མ་བོས་མགྲོན་པོ།
དེ་རྗེས་དུས་གསར་ལང་ཚོ་དར་ལ་བབ།།
རྒྱུ་དང་རོལ་མོའི་རམ་འདེགས་ལྷན་དུ་འཛོམ།།
ལྷ་དང་ལྷ་མོའི་དཔལ་ཡོན་ཆིབས་ཀྱིས་བསྒྱུར།།
ཡངས་པའི་ས་ཆེན་བྲང་ལ་བྲེལ་ཤ་བསླང་།།
ཕྱི་ཡི་སྣོད་དང་ནང་གི་བཅུད་བཟང་ཡང་།།
མི་བརྟན་རང་རང་གནས་ནས་འགྱུར་ཏེ་ཐལ།།
ཅི་ཡང་མི་བསམ་མི་ཡི་མིག་ལམ་ལ།།
མི་རྟག་དངོས་པོའི་དེ་ཉིད་གཟུགས་སུ་བསྟན།།
རྟེན་འབྱུང་གནམ་གྱི་རྒྱལ་བོའི་བཀའ་ལུང་ལྟར།།
རྒྱུད་འཛིན་གང་དེས་ལས་ཀྱི་འཕྲོ་ཟད་དེ།།
སུས་ཀྱང་སེམས་ལ་འཐོག་པའི་ཕ་ཁྱིམ་ནས།།
མི་མཐུན་ཕྱོགས་ལ་མཐུན་པའི་ཆ་ལེགས་རྫོགས།།
རྩོམ་ཁུངས། ངེད་དྲ་བ།