུས་རྒྱུན་དུ་སྙིང་ལ་སིམ་སིམ་དུ་བབས་ཡོང་།།
 
མགོན་བཤེས་གཉེན་འཁྲུངས་པའི་ལུང་རིགས་ཀྱི་གདན་ས།།
དཔལ་འབྱོར་ཕྱུག་འཕེལ་བའི་མཛེས་སྡུག་གི་ཕ་ས།།
གནས་ཉེ་རིང་གང་ནས་སྐྱིད་སྡུག་ལ་འབད་ཀྱང༌། །
སེམས་དུངས་པའི་མདུད་པ་ལྷོད་གྲོལ་དུ་མ་སོང་།།
 
གོས་ངུར་སྨྲིག་བཀླུབས་པའི་རབ་བྱུང་གི་བཙུན་པ།།
དུས་སྙིགས་མས་བསླངས་པའི་རྣོ་དབལ་དང་འགྲོགས་པས།།
དོན་སྒེར་གཅོད་མཛད་པའི་ལས་ཀ་འདིར་གཟིགས་ལ།།
ཆོས་རྒྱལ་བསྟན་སྐྱོང་བའི་སྙིང་སྟོབས་ལ་ཆས་རོགས།།
 
ལོ་ཉིན་ཞག་འདས་པའི་དྲན་སྡུག་གི་འོག་ན།།
སྤུན་གཞིས་བྱེས་མ་འཛོམས་རྒྱུས་མེད་དུ་འཁྱམས་འདུག།
གངས་ཁ་བའི་སྐྱིད་སྡུག་ཐུགས་བརྩེ་ལ་སྣོམས་དང་།།
སྙིང་དམར་བོའི་ཁོང་ན་རེ་བ་ཞིག་ཡོད་ལགས།།
 
གངས་ཞོ་གསར་ལྟ་བུའི་ཉེ་འགྲམ་ལ་བཞུད་དེ།།
ཐུགས་བདེ་བ་ཆེན་པོས་ལྷོད་ལྷོད་ཅིག་མཛོད་དང་།།
གྲོགས་ན་ཟླ་དྲན་པའི་སྙན་ངག་གི་སྦྲང་ཆར།།
དགུང་ཆུ་འཛིན་དཀར་པོའི་འཁྱུག་འགྲོས་ཀྱིས་ཁྱེར་འོང་།།
 
ལོ་ད་ལོར་བཞད་པའི་མེ་ཏོག་གི་རྐེ་རྒྱན།།
ཡིད་དྲན་པས་འགུལ་བའི་རྨི་ལམ་དུ་བཞག་ནས།།
ལས་སྨོན་ལམ་འགྲིག་པའི་ཚེ་མདུད་ཀྱི་དར་སྐུད།།
གཏན་ལྷོད་པ་མེད་པའི་དམ་ཚིག་དང་བསྲེས་ཡོད།།
 
ཚུལ་མི་རྟག་སྒྱུ་མའི་འཇའ་འོད་ཀྱི་སྤྲིན་པ།།
གཤེད་འཆི་བདག་རླུང་གི་ཁ་ཟས་སུ་གྱུར་ཀྱང་།།
ཞེ་སྣང་བ་འདྲེས་པའི་བརྟན་བརླིང་གི་དམ་བཅའ།།
སེམས་དབྱིངས་རིག་རྫོགས་པའི་གུར་ཁང་དུ་སྦས་ཆོག།
 
གནས་མཆོག་གྱུར་རི་བོ་གྲུ་འཛིན་གྱི་ཞིང་ཁམས།།
དཔལ་རྫོགས་ལྡན་དུས་ཀྱི་ལས་སྐལ་དང་ལྡན་ན།།
ཡུལ་འདི་ནས་སླར་ཡང་ཐུགས་སྨོན་གྱིས་འཛོམ་སྟེ།།
ཞལ་འཛུམ་དཀར་རྒྱས་པའི་གཟི་དཔལ་ལ་རོལ་ཆོག།
     ༢༠༠༩    ༡  ༥ཉིན་མཚོ་ཤར་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་དེ་རིང་ལམ་ལ་ཆས་དགོས།

2012-02-10 གངས་ཤར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།