ཟིན་ཐོ་ཁེར་རྐྱང་མ།


སྲིད་པའི་གྲོང་ནས་རྩེད་འཇོར་རོལ་བཞིན་གངས་རིའི་ཁོངས་སུ་གླུ་ཞིག་བླངས།།
རྟོག་བཏགས་དམར་པོའི་འཇིངས་སུ་ནུབ་པས་རང་ཉིད་ཕོངས་པའི་རྒྱུ་རུ་གྲུབ།།
དམར་ཆུང་སེམས་ཀྱི་དོ་ཡ་ལྕི་བས་ལུས་ཟུངས་ཅི་འདྲའི་ཉམ་ཐག་ཅིག།
ཐོབ་ཤོར་མང་པོའི་བར་གསེང་དེ་རུ་འོ་དོད་སྨྲེ་ངག་འདུར་ཞིང་རྒྱུགས།།
 
ཁང་པ་གྲུ་བཞིའི་གཏམ་རྒྱུད་ཁྲོད་ན་བསམ་གཞིགས་མང་པོ་ཅི་འདྲའི་མོད།།
བསམ་གཞིགས་མང་པོའི་ཕ་རོལ་དེ་རུ་བྱམས་པའི་འཛུམ་མདངས་སྙིང་དུ་སྡུག།
ཡིད་འོངས་འཛུམ་མདངས་བསམས་བཞིན་བསམས་བཞིན་སེམས་ཀྱི་ཟབ་སར་གཟེར་ཞིག་ལངས།།
གཟེར་དེ་འཇོམས་མཁན་དོན་གྱི་ལྷ་རྗེ་འཇིག་རྟེན་འདི་རུ་དཀོན་ནམ་སྙམ།།
 
ཟོལ་མེད་སྙིང་གཏམ་སྙིང་ལ་བཞག་ཀྱང་སྙིང་གི་གཏིང་ནས་འཛུམ་ཞིག་ལངས།།
བཅོས་མའི་འཛུམ་ལ་རྣམ་རྟོག་མེད་པས་གཡོ་ཅན་རྔོན་པའི་རྙི་རུ་ཚུད།།
སྔོན་སྨོན་ལས་འབྲས་རྒྱབ་ཏུ་བསྐྱུར་སྟེ་གཡོ་ལ་ཆགས་པས་རྣམ་སྨིན་གྱིས།།
མྱ་ངམ་ཐང་གི་རྐང་རྗེས་ཟད་པོ་རླུང་གིས་གཙེས་ཤིང་མཁའ་རུ་སྤུར།།
 
ཡིད་འོངས་འཛུམ་མདངས་རྒྱང་དུ་བཞུད་པའི་དྲན་གདུང་ཟབ་མོའི་སྡུག་ཡུས་ལྕི།།
ཁང་པ་གྲུ་བཞིའི་གོ་རིམ་ཁྲོད་དུ་རང་ལ་རན་པའི་བསྟི་གནས་དབེན།།
རང་སར་ལུས་པའི་ཁོར་ཡུག་འདི་ན་ཤུགས་རིང་མང་པོས་ཧབ་ཆ་དགོད།།
གངས་རིའི་ཁོངས་ཀྱི་གླུ་ཆུང་དེ་ནི་བདག་གི་དྲན་པའི་ཟིན་ཐོ་ཡིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟིན་ཐོ་ཁེར་རྐྱང་མ།

2012-01-02 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


སྲིད་པའི་གྲོང་ནས་རྩེད་འཇོར་རོལ་བཞིན་གངས་རིའི་ཁོངས་སུ་གླུ་ཞིག་བླངས།།
རྟོག་བཏགས་དམར་པོའི་འཇིངས་སུ་ནུབ་པས་རང་ཉིད་ཕོངས་པའི་རྒྱུ་རུ་གྲུབ།།
དམར་ཆུང་སེམས་ཀྱི་དོ་ཡ་ལྕི་བས་ལུས་ཟུངས་ཅི་འདྲའི་ཉམ་ཐག་ཅིག།
ཐོབ་ཤོར་མང་པོའི་བར་གསེང་དེ་རུ་འོ་དོད་སྨྲེ་ངག་འདུར་ཞིང་རྒྱུགས།།
 
ཁང་པ་གྲུ་བཞིའི་གཏམ་རྒྱུད་ཁྲོད་ན་བསམ་གཞིགས་མང་པོ་ཅི་འདྲའི་མོད།།
བསམ་གཞིགས་མང་པོའི་ཕ་རོལ་དེ་རུ་བྱམས་པའི་འཛུམ་མདངས་སྙིང་དུ་སྡུག།
ཡིད་འོངས་འཛུམ་མདངས་བསམས་བཞིན་བསམས་བཞིན་སེམས་ཀྱི་ཟབ་སར་གཟེར་ཞིག་ལངས།།
གཟེར་དེ་འཇོམས་མཁན་དོན་གྱི་ལྷ་རྗེ་འཇིག་རྟེན་འདི་རུ་དཀོན་ནམ་སྙམ།།
 
ཟོལ་མེད་སྙིང་གཏམ་སྙིང་ལ་བཞག་ཀྱང་སྙིང་གི་གཏིང་ནས་འཛུམ་ཞིག་ལངས།།
བཅོས་མའི་འཛུམ་ལ་རྣམ་རྟོག་མེད་པས་གཡོ་ཅན་རྔོན་པའི་རྙི་རུ་ཚུད།།
སྔོན་སྨོན་ལས་འབྲས་རྒྱབ་ཏུ་བསྐྱུར་སྟེ་གཡོ་ལ་ཆགས་པས་རྣམ་སྨིན་གྱིས།།
མྱ་ངམ་ཐང་གི་རྐང་རྗེས་ཟད་པོ་རླུང་གིས་གཙེས་ཤིང་མཁའ་རུ་སྤུར།།
 
ཡིད་འོངས་འཛུམ་མདངས་རྒྱང་དུ་བཞུད་པའི་དྲན་གདུང་ཟབ་མོའི་སྡུག་ཡུས་ལྕི།།
ཁང་པ་གྲུ་བཞིའི་གོ་རིམ་ཁྲོད་དུ་རང་ལ་རན་པའི་བསྟི་གནས་དབེན།།
རང་སར་ལུས་པའི་ཁོར་ཡུག་འདི་ན་ཤུགས་རིང་མང་པོས་ཧབ་ཆ་དགོད།།
གངས་རིའི་ཁོངས་ཀྱི་གླུ་ཆུང་དེ་ནི་བདག་གི་དྲན་པའི་ཟིན་ཐོ་ཡིན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།