དྲ་ལམ་གྱི་མྱོང་ཚོར།

ང་རང་དྲ་ལམ་འདི་ལ་ཞུགས་ནས་མི་ལོ་ཕྱེད་གཉིས་སོང་ནས་ཡོད། །
སྤྱིར་ན་དྲ་ཉུལ་བྱ་བ་འདི་ལ་བཟང་ངན་ཁ་ཚོམ་ཆོད་ནི་མིན། །
མི་སྒེར་སོ་སོའི་ངོས་ནས་དབྱེ་ན་འདི་ལ་བཟང་ངན་སྣ་ཚོགས་ཤིག །
གང་ལྟར་སྟབས་བདེའི་ཁོར་ཡུག་ཅིག་སྟེ་དུས་རབས་ཤེས་བྱ་མཁོ་བོ་རེད། །

ཆེ་ཕྱོགས་འཛམ་གླིང་རང་བཞིན་ཅན་གྱི་བྱ་བཞག་མང་པོ་གོང་དུ་ཕུད། །
དེ་ལས་མར་བབ་ཟིན་བྲིས་པོད་ཁུག་རྩོམ་རིགས་བྱ་བ་སྣ་ཚོགས་ལས། །
གླེང་མོལ་གློག་རྩེད་བརྙན་བལྟ་ལ་སོགས་གྲངས་ཀྱི་མི་ཟིན་མང་པོ་རེད། །
འདི་དག་དུས་ཚོད་ཕལ་ཆེར་སྟོང་ཟད་དོན་ཡོད་བྱ་བ་ཉུང་ཤོས་རེད། །

ཟིན་བྲིས་སྡེ་ན་ཁྱུ་མཆོག་གཙོར་བྱས་ཁ་ཡག་ངོ་བསྟོད་བཤད་སྲོལ་དར། །
དོན་དང་དགོས་དབང་ཡོད་ཀྱང་སྲིད་མོད་རྫུན་ཚིག་ལབ་པ་སྤྱི་མཐུན་རེད། །
ཧ་ཅང་ཡོད་ཆེའི་གནད་དོན་རུལ་བོ་མཐོ་དགའ་དམའ་འཇོག་ཤུན་ཏུ་ཡོད། །
འདི་དག་དྲ་བས་མི་རྣམས་བསྒྱུར་བ་ཀླད་དང་སེམས་པའི་ནད་དུག་རེད། །

ཟིན་བྲིས་གོང་བསྒྲིག་མཐོ་དམན་ལ་སོགས་མང་ཤོས་ཕྱོགས་སུ་ལྷོང་ནས་ཡོད། །
ལ་ལའི་ཟིན་བྲིས་ལོ་མང་གཉེར་ཀྱང་དོན་པོ་ཅི་འཁྱོངས་འདི་འཁྱོངས་མེད། །
ཡོངས་རྫོགས་སྙན་གྲགས་དོན་དུ་རེད་ཅེས་ཁ་ཚོམ་བཅད་ཀྱང་ནོར་མི་སྲིད། །
མང་དག་ཞིག་ལ་བརྩེ་དུངས་མ་རྟོགས་ཁ་ཕྱོགས་དོན་ཡོད་གླེང་རྒྱུ་དཀོན། །

ཁྱི་མཆོག་ལ་སོགས་མིང་ཅན་ཞིག་གིས་ཅི་བཤད་གསེར་གྱི་རིན་དུ་བརྩི། །
ཚིག་དོན་གོ་མིན་ཤེས་མིན་གཉིས་ཀྱིས་ཁ་ཡག་ཞབས་མཆན་སྤུང་ནས་ཡོད། །
ཐོབ་ཐང་གསང་བས་མཁས་པའི་གསུང་ལ་ཅོལ་ཆུང་འགའ་རེས་དམའ་འབེབ་བྱེད། །
ཁོ་བོས་འདི་དག་མཐོང་ཐེངས་རེ་ལ་མཚར་སྣང་སྙིང་རྗེ་མཉམ་ཤོར་རེད། །

