གཞས་ཆུང་སེམས་ཀྱི་འགྱུར་ཁུག

སློབ་གྲྭའི་ཁང་བརྩེགས་མཐོན་པོའི་གཡས་གཡོན་ཀུན་ཉུལ་ཞིང་།།
མི་བཟོས་རྫིང་བུའི་མཐའ་རུ་ངང་ཆུང་བཞིན་འཁོར་ལ།།
སློབ་ཁང་གྲུ་བཞིའི་ནང་ལ་དོན་མེད་དུ་འདུར་ནས།།
སེམས་ཀྱི་གཏད་སོ་ཁྱོད་རིང་ངེས་མེད་དུ་བཙལ་ཡོད།།

ཡར་ངོའི་ཟླ་བ་འདྲ་བའི་ངོ་གདོང་ཆེད་མིན་ལ།།
ཚིག་དྲུག་སྨྱུག་མར་འཁྲུལ་བའི་སྐྱེས་གཟུགས་དོན་མི་སྲིད།།
སྦྲང་རྩི་མངར་མོར་མཆིས་པའི་བརཙེ་དུང་གི་སླད་དང་།།
ཁ་བཏགས་ལས་ཀྱང་དཀར་བའི་སེམས་པ་དེའི་དོན་དུ།།

ཁ་རྩོད་ལག་རྩོད་བྱེད་པའི་འུ་གཉིས་ཀྱི་གོམས་གཤིས།།
ཞེ་སྤོ་ཁོག་ལ་འཇུག་པའི་འུ་གཉིས་ཀྱི་སྣང་བ།།
དོན་དག་བཟང་ངན་མེད་པར་ཕན་ཚུན་ལ་ཞུ་ཚུལ།།
ཕན་ཚུན་ཡིད་ཆེས་རྙེད་པའི་མཇུག་འབྲས་རང་ལོས་ཡིན།།

ཞིང་གྲོང་མཐའ་མ་རེ་ནས་ལང་ཚོ་རང་རྒྱས་ལ།།
འཚོ་བ་ཁ་ཁ་རེ་ནས་ཁོ་ལག་རང་རྫོགས་པའི།།
འུ་གཉིས་སྐྱེད་ཚུལ་གཅིག་གི་གླིང་ཀ་རུ་འཛོམས་ནས།།
གཅིག་གཅིག་སེམས་པ་རུམ་པའི་ངང་ཚུལ་འདི་སྐྱིད་པ།།

མི་ཁ་བཙན་པོའི་དབང་གིས་སྐྱོར་བ་རེ་བྱུང་ཡང་།།
སེམས་ཀྱི་གཏད་སོས་ཕྱིར་དུ་ཉེན་ཁ་ལས་གཡོལ་ཡོད།།
དྲིན་ཆེན་ཕ་མའི་བཀའ་ལ་ཐུགས་ཁུར་ཅིག་ལྗི་ཡང་།།
དྭངས་གཙང་བརྩེ་བའི་དྲིན་གྱིས་འཛོམས་ཐབས་རེ་བཙལ་ཡོད།།

ཁ་པར་གློག་འཕྲུལ་ལམ་ནས་ལབ་གླེང་རེ་བྱེད་དུས།།
ཆུང་ཆུང་སེམས་པའི་དབུས་ལ་དྲོད་ཐིག་རེ་བཞག་ཡོད།།
ཕན་ཚུན་དྲན་པའི་གདུང་བ་མུ་ཏིག་ལ་བརྒྱུས་པ།།
བརྗེད་མེད་སྙིང་གི་དབུས་སུ་མེ་ཏོག་ལྟར་བཞད་ཡོད།།

གྲོང་ཁྱེར་ཆེན་པོའི་སྲང་ལམ་ཀྱག་ཀྱོག་གི་ནང་དུ།།
ཕན་ཚུན་ལག་ལྡིང་སྦྲེལ་བའི་ངང་ཚུལ་དག་དྲན་ན།།
སྐྱིད་པའི་ཁྲག་རྩའི་བཞུར་རྒྱུན་རྦབ་ཆུ་ལྟར་འཁྲུག་པའི།།
ལུས་ཀྱི་བ་སྤུའི་ཚོགས་ཀྱང་རེ་རེ་བཞིན་གཟེངས་འོངས།།

