རང་སྣང་འཁྲུགས་པའི་རི་མོ།


མི་ཚེ་ཆང་དུ་སྦངས་པའི་འཁྱམས་པོ་ང་ལ། །
འབྱུང་འགྱུར་ཕུགས་ཀྱི་འདུན་མ་གང་ཡིན་མ་འདྲི། །
དབང་ལྡན་ཤེད་ཀྱི་སྟ་གྲི་རྣོ་ངར་ཅན་པོས། །
ང་ལ་ལོག་པའི་ལམ་ཞིག་སྔ་ནས་བཟོས་ཡོད། །

གཟུགས་པོར་ན་ཚ་མང་བའི་གཅོང་བོ་ང་ལ། །
འཇིག་རྟེན་སྣང་བའི་རྩེད་མོ་གང་ཡོད་མ་གསུངས། །
དང་པོ་འདྲིས་པའི་ན་ཆུང་དུངས་ཤ་ཅན་མས། །
ང་ལ་བཅོས་ཐབས་བྲལ་བའི་ནད་ཅིག་བསྒོས་ཡོད། །

དམག་རྟའི་ཤུལ་དུ་ལུས་པའི་སྡར་མ་ང་ལ། །
གྲི་མདུང་འཁོར་གྱི་སྲུང་བ་ཅི་ཡོད་མ་མོལ། །
ནམ་ཞིག་བློ་ལོག་སྐྱེ་བའི་གླགས་རེ་རྙེད་ཚེ། །
བདག་པོའི་གློ་སྙིང་ལེན་པའི་སྟ་གོན་སྒྲིག་ངེས། །

བར་སྣང་དོག་མོའི་འོག་གི་བྱིའུ་ཆུང་ང་ལ། །
ཚེ་སྲོག་རྩིས་ཆེན་ཡིན་པའི་གནས་ལུགས་མ་འདྲེན། །
བརྙས་དམོད་སྙིང་དུ་ཐེབས་པའི་ན་ཟུག་འདི་ཉིད། །
ང་རང་འཆི་བར་མོས་པའི་གནད་ཀ་ཡིན་ནོ། །

གསེར་དངུལ་གླ་ཆ་ཉུང་བའི་གཡོག་པོ་ང་ལ། །
མེས་པོ་རྟུལ་ཕོད་ཅན་གྱི་སྐྱེ་ཁུངས་མ་འདྲི། །
རང་གཞན་ཁྲེལ་བའི་ལས་ཀྱི་བྱ་བ་དུ་མས། །
ང་ཡི་སྐྱི་པགས་ཚ་ཤིང་གནོངས་པར་གཏོང་ངོ། །

དེ་རིང་ཁ་བ་མཐུག་པའི་རི་སིལ་ཞིག་ཏུ། །
རང་སྣང་འཁྲུགས་པའི་རི་མོའི་ཕྱོགས་སུ་བཀྲམས་ཏེ། །
གྲང་བའི་སོ་མང་ཐོགས་པའི་དགུན་གྱི་རྒྱལ་མོར། །
མི་དགྱེས་གཏམ་གྱི་གླུ་ཞིག་འདི་ལྟར་བླངས་སོ། །
                   ༢༠༡༢ལོའི༡ཚེས༡༠ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་སྣང་འཁྲུགས་པའི་རི་མོ།

2012-01-15 འབྲོག་བུ། ཀློག་གྲངས། མཆན ཡོད།


མི་ཚེ་ཆང་དུ་སྦངས་པའི་འཁྱམས་པོ་ང་ལ། །
འབྱུང་འགྱུར་ཕུགས་ཀྱི་འདུན་མ་གང་ཡིན་མ་འདྲི། །
དབང་ལྡན་ཤེད་ཀྱི་སྟ་གྲི་རྣོ་ངར་ཅན་པོས། །
ང་ལ་ལོག་པའི་ལམ་ཞིག་སྔ་ནས་བཟོས་ཡོད། །

གཟུགས་པོར་ན་ཚ་མང་བའི་གཅོང་བོ་ང་ལ། །
འཇིག་རྟེན་སྣང་བའི་རྩེད་མོ་གང་ཡོད་མ་གསུངས། །
དང་པོ་འདྲིས་པའི་ན་ཆུང་དུངས་ཤ་ཅན་མས། །
ང་ལ་བཅོས་ཐབས་བྲལ་བའི་ནད་ཅིག་བསྒོས་ཡོད། །

དམག་རྟའི་ཤུལ་དུ་ལུས་པའི་སྡར་མ་ང་ལ། །
གྲི་མདུང་འཁོར་གྱི་སྲུང་བ་ཅི་ཡོད་མ་མོལ། །
ནམ་ཞིག་བློ་ལོག་སྐྱེ་བའི་གླགས་རེ་རྙེད་ཚེ། །
བདག་པོའི་གློ་སྙིང་ལེན་པའི་སྟ་གོན་སྒྲིག་ངེས། །

བར་སྣང་དོག་མོའི་འོག་གི་བྱིའུ་ཆུང་ང་ལ། །
ཚེ་སྲོག་རྩིས་ཆེན་ཡིན་པའི་གནས་ལུགས་མ་འདྲེན། །
བརྙས་དམོད་སྙིང་དུ་ཐེབས་པའི་ན་ཟུག་འདི་ཉིད། །
ང་རང་འཆི་བར་མོས་པའི་གནད་ཀ་ཡིན་ནོ། །

གསེར་དངུལ་གླ་ཆ་ཉུང་བའི་གཡོག་པོ་ང་ལ། །
མེས་པོ་རྟུལ་ཕོད་ཅན་གྱི་སྐྱེ་ཁུངས་མ་འདྲི། །
རང་གཞན་ཁྲེལ་བའི་ལས་ཀྱི་བྱ་བ་དུ་མས། །
ང་ཡི་སྐྱི་པགས་ཚ་ཤིང་གནོངས་པར་གཏོང་ངོ། །

དེ་རིང་ཁ་བ་མཐུག་པའི་རི་སིལ་ཞིག་ཏུ། །
རང་སྣང་འཁྲུགས་པའི་རི་མོའི་ཕྱོགས་སུ་བཀྲམས་ཏེ། །
གྲང་བའི་སོ་མང་ཐོགས་པའི་དགུན་གྱི་རྒྱལ་མོར། །
མི་དགྱེས་གཏམ་གྱི་གླུ་ཞིག་འདི་ལྟར་བླངས་སོ། །
                   ༢༠༡༢ལོའི༡ཚེས༡༠ལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།