ས་ཆུ་མེ་རླུང་གིས་ཁྱེད་ལ་གསལ་བསྒྲགས་ཤིག་བྱ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-02


ས་སྟེང་ཀུན་ལ་གསལ་བསྒྲགས་ཤིག་བྱས་ན།།
ས་བརྐོ་རྡོ་སློག་ཕ་མཐའ་ལ་བསྐྲད་ཅིང་།།
ས་རྩོད་ཆུ་རྩོད་སྔ་མོ་ནས་ཆད་པའི།།
ས་སྟེང་འདི་ཡི་ཡང་རྩེ་ཡི་བོད་ཀྱང་།།
ས་ཡི་གོ་ལའི་མྱི་བུ་ཞིག་ཡིན་ནོ།།
 
ཆུ་འཐུང་ཀུན་ལ་ཡང་གསལ་ཞིག་བྱས་ན།།
ཆུ་མིག་དྭངས་མོར་མཆོད་ཀ་རེ་བྱས་ཤིང་།།
ཆུ་མོ་ཡོད་ཚད་མིག་ལྟར་རེ་གཅེས་པའི།།
ཆུ་སྣ་ཀུན་གྱི་མགོ་ཁུངས་ཀྱི་བོད་ཀྱང་།།
ཆུ་འཐུང་གྲས་ཀྱི་མྱི་བུ་ཞིག་ཡིན་ནོ།།
 
མེ་བསྲོ་ཀུན་ལ་བསྐྱར་གསལ་ཞིག་བྱས་ན།།
མེ་ཕུང་སྐོར་བྲོའི་གླུ་གར་ལ་རོལ་ཞིང་།།
མེ་ཡིས་སྒྲོན་པའི་མཆོད་མེ་དེར་དུངས་པའི།།
མེ་རེ་དབེན་པའི་ཁ་བ་ཡི་བོད་ཀྱང་།།
མེ་བཞིན་འབར་བའི་མྱི་བུ་ཞིག་ཡིན་ནོ།།
 
རླུང་ལྟར་གཡོ་བར་ནན་གསལ་ཞིག་བྱས་ན།།
རླུང་ལྷ་རྒན་པོའི་ཁ་དབྱངས་རེ་འབོད་ཅིང་།།
རླུང་རྟ་དགུང་སྔོན་ཨ་དབྱིངས་སུ་སྤུར་པའི།།
རླུང་གི་ནང་གི་ནར་སོན་གྱི་བོད་ཀྱང་།།
རླུང་ལ་ཞོན་པའི་སྤྲིན་པ་དེ་མིན་ནོ།།
 
འབྱུང་བཞི་ཁམས་ཀྱི་མི་གཞི་ཞིག་གླེང་ན།།
ས་ཡི་གཡོ་བར་རྒོལ་ལམ་རེ་བྱས་ཤིང་།།
ཆུ་ཡིས་འཚེ་བར་ཨ་ལན་རེ་སྤྲོད་པའི།།
རླུང་ལ་མི་འཇིགས་བརྟན་ཚིགས་ཀྱི་བོད་མིའི།།
མེ་ལྟར་འབར་བའི་ཐོབ་ཐང་དེ་འཕྲོག་འདུག།
                   ༢༠༡༡ ༡༢ ༡༩   ནངས་མོར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཆུ་མེ་རླུང་གིས་ཁྱེད་ལ་གསལ་བསྒྲགས་ཤིག་བྱ།

2012-01-02 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ས་སྟེང་ཀུན་ལ་གསལ་བསྒྲགས་ཤིག་བྱས་ན།།
ས་བརྐོ་རྡོ་སློག་ཕ་མཐའ་ལ་བསྐྲད་ཅིང་།།
ས་རྩོད་ཆུ་རྩོད་སྔ་མོ་ནས་ཆད་པའི།།
ས་སྟེང་འདི་ཡི་ཡང་རྩེ་ཡི་བོད་ཀྱང་།།
ས་ཡི་གོ་ལའི་མྱི་བུ་ཞིག་ཡིན་ནོ།།
 
ཆུ་འཐུང་ཀུན་ལ་ཡང་གསལ་ཞིག་བྱས་ན།།
ཆུ་མིག་དྭངས་མོར་མཆོད་ཀ་རེ་བྱས་ཤིང་།།
ཆུ་མོ་ཡོད་ཚད་མིག་ལྟར་རེ་གཅེས་པའི།།
ཆུ་སྣ་ཀུན་གྱི་མགོ་ཁུངས་ཀྱི་བོད་ཀྱང་།།
ཆུ་འཐུང་གྲས་ཀྱི་མྱི་བུ་ཞིག་ཡིན་ནོ།།
 
མེ་བསྲོ་ཀུན་ལ་བསྐྱར་གསལ་ཞིག་བྱས་ན།།
མེ་ཕུང་སྐོར་བྲོའི་གླུ་གར་ལ་རོལ་ཞིང་།།
མེ་ཡིས་སྒྲོན་པའི་མཆོད་མེ་དེར་དུངས་པའི།།
མེ་རེ་དབེན་པའི་ཁ་བ་ཡི་བོད་ཀྱང་།།
མེ་བཞིན་འབར་བའི་མྱི་བུ་ཞིག་ཡིན་ནོ།།
 
རླུང་ལྟར་གཡོ་བར་ནན་གསལ་ཞིག་བྱས་ན།།
རླུང་ལྷ་རྒན་པོའི་ཁ་དབྱངས་རེ་འབོད་ཅིང་།།
རླུང་རྟ་དགུང་སྔོན་ཨ་དབྱིངས་སུ་སྤུར་པའི།།
རླུང་གི་ནང་གི་ནར་སོན་གྱི་བོད་ཀྱང་།།
རླུང་ལ་ཞོན་པའི་སྤྲིན་པ་དེ་མིན་ནོ།།
 
འབྱུང་བཞི་ཁམས་ཀྱི་མི་གཞི་ཞིག་གླེང་ན།།
ས་ཡི་གཡོ་བར་རྒོལ་ལམ་རེ་བྱས་ཤིང་།།
ཆུ་ཡིས་འཚེ་བར་ཨ་ལན་རེ་སྤྲོད་པའི།།
རླུང་ལ་མི་འཇིགས་བརྟན་ཚིགས་ཀྱི་བོད་མིའི།།
མེ་ལྟར་འབར་བའི་ཐོབ་ཐང་དེ་འཕྲོག་འདུག།
                   ༢༠༡༡ ༡༢ ༡༩   ནངས་མོར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།