བར་གཞས་དང་པོ།༼ཞར་བཀོད་གཅིག་ཡོད༽

གངས་ཞེན།༼མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-27


སྐྱོ་བ་སངས་ཕྱིར་དགའ་བའི་གླུ་ཞིག་བླངས།།
འདུན་པ་མཚོན་ཕྱིར་སྐྱིད་པའི་བྲོ་ཤིག་འཁྲབ།།
མགོ་བོ་དགྱེས་ནས་ཨ་སྔོན་དགོང་ལ་བལྟས།།
ཁྲི་གདུགས་ཉི་མ་ཟེར་བོ་མུན་པས་གཡོགས།།
སྐྱོ་བས་གདུང་སྟེ་ཨ་རག་ཁམ་གང་འཐུང་།།
ཨ་ཐང་ཆད་པའི་དངན་པ་ཡུན་གྱིས་ཤོར།།
གྲགས་པོ་མགོན་པོ་འོངས་ནས་ཆང་འཐུང་ཟེར།།
སྙིང་གྲོགས་སྒྲོལ་མ་འོངས་ནས་གྲོང་སྐོར་ཟེར།།
ན་བུན་མུན་པས་གཡོགས་པའི་འཇིག་རྟེན་ན།།
ང་འཚམས་པའི་གནས་ཤིག་མེད་པས་སྡུག།།
འཁོར་བའི་གྲོང་ན་མེད་མུག་ལུང་བ་གང་།།
གཞུང་དོན་ཁྲོད་ན་འཛད་མེད་ལས་ཚེགས་ཤིག།།
དཔོན་པོའི་གདོང་ན་ཁྲོ་བའི་གདུག་རྩུབ་ཅིག།།
ཉམས་ཆུང་དབེན་པར་རོལ་སའི་གནས་ནི་གང་།།
ཐོབ་ཀྱི་དོན་ལ་བརྩོན་པའི་བླ་ཚོགས་ཤིག།
ཡོན་ཀྱི་དོན་འབད་པའི་བཙུན་ཚོགས་ཤིག།
གོ་ཐོབ་ལས་ཀྱིས་བཞེངས་བའི་འཇིག་རྟེན་ན།།
རེ་བ་ཆུ་ལ་གཏད་པའི་ཉམས་ཆུང་ཞིག།།
མདོ་སྨད་དགེ་ཆོས་དབུས་གཙང་ཞིང་དུ་གཤེགས།།
ངག་དབང་རང་གྲོལ་ཆབ་འགག་གཞུང་དུ་འདས།།
གངས་རི་དཀར་བོའི་གཟི་མདངས་ཉམས་པ་ཡིས།།
གངས་དཀར་ལྷ་མོའི་སྤྱན་ཆབ་ས་ལ་ལྷུང་།།
གདུང་བ་སེལ་ཆེད་ཨ་རག་ཁམ་གསུམ་བཏུང་།།
སྙིང་གྲོགས་གམ་དུ་མེད་པས་ལྷག་དུ་སྡུག།
བསམ་ཀྱིན་བསམ་ཀྱིན་གཏི་མིག་ཞིང་དུ་ཕྱིན།།
རྣམ་ཤེས་འཁྱམ་པོ་རྐུན་པོ་རླུང་གིས་ཁྱེར།།
      
