མགྱོགས་བྲིས་ཚན་པ་གསུམ།
ནང་བའི་སྟོན་པ།
བསྐལ་བ་བསྐལ་བའི་བསྐལ་ཆེན་དུ་མ་ཡི།།
གྲངས་ཀ་གྲངས་མེད་གསུམ་དུ་ཚོགས་བསགས་པའི།།
སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས།།
སྲས་གཙང་སྲས་པོ་འགྲོ་བའི་གཙུག་གི་རྒྱན།།
ནང་བའི་བསྟན་པ།
གང་ཞིག་རྟོགས་ན་ཐར་བའི་བདེ་བ་ལ།།
ལོངས་སྤྱོད་དཔལ་གྱི་དགའ་སྟོན་རོལ་བ་གང་།།
དེ་བཞིན་གཤེགས་པ་སེང་གེ་ང་རོ་ཡི།།
སྟན་པའི་བསྟན་པ་མ་ནོར་ལམ་གྱི་གཙོ།།
ནང་བའི་ལྟ་བ།
འདུས་བྱས་ཐམས་ཅད་མི་རྟག་བདེན་པར་གྲུབ།།
ཟག་བཅས་ཐམས་ཅད་སྡུག་བསྔལ་བདེན་པར་གྲུབ།།
ཆོས་རྣམས་སྟོང་ཞིང་བདག་མེད་བདེན་པར་གྲུབ།།
མྱང་འདས་ཞི་བར་གསུངས་པ་ལྟ་བའི་མཆོག།
རྩོམ་ཁུངས། ངེད་དྲ་བ།