ངའི་སེམས་རིས།

ལུས་སེམས་དལ་ཅིག་ཁོམ་པའི་བར་མཚམས་དེ་ལ། །
ཚོར་ཤེས་ཟབ་མོས་ལུས་ངག་འདར་བའི་ཤུགས་ལ། །
ནང་སེམས་དམར་པོ་བོད་མིའི་ཁྲོམ་ལ་བཤམ་ཕྱིར། །
རྨ་འབྲོག་བུ་ལོས་འགྱུར་ཁུག་ལན་གཅིག་བཏང་ཡོད། །

ལོ་ཟླའི་གདོང་ལ་བཀབ་པའི་སྐྱོ་སྣང་ཐུན་འགའ། །
སྙན་ཚིག་འགྲིན་པའི་དབྱངས་ལ་བཀུག་ཏེ་ཕུལ་བ། །
གདོང་དམར་བོད་པའི་རུས་རྐང་སྲ་བརྟན་ཅན་པོ། །
གོ་བ་ལན་གཅིག་འཕྲོད་པའི་སྨོན་ལམ་བཏབ་ཡོད། །

ལྟོ་བ་ཟས་ཀྱིས་འགྲེང་ཙམ་ཡར་ཐོན་མ་ལེགས། །  
ཁ་ཤོམ་མཐོན་པོ་བདེན་པའི་ལེགས་བཤད་མ་རེད། །
སེམས་ཀྱི་ཉི་ཟླ་ཁ་ཁར་བཏང་བའི་ཉིན་ནས། །
བོད་ཡུལ་མུན་པའི་སྨག་རིམ་སངས་ཐབས་མ་ཡོད། །

སྤྱི་མཐུན་རང་ལུགས་ལྟ་བ་དྲང་བདེན་མིན་ལ། །
རང་སྐྱོང་རང་སྤེལ་ཁ་ཚིག་སྐྱིད་པོ་ཙམ་རེད། །
སྲོག་དང་བླ་རུ་ཆགས་པའི་སྐད་ཡིག་ནོར་བུ། །
བཙན་ཤེད་སྒོ་མོ་གང་ནས་ཐར་ཐམས་མ་ཡོད། །

རང་ས་རང་ལ་སྤྲད་ཞེས་ལྕགས་རིམ་བསྐོར་ཏེ། །
ཕུ་ནུའི་སེམས་ལ་བར་ཁྱད་རིང་དུ་སོང་འདུག།
རིན་ཆེན་གཏེར་གྱི་བང་མཛོད་གཞན་དུ་ཁྱེར་བས། །
ཕྱི་སྣོད་ནང་བཅུད་ཐབས་དང་བཙན་གྱིས་བརླགས་སོ། །

ཆོས་དད་རང་དབང་རང་ལ་གནམ་གྱིས་སྤྲད་ཟེར། །
དམ་པ་གང་དག་བཞུགས་སའི་གནས་ཙམ་མ་ཡོད། །
དམར་མདོག་དགྲ་རུ་འཛིན་པའི་མེ་མདའ་རིང་མོ། །
སུ་ཡིས་ཆེད་དུ་བཟོས་སོགས་སེམས་ལ་གཟན་ནོ། །

སྨྲ་བརྗོད་ཐོབ་ཐང་སྤྱི་སྒེར་གང་ལ་ཡོད་སོགས། །
སྙན་མོའི་ཚིག་ལ་ཉན་ཡང་དོན་འབྲས་ཆུང་བ། །
སྐྱིད་སྡུག་སེམས་ཚོར་ངག་ལ་གྱེར་དབང་མ་ཡོད། །
མིག་ཆུ་གདོང་ནས་མ་སྐམ་ལོ་མང་འདས་སོང་། །

མཐུན་སྒྲིལ་ཟེར་བ་སྤྱི་བཤད་སྲོལ་དུ་ཆགས་ཙམ། །
དོན་གྱི་ལག་ལེན་རང་སྟེང་སླེབ་དུས་ཤོར་སོང་། །
རང་རིགས་ཟེར་ནས་ཀྭི་རིང་འདེབས་ཁུལ་བྱས་ཀྱང་། །
མགོ་བོ་ལག་པས་སྐྱོར་བའི་འཇིག་སྐྲག་ཡོད་དོ། །
                     ༢༠༡༡   ༡༢    ༢༣་རང་ཁྱིམ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སེམས་རིས།

2011-12-31 བཙན་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།