ཁ་མཚར་ཀུ་རེའི་ཚུལ་དུ་ཕུ་བོ་ཞེས་འབོད་དུས།།
ཕྱིར་ལ་སྐྱིན་པའི་ཚུལ་དུ་ཨ་ཅེ་ཞེས་བོས་ཚེ།།
ཕན་ཚུན་ཀླེན་དགོད་བྱས་ནས་བར་སྣང་ཀུན་བཀང་བས།།
ཉེ་བཞིའི་རྒྱ་མི་ཀུན་གྱིས་ཁ་མིག་ཚོ་གདང་ཡོངས།།

ཕན་ཚུན་ལག་ལ་པང་ནས་བྲང་ཁ་ལ་སྦྱར་དུས།།
ཡ་ཁོག་སྙིང་གི་འཕར་ལྡིང་ལུ་གུའི་ཚོགས་རྩེ་རྩེ།།
སེམས་ཀྱི་འཕར་སྒྲ་ཟུང་གཅིག་དུས་མཚུངས་སུ་གྲགས་དུས།།
ལུས་ཀྱི་དབང་ཤེས་ཡོད་ཚད་གཞི་གཅིག་ཏུ་ལྡེབ་འགྲོ །

སེམས་ཀྱི་སྐྱོ་སྡུག་ཡོད་ཚད་བྱ་སྤྱོད་ལས་མངོན་དུས།།
ཆུང་ཆུང་བྱིས་པ་ཞིག་གི་གཤིས་ཀ་ལས་མ་འཆིས།།
ཡིད་འོངས་ཁམ་བུ་འདྲ་བའི་སྙིང་སྡུག་ཁྱོའི་ཡོད་ཚད།།
ཆར་རྗེས་འཇའ་ཚོན་ནང་བཞིན་མཛེས་སྡུག་གིས་ཁེངས་འདུག །

གཡུ་དང་བྱི་རུའི་སྐེ་རྒྱན་ཁྱོད་ཀྱིས་འདོགས་མི་སྲིད།།
སྟག་དང་གཟིགས་སྲམ་ལྤགས་པར་ཁྱོད་རང་དགའ་མི་སྲིད།།
བྱམས་བརྩེ་གཞུང་དྲངས་ལྡན་པའི་སྙིང་ཇེ་ཡི་སེམས་གཤིས།།
རང་བྱུང་ལྷུན་གྱིས་གྲུབ་པའི་བློ་མིག་དེ་ངོ་མཚར།།

ཚོན་དང་ལྐེག་གིས་བྲིས་པའི་ངོ་གདོང་དེ་ཁྱོད་བྲལ།།
རྫས་དང་དྲི་ཆུས་སྤྲས་པའི་ལུས་ཟུང་དེ་ཁྱོའི་མིན།།
ངོ་དགོང་པདྨར་འཁྲུལ་བའི་ལྷན་སྐྱིས་ཀྱི་འོག་ན།།
བཅོས་མིན་ངང་གིས་བཞད་པའི་འཛུམ་ཆུང་དེ་ཡིད་འོངས།།

སེམས་པ་ལྡོག་ལྡོག་ཆ་གཅིག་གསེར་ཟམ་གྱིས་མཐུད་པ།།
ལུས་ཀྱི་དབང་རྩ་ཡོད་ཚད་རང་ཤུགས་ཀྱིས་འདྲེས་པ།།
གསེར་དངུལ་གཡི་བྱིར་ཚོགས་ཀྱིས་ཉོས་པ་རང་མིན་ཀྱང་།།
རིན་ཆེན་སྟོང་ཕྲག་འགའ་ཡི་རིན་ཐང་ལས་གཞལ་ཡོད།།

སེམས་ཀྱི་འཆར་སྒོ་ཁྱོད་ཕྱོགས་ཆས་པ་ནས་བཟུང་སྟེ།།
ཁྱོད་ལ་བཅིངས་བའི་རེ་འདུན་ནན་མོ་ཞིག་བཞགས་ཡོད།།
གཞན་གྱིས་གང་བཤད་ཁ་ལ་ཉན་པ་དེ་བསྐྱུར་ནས།།
གཞན་ལ་རྟེན་པའི་སེམས་ཀྱི་འདུ་ཤེས་དེ་བཅོས་རོགས།།

ཁ་ནས་ཆེ་བཤད་དོན་ལ་ཕན་པ་དེ་ཆུང་ཕྱིར།།
གཞན་འགོ་རང་གནོན་བྱེད་པའི་ཕྲག་དོག་གི་མེ་ལྕེ།།
ཡོད་ཚད་རང་ལས་དམའ་བའི་མཐོང་ཆུང་གི་མིག་ཞགས།།
རང་ཉིད་ཀུན་ལས་འཕགས་པའི་ང་རྒྱལ་སོགས་སྐྱུར་རོགས།།