           བར་གཞས་གཉིས་པ།
འཇིག་རྟེན་དཀར་ངོགས་ངོས་ཟིན་ཐོབ་པ་ནས།།
བདེ་སྡུག་སྦྲེལ་བའི་འཁོར་བའི་དབྱིངས་སུ་ལྷུང་།།
རེས་སྐྱིད་རེས་སྡུག་ཆོས་ཉིད་གོ་རིམ་ཁྲོད།།
འཇིག་རྟེན་ཟློས་གར་སྣ་ཚོགས་ཅི་ཡངཔ་མཐོང་།།
ལྷ་ལ་དད་འདུན་ཆེ་བ་མེས་པོའི་སྲོལ།།
འདྲེ་ལ་ངན་གཤིས་གཏོང་བ་དེང་གི་ལུགས།།
ལྷ་འདྲེ་གྲོགས་སུ་སྡེབས་པའི་འཇིག་རྟེན་ན།།
དཀར་ནག་འབྱེད་པའི་མེ་ལོང་མེད་པས་སྡུག།
བོད་མི་ཕལ་ཆེར་ནང་བའི་ཆོས་ལ་དད།།
ཆོས་དཔོན་ཕལ་ཆེར་དཀོན་མོ་རྒྱུ་ལ་དད།།
ཆོས་དང་ཆོས་མིན་འཐབ་པའི་གཡུལ་ས་ནས།།
བསྐལ་བ་སྟོང་གི་སྟོན་པས་མཛད་རྗེས་ཉམས།།
ཨ་ཅེ་སྐལ་བཟང་རྒྱ་ནག་ལུགས་ལ་དད།།
སྲིང་ཆུང་སྒྲོལ་མ་ནུབ་གླིང་སྲོལ་ལ་ཕྱོགས།
དུས་ཀྱི་འགྱུར་བག་རྒོད་པའི་ཆོས་ཉིད་ཁྲོད།།
ཡབ་རྗེ་བཙན་པོ་དག་གི་མཛད་རྗེས་ཉམས།
ཁོ་མོ་ཞལ་ན་བཅོས་མའི་འཛུམ་མདངས་ཤིག།
ང་ཡི་སེམས་ན་དགའ་བའི་རང་མདམས་ཤིག།།
དུང་སེམས་མེ་ཏོག་རྒྱས་པའི་སྐྱེད་ཚལ་ནས།།
སེར་ཆེན་མེ་ཏོག་འདབ་མ་སད་ཀྱིས་ཁྱེར།།
ཁྱེད་དང་ང་ནི་གདུང་རྒྱུད་གཅིག་གི་སྤུན།།
ཡུལ་ཕྱོགས་འདི་ནི་བསིལ་ལྡན་ཁ་བའི་ལྗོངས།།
ན་བུན་གྲོང་གི་སྐྱོ་བའི་གླུ་ཆུང་འདི།།
རྨ་ཀླུང་སྔོན་མོའི་འགྲམ་ནས་ཐོལ་གྱིས་བླངས།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་གཞས་དང་པོ།༼ཞར་བཀོད་གཅིག་ཡོད༽

2012-01-27 གངས་ཞེན།༼མགོ་ལོག༽ ཀློག་གྲངས། མཆན ཡོད།


སྐྱོ་བ་སངས་ཕྱིར་དགའ་བའི་གླུ་ཞིག་བླངས།།
འདུན་པ་མཚོན་ཕྱིར་སྐྱིད་པའི་བྲོ་ཤིག་འཁྲབ།།
མགོ་བོ་དགྱེས་ནས་ཨ་སྔོན་དགོང་ལ་བལྟས།།
ཁྲི་གདུགས་ཉི་མ་ཟེར་བོ་མུན་པས་གཡོགས།།
སྐྱོ་བས་གདུང་སྟེ་ཨ་རག་ཁམ་གང་འཐུང་།།
ཨ་ཐང་ཆད་པའི་དངན་པ་ཡུན་གྱིས་ཤོར།།
གྲགས་པོ་མགོན་པོ་འོངས་ནས་ཆང་འཐུང་ཟེར།།
སྙིང་གྲོགས་སྒྲོལ་མ་འོངས་ནས་གྲོང་སྐོར་ཟེར།།
ན་བུན་མུན་པས་གཡོགས་པའི་འཇིག་རྟེན་ན།།
ང་འཚམས་པའི་གནས་ཤིག་མེད་པས་སྡུག།།
འཁོར་བའི་གྲོང་ན་མེད་མུག་ལུང་བ་གང་།།
གཞུང་དོན་ཁྲོད་ན་འཛད་མེད་ལས་ཚེགས་ཤིག།།
དཔོན་པོའི་གདོང་ན་ཁྲོ་བའི་གདུག་རྩུབ་ཅིག།།
ཉམས་ཆུང་དབེན་པར་རོལ་སའི་གནས་ནི་གང་།།
ཐོབ་ཀྱི་དོན་ལ་བརྩོན་པའི་བླ་ཚོགས་ཤིག།
ཡོན་ཀྱི་དོན་འབད་པའི་བཙུན་ཚོགས་ཤིག།
གོ་ཐོབ་ལས་ཀྱིས་བཞེངས་བའི་འཇིག་རྟེན་ན།།
རེ་བ་ཆུ་ལ་གཏད་པའི་ཉམས་ཆུང་ཞིག།།
མདོ་སྨད་དགེ་ཆོས་དབུས་གཙང་ཞིང་དུ་གཤེགས།།
ངག་དབང་རང་གྲོལ་ཆབ་འགག་གཞུང་དུ་འདས།།
གངས་རི་དཀར་བོའི་གཟི་མདངས་ཉམས་པ་ཡིས།།
གངས་དཀར་ལྷ་མོའི་སྤྱན་ཆབ་ས་ལ་ལྷུང་།།
གདུང་བ་སེལ་ཆེད་ཨ་རག་ཁམ་གསུམ་བཏུང་།།
སྙིང་གྲོགས་གམ་དུ་མེད་པས་ལྷག་དུ་སྡུག།
བསམ་ཀྱིན་བསམ་ཀྱིན་གཏི་མིག་ཞིང་དུ་ཕྱིན།།
རྣམ་ཤེས་འཁྱམ་པོ་རྐུན་པོ་རླུང་གིས་ཁྱེར།།
      
