ཐོལ་བྱུང་གི་འཕྲིན།

ལྷ་བུ་དྲང་སྲོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-29

                ____གྲོགས་ཀྱི་དྭངས་མ་གཙང་བ་ཚང་ལ།
རྣམ་མཁྱེན་ཆོས་ཅན་ལ་སོགས་རྩོད་པ་ལ།།
རྣམ་དཔྱོད་རིག་པ་འཆང་བའི་བློ་གྲོས་ཅན།།
རྣམ་དག་ཡིད་ཀྱི་ཟླ་ཤེལ་བརྩིགས་ངོས་ནས།།
རྣམ་ཀུན་བརྩེ་བའི་སྐུ་ལོ་ཡང་ཡང་དྲན།།
 
རབ་འབྱམས་ཐོས་བསམ་ཕྱོགས་ལ་མངོན་བརྩོན་པའི།།
རབ་མང་དམར་སེར་འདུས་པའི་ཞིང་བཀོད་ཀྱི།།
རབ་བརྗིད་བ་གམ་བརྩེགས་པའི་ཁང་ཚན་ན།།
རབ་དགའ་ཡིད་ཀྱི་སྐུ་ལོ་བདེ་མོ་ལགས།།
 
མཐོ་མཐོ་རྫིག་རྫིག་ལས་ལ་མི་སྤྲོ་ཞིང་།།
ཆེ་ཆེ་དྲག་དྲག་སྤྱོད་ལ་མི་དགའ་བའི།།
ལེགས་ལེགས་བཟང་བའི་ཡོན་ཏན་ཁར་ཁྱེར་བའི།།
བཟང་བཟང་གྲགས་པའི་སྐུ་ལོག་བདེ་མོ་ལགས།།
 
རྨད་བྱུང་ཐུགས་བསྐྱེད་ཟབ་མོ་ལས་འོང་བའི།།
རྨད་བྱུང་ངོ་མཚར་རྫོགས་པའི་གདན་ས་དེ།།
རྨད་བྱུང་ཐོས་བསམ་གླིང་དུ་འཛོམས་པ་ལ།།
རྨད་བྱུང་བསྐལ་བ་བཟང་སྙམ་སྤྲོ་བ་སྐྱེས།།
 
བརྩེ་བ་དམར་པོས་བཞེངས་པའི་མཆོད་ཁང་ན།།
བརྩེ་བས་བརྩེ་བ་བསྣམས་པའི་ཐུགས་རྗེ་ཅན།།
བརྩེ་སེམས་གཙང་མས་བཏེགས་པའི་མཆོད་ཡོན་འདི།།
བརྩེ་སེམས་འཛིན་པའི་ཐུགས་ལ་མཆོད་པར་སྤྲོ།།
                                     མཚོ་མཐའི་ཉི་མའི་གླིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བྱུང་གི་འཕྲིན།

2012-01-29 ལྷ་བུ་དྲང་སྲོང་། ཀློག་གྲངས། མཆན ཡོད།

                ____གྲོགས་ཀྱི་དྭངས་མ་གཙང་བ་ཚང་ལ།
རྣམ་མཁྱེན་ཆོས་ཅན་ལ་སོགས་རྩོད་པ་ལ།།
རྣམ་དཔྱོད་རིག་པ་འཆང་བའི་བློ་གྲོས་ཅན།།
རྣམ་དག་ཡིད་ཀྱི་ཟླ་ཤེལ་བརྩིགས་ངོས་ནས།།
རྣམ་ཀུན་བརྩེ་བའི་སྐུ་ལོ་ཡང་ཡང་དྲན།།
 
རབ་འབྱམས་ཐོས་བསམ་ཕྱོགས་ལ་མངོན་བརྩོན་པའི།།
རབ་མང་དམར་སེར་འདུས་པའི་ཞིང་བཀོད་ཀྱི།།
རབ་བརྗིད་བ་གམ་བརྩེགས་པའི་ཁང་ཚན་ན།།
རབ་དགའ་ཡིད་ཀྱི་སྐུ་ལོ་བདེ་མོ་ལགས།།
 
མཐོ་མཐོ་རྫིག་རྫིག་ལས་ལ་མི་སྤྲོ་ཞིང་།།
ཆེ་ཆེ་དྲག་དྲག་སྤྱོད་ལ་མི་དགའ་བའི།།
ལེགས་ལེགས་བཟང་བའི་ཡོན་ཏན་ཁར་ཁྱེར་བའི།།
བཟང་བཟང་གྲགས་པའི་སྐུ་ལོག་བདེ་མོ་ལགས།།
 
རྨད་བྱུང་ཐུགས་བསྐྱེད་ཟབ་མོ་ལས་འོང་བའི།།
རྨད་བྱུང་ངོ་མཚར་རྫོགས་པའི་གདན་ས་དེ།།
རྨད་བྱུང་ཐོས་བསམ་གླིང་དུ་འཛོམས་པ་ལ།།
རྨད་བྱུང་བསྐལ་བ་བཟང་སྙམ་སྤྲོ་བ་སྐྱེས།།
 
བརྩེ་བ་དམར་པོས་བཞེངས་པའི་མཆོད་ཁང་ན།།
བརྩེ་བས་བརྩེ་བ་བསྣམས་པའི་ཐུགས་རྗེ་ཅན།།
བརྩེ་སེམས་གཙང་མས་བཏེགས་པའི་མཆོད་ཡོན་འདི།།
བརྩེ་སེམས་འཛིན་པའི་ཐུགས་ལ་མཆོད་པར་སྤྲོ།།
                                     མཚོ་མཐའི་ཉི་མའི་གླིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།