ཁ་ནས་བཤད་ན་ཤེས་ཡོན་སྡེ་ཞེས་ཚང་མས་ཡིན་ཆགས་ཁྲིགས་ཁྲིགས་བྱེད། །
དོན་ལ་རིག་གནས་རྒྱབ་ལྗོངས་ཞན་ལ་སུམ་རྟགས་ཙམ་ལས་མཁས་པོ་དཀོན། །
གཏིང་ཟབ་གནས་ལུགས་ཤོད་པ་ཉུང་ལ་དྲང་གཏམ་ཤོད་མཁན་དེ་བས་ཉུང་། །
ད་དུང་ཕན་ཚུན་གཅིག་བསྟོད་གཅིག་བཀྱགས་ངོ་མ་བཤད་ན་ངོ་ཚའི་གནས། །

སྐོར་ཞིག་བཅད་རིང་གཉིས་ལ་རྨོངས་ཀྱང་ལྷུག་མ་རྩོམ་གྱིས་མཁས་པོར་འཇོག །
ལྷུག་རྩོམ་ཚད་ལྡན་དཀོན་ཡང་དཀོན་ལ་སྐད་ཆ་ཉག་ཉོགས་ཀུན་ལ་མོད། །
མི་རིགས་སྤྱི་ཚོགས་ཁ་བཤད་ཙམ་གྱིས་སྟོང་བསམ་གླེང་སའི་ཟིན་བྲིས་ནང་། །
རང་གི་དགའ་སྡུག་ཆགས་ཞེན་མ་རྟོགས་སྤྱི་ཚོགས་མཁོ་བའི་བརྩམས་ཆོས་ཉུང་། །

སྐྱོན་ཐོག་མཛུབ་མོ་ཐད་ཀར་མནན་ཀྱང་ཁ་སེམས་དྲང་མོས་ངོས་ལེན་མེད། །
ཕན་ཚུན་ཁ་ཡག་འུར་ལ་བསྐུར་ནས་ང་རྒྱལ་ཚིག་ཤོམ་ཕུད་ལ་དགའ། །
སྐད་ཆ་ཐོབ་ཆེན་བཤད་པའི་རྗེས་ན་ལག་ལེན་མ་ཐེབས་མང་ཡང་མང་། །
དགག་པ་དགོས་ཞེས་མཐོ་ཚོད་མ་ཟིན་སྟོན་པ་འདྲུད་པས་རིགས་དེར་སུན། །

མོ་མིང་མཐོང་ཚེ་ཟིན་བདག་གཙོར་བྱས་དྲ་འབུ་ཡོངས་རྫོགས་འདར་ཤིག་ཤིག །
ངོ་ཚ་བརྗེད་ཅིང་ལ་རྒྱ་བོར་ཏེ་སུ་མགྱོགས་འདྲན་ནས་འདུར་གྱིན་ཡོད། །
ཁ་ཡག་ཚད་བརྒལ་མང་ཙམ་བཤད་ནས་མི་ངོར་བལྟ་ཕོད་ཡོད་དམ་བསམ། །
རྩོམ་གྱི་སྤུས་ཚད་ཅི་ལྟར་སྡུག་ཀྱང་ཞབས་མཆན་འཇོག་དོན་གཞན་ཞིག་རེད། །

སྐད་ཆ་འདི་དག་མངོན་སུམ་ཡིན་ལ་རང་ཁ་ཕར་བཞག་ཡིན་ཆགས་ཡོད། །
སྐྱོན་དག་ཚང་མར་དངོས་ཡོད་ཡིན་ཀྱང་བཀབ་ལས་བཤད་པ་དཀོན་མོ་ཡིན། །
སྐྱོན་ལ་སྐྱོན་དུ་ངོས་ཟིན་ཡོད་དུས་སྐྱོན་དང་མཉམ་དུ་གནས་མི་འདོད། །
སྐྱོན་དེ་ཡོན་ཏན་ཡིན་པར་འཛིན་པ་སོ་སྐྱེས་མི་ཡི་འཁྲུལ་ཕྱོགས་རེད། །
                      ༢༠༡༡   ༡༢   ༥ བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་ལམ་གྱི་མྱོང་ཚོར།

2012-01-07 བཙན་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།