ཨ་མ་ལགས། ང་ནར་སོན་ཡོད།


ཨ་མ་ལགས། ང་ནར་སོན་ཡོད །
ཁ་སང་ནོར་ལུགས་གི་རྨིག་རྗེས་སྙེག་ཞོར །
དབྱངས་གསལ་སོ་བཞིའི་རོལ་དབྱངས་ལེན་པར་སྨོན་མཁན།
སྣ་ལུད་ཅན་གྱི་བུ་ཆུང་ང་ནར་སོན་ཡོད།
 
ཨ་མ་ལགས། ང་ནར་སོན་ཡོད།
དེ་རིང་ངས་རྒྱང་རིང་གི་སློབ་ཆེན་ཞིག་ན།
ཤེས་རིག་གི་གོ་ཆ་སྤུད་ཀྱིན།
ལ་རྒྱ་ཡི་བཀྲག་མདངས་ཤིག་ངའི་བྱ་སྤྱོད་ན་མངོན་ཡོད།
ལས་འབྲས་ཀྱི་ངེས་ཤེས་ངའི་སྙིང་ཁར་སྔ་མོ་ནས་འཁྲུངས་ཡོད།
གདོང་གཤིས་ན་སྦྲང་དཀར་རྩམ་པའི་འཛུམ་མདངས་ཤིག་རྒྱས་ཡོད།
ཨ་མ་ལགས། ང་ནར་སོན་ཡོད།
ཁྱེད་ཀྱི་གཅེས་ཕྲུག་གཞན་ཡུལ་འདི་ན།
ཤེས་རིག་གི་ཟས་སྣ་འཛོམས་སར།
བླང་དོར་གྱི་ཡི་ག་དྭངས་ཡོད།
མ་ལོས་སངས་དང་རླུང་རྟའི་ཕོ་ཉར་མངགས་པའི།
སྨོན་ལམ་གྱི་གྲུ་འདེགས་འོག།
ང་བདེ་ཐང་ངང་ནར་སོན་ཡོད།
ཨ་མ་ལགས། ང་ནར་སོན་ཡོད།
གཞན་ཡུལ་གྱི་འདུ་འཛི་འདི་ན།
སྐྱུར་རྩི་དང་རྒྱན་འཛུགས་གི་ཞེན་གོས་མེད་ལ།
གཡོ་ལས་འཁྲུངས་པའི་དམན་ཤར་མའི།
ལྗན་ལྗིན་གྱི་བརྩེ་དུང་བདག་ལ་འབོགས་མེད།
དེ་བས་ངའི་མ་འོངས་པ་གཞན་ལ་གཏའ་མར་བཞག་མེད།
ཨ་མ་ལགས། ང་ནར་སོན་ཡོད།
མི་རིང་བར་གཤོག་རྩལ་རྒྱས་པའི་རྒོད་ཕྲུག་བཞིན།
མཐོ་སྒང་གི་མཁའ་དབྱིངས་སུ་ལྡིང་ཆོག
                 ཕྱི་ལོ་༢༠༡༢ལོའི་ཟླ་བ་༠༣ཚེས་༨ཉིན།།
ལྷ་ལྡན་གྲོང་དུ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ་ལགས། ང་ནར་སོན་ཡོད།

2012-06-21 ཤངས་པ་བསྟན་དོན། ཀློག་གྲངས། མཆན ཡོད།


ཨ་མ་ལགས། ང་ནར་སོན་ཡོད །
ཁ་སང་ནོར་ལུགས་གི་རྨིག་རྗེས་སྙེག་ཞོར །
དབྱངས་གསལ་སོ་བཞིའི་རོལ་དབྱངས་ལེན་པར་སྨོན་མཁན།
སྣ་ལུད་ཅན་གྱི་བུ་ཆུང་ང་ནར་སོན་ཡོད།
 
ཨ་མ་ལགས། ང་ནར་སོན་ཡོད།
དེ་རིང་ངས་རྒྱང་རིང་གི་སློབ་ཆེན་ཞིག་ན།
ཤེས་རིག་གི་གོ་ཆ་སྤུད་ཀྱིན།
ལ་རྒྱ་ཡི་བཀྲག་མདངས་ཤིག་ངའི་བྱ་སྤྱོད་ན་མངོན་ཡོད།
ལས་འབྲས་ཀྱི་ངེས་ཤེས་ངའི་སྙིང་ཁར་སྔ་མོ་ནས་འཁྲུངས་ཡོད།
གདོང་གཤིས་ན་སྦྲང་དཀར་རྩམ་པའི་འཛུམ་མདངས་ཤིག་རྒྱས་ཡོད།
ཨ་མ་ལགས། ང་ནར་སོན་ཡོད།
ཁྱེད་ཀྱི་གཅེས་ཕྲུག་གཞན་ཡུལ་འདི་ན།
ཤེས་རིག་གི་ཟས་སྣ་འཛོམས་སར།
བླང་དོར་གྱི་ཡི་ག་དྭངས་ཡོད།
མ་ལོས་སངས་དང་རླུང་རྟའི་ཕོ་ཉར་མངགས་པའི།
སྨོན་ལམ་གྱི་གྲུ་འདེགས་འོག།
ང་བདེ་ཐང་ངང་ནར་སོན་ཡོད།
ཨ་མ་ལགས། ང་ནར་སོན་ཡོད།
གཞན་ཡུལ་གྱི་འདུ་འཛི་འདི་ན།
སྐྱུར་རྩི་དང་རྒྱན་འཛུགས་གི་ཞེན་གོས་མེད་ལ།
གཡོ་ལས་འཁྲུངས་པའི་དམན་ཤར་མའི།
ལྗན་ལྗིན་གྱི་བརྩེ་དུང་བདག་ལ་འབོགས་མེད།
དེ་བས་ངའི་མ་འོངས་པ་གཞན་ལ་གཏའ་མར་བཞག་མེད།
ཨ་མ་ལགས། ང་ནར་སོན་ཡོད།
མི་རིང་བར་གཤོག་རྩལ་རྒྱས་པའི་རྒོད་ཕྲུག་བཞིན།
མཐོ་སྒང་གི་མཁའ་དབྱིངས་སུ་ལྡིང་ཆོག
                 ཕྱི་ལོ་༢༠༡༢ལོའི་ཟླ་བ་༠༣ཚེས་༨ཉིན།།
ལྷ་ལྡན་གྲོང་དུ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།