           བར་གཞས་གཉིས་པ།
འཇིག་རྟེན་དཀར་ངོགས་ངོས་ཟིན་ཐོབ་པ་ནས།།
བདེ་སྡུག་སྦྲེལ་བའི་འཁོར་བའི་དབྱིངས་སུ་ལྷུང་།།
རེས་སྐྱིད་རེས་སྡུག་ཆོས་ཉིད་གོ་རིམ་ཁྲོད།།
འཇིག་རྟེན་ཟློས་གར་སྣ་ཚོགས་ཅི་ཡངཔ་མཐོང་།།
ལྷ་ལ་དད་འདུན་ཆེ་བ་མེས་པོའི་སྲོལ།།
འདྲེ་ལ་ངན་གཤིས་གཏོང་བ་དེང་གི་ལུགས།།
ལྷ་འདྲེ་གྲོགས་སུ་སྡེབས་པའི་འཇིག་རྟེན་ན།།
དཀར་ནག་འབྱེད་པའི་མེ་ལོང་མེད་པས་སྡུག།
བོད་མི་ཕལ་ཆེར་ནང་བའི་ཆོས་ལ་དད།།
ཆོས་དཔོན་ཕལ་ཆེར་དཀོན་མོ་རྒྱུ་ལ་དད།།
ཆོས་དང་ཆོས་མིན་འཐབ་པའི་གཡུལ་ས་ནས།།
བསྐལ་བ་སྟོང་གི་སྟོན་པས་མཛད་རྗེས་ཉམས།།
ཨ་ཅེ་སྐལ་བཟང་རྒྱ་ནག་ལུགས་ལ་དད།།
སྲིང་ཆུང་སྒྲོལ་མ་ནུབ་གླིང་སྲོལ་ལ་ཕྱོགས།
དུས་ཀྱི་འགྱུར་བག་རྒོད་པའི་ཆོས་ཉིད་ཁྲོད།།
ཡབ་རྗེ་བཙན་པོ་དག་གི་མཛད་རྗེས་ཉམས།
ཁོ་མོ་ཞལ་ན་བཅོས་མའི་འཛུམ་མདངས་ཤིག།
ང་ཡི་སེམས་ན་དགའ་བའི་རང་མདམས་ཤིག།།
དུང་སེམས་མེ་ཏོག་རྒྱས་པའི་སྐྱེད་ཚལ་ནས།།
སེར་ཆེན་མེ་ཏོག་འདབ་མ་སད་ཀྱིས་ཁྱེར།།
ཁྱེད་དང་ང་ནི་གདུང་རྒྱུད་གཅིག་གི་སྤུན།།
ཡུལ་ཕྱོགས་འདི་ནི་བསིལ་ལྡན་ཁ་བའི་ལྗོངས།།
ན་བུན་གྲོང་གི་སྐྱོ་བའི་གླུ་ཆུང་འདི།།
རྨ་ཀླུང་སྔོན་མོའི་འགྲམ་ནས་ཐོལ་གྱིས་བླངས།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།