རང་གི་ངོ་གདོང་ཕྲ་མོའི་རང་བཞིན་གྱི་ལས་ནས།།
སྟོང་བསམ་རྨི་ལམ་རིང་མོ་གཞན་དོན་ལ་ཕྱོགས་པའི།།
མ་ཤེས་ལོག་རྟོག་བྱེད་པའི་ངང་ཆུང་གི་སྤྱོད་ལམ།།
ཉིན་མོའི་འུག་པ་རོག་པོའི་སྤྱོད་ལམ་ལས་མ་འདས།།

སུ་ཡིས་དོན་དུ་འཚོ་བའི་ངེས་ཤེས་ཤིག་རྙེད་ན།།
ཚེ་འདི་རང་ལ་དབང་བའི་གནས་ལུགས་ཙམ་རྟོགས་ན།།
ཕོ་མཆོག་མོ་དམན་ངན་པའི་ལུགས་སྲོལ་དེ་བསྐྱུར་ནས།།
རང་དོན་རང་གིས་སྒྲུབ་པའི་དཔའ་སྤོབས་ཞིག་བསྐྱེད་རོགས།།

གཞན་ཉིད་མགོན་དུ་འཁྲུལ་བའི་སྐྱེས་དམན་གྱི་ལྟ་བ།།
རང་ལུས་གཞན་ལ་འབུལ་བའི་ཅོལ་ཆུང་གི་བྱ་སྤྱོད།།
ཆུ་སྣ་གར་ཁྲིད་ལྟ་བའི་ཚུགས་མེད་ཀྱི་གཤིས་རྒྱུད།།
ཡོད་ཚད་ཚད་མར་འཛིན་པའི་རྨོངས་འཐོམས་སོགས་བསྒྱུར་རོགས།།

ཕུགས་འདུན་གཅིག་ལ་ཕྱོགས་པའི་འདུན་པ་དེ་དོར་ན།།
གང་བཤད་སྟོང་བར་གྱུར་བའི་འབྲས་བུ་དེ་ལོས་ཤེས།།
ཐམས་ཅད་ལག་ལེན་བྱས་ན་མི་འགྲུབ་པ་ཉུང་བའི།།
ཡིད་ཆེས་ཟབ་མོ་དང་བཅས་བརྩོན་པ་ཅིག་བྱེད་རོགས།།

ཕན་ཚུན་དུངས་བའི་ཚུལ་དེ་ཨ་གསར་རང་མ་ཡིན།།
ཁྱོད་ལ་བཤད་པའི་སྙིང་གཏམ་ཁ་ལབ་གང་སྲིད་མེད།།
གཅིག་སེམས་གཅིག་ལས་མཛེས་པའི་རིན་ཐང་དེས་ཆེད་དུ།།
རང་སེམས་གཙང་མའི་བྱུང་བ་དམར་རྗེན་དུ་བྲིས་ཡོད།།

བདག་གིས་ཁྱོད་ལ་བྲིས་པའི་ཡིག་ཚོགས་ཀྱི་ནང་དུ།།
སྙན་འཇེབས་ཁྲི་མ་འབུམ་གྱི་དབང་ཤུགས་ཏེ་བྲལ་མོད།།
ནང་སེམས་ངོས་ནས་བྱུང་བའི་སྐད་ཆ་ཡི་ཚོགས་འདི།།
ཁྱོད་ལ་ཕན་པའི་སེམས་བྱུང་ཟབ་མོ་ཤིག་སྐྱེས་ཡོད།།

བྲང་ཁོག་སྟོད་ན་ཁྱོད་ཀྱི་གཅེས་མིང་ཞིག་མཆིས་ལ།།
ཁྲ་ཆུང་མིག་ན་ཁྱོད་ཀྱི་སྐྱེས་གཟུགས་འདི་སྡུག་པའི།།
དར་ལོང་རྣ་བར་ཁྱོད་ཀྱི་སྙིང་གཏམ་རང་ཟགས་པས།།
དྲན་པའི་གདུང་བ་ཐ་དག་ཡི་གེ་རུ་ཕབས་སོ།།
          སྤྱི་ལོ༢༠༡༠ལོའི་རྒྱ་ཟླ་བདུན་པའི་ཚེས་༢༤ཉིན་མལ་ཁང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞས་ཆུང་སེམས་ཀྱི་འགྱུར་ཁུག

2012-02-08 སྐ་སྲས་གཞོན་ནུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།