ཆར་ཞུའི་ཡི་གེ

ས་སྐྱ་བ་བསོད་ཚེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-20

              ____གུས་ཤིང་བརྩེ་བའི་གནམ་རྒན་མའི་ཞབས་དྲུང་དུ་ཆེད་ཕུལ།
ད་ལོའི་ལོ་ལས་ཚ་བ། །ད་ལོའི་ལོ་ལས་ཉོབ་པ། །
སྤྱི་ཟླ་དྲུག་པ་ཤར་ཡང་། ཆར་པ་འབབ་རྒྱུ་མི་འདུག །

ཇོ་མོ་གླང་མའི་ཞོལ་དུ། །གྲང་ངར་ཆེ་ཚོད་ཡིན་ཡང་། །
ཆར་ཆུ་དཀོན་པའི་དུས་ལ། །ཚ་གདུང་བཟོད་ཐབས་མི་འདུག །

འཛམ་གླིང་ཚ་དྲོད་འཕེལ་ཞེས། །བདེན་པའི་སྐད་ཆ་རེད་འདུག །
ཚ་བ་ཆེ་རང་ཆེ་བས། །ཇོ་མོ་གླང་མ་བཞུར་སོང་། །

ཚ་དང་གདུང་བས་མནར་བའི། །ད་ལོའི་དཔྱིད་ཉི་རིང་པོས། །
སྐོམ་པ་ཆུ་འདོད་ཟེར་བར། །འགྲེལ་པ་གཏིང་ཟབ་གནང་བྱུང་། །

ཆར་ཆུ་མེད་པའི་ལོ་ཟླར། །གང་སར་ཉོབ་མདངས་མངོན་གྱིས། །
ད་ལོ་ཞིང་འབྲོག་གཉིས་ཀར། །གོད་ཁ་ཡོང་ཉེན་ཆེ་སོང་། །

ཡ་གིའི་བྲག་སྟོད་ཡ་ན། །བྲག་རིས་རྔུལ་ཆུ་འཛར་འཛར། །
མ་གིའི་སྲང་ལམ་མ་ན། །སྲང་ཁྱིས་ལྕེ་མོ་ནར་ནར། །

ཆར་པ་ཆར་ཐེངས་གཅིག་ལ། །ཡུན་རིང་རེ་སྒུག་བྱས་ཀྱང་། །
གནམ་རྒན་སེར་སྣ་ཅན་པོས། །ཨ་ལན་སྟེར་བཟོ་མི་འདུག །

རྒྱུགས་པའི་ཆུ་མོ་སྐམ་སོང་། །འཁྱུག་པའི་ཉ་མོ་ཤི་སོང་། །
ཡངས་པའི་ནམ་མཁའ་སྐམ་སོང་། །འཕུར་བའི་བྱ་ཡང་ཉོབ་སོང་།

སྤང་ལ་སྤང་རྩྭ་མ་སྐྱེས། །ནགས་སུ་རྩི་ཤིང་མ་སྐྱེས། །
སྐྱ་ཟད་སྔོ་གཏུག་ཟེར་བར། །གོ་བ་ཟབ་མོ་ལོན་བྱུང་། །

བཏབ་པའི་ལོ་ཏོག་མ་སྐྱེས། །མ་བཏབ་གནོད་འབུ་འཕེལ་བྱུང་། །
ད་ལོ་ཞིང་ཆུང་གྲུ་བཞིས། །ལོ་ཏོག་གནང་བ་མི་འདུག །

ཞིང་ལ་ཞིང་ཆུ་གཏོང་གཏོང་། །རི་ལ་གཏོང་རྒྱུ་མི་འདུག །
ད་ནི་ཨ་ཁུ་འབྲོག་པའི། །རེ་བ་གནམ་ལ་བཅོལ་ཡོད། །

སོས་ཆར་སྔ་ན་དགའ་བ། །ཆར་ཞོད་ཆུང་ན་དགའ་བ། །
དབྱར་གཞུག་དྲག་ཆར་བྱུང་ན། །ཕན་ལས་གནོད་པ་ཆེ་བ། །

ཆར་པ་འབབ་ན་དགའ་བ། །ཆར་པ་འབབ་ན་སྐྱིད་པ། །
ཆར་པ་ཐེངས་གཅིག་འབབ་ན། །གསེར་སྲང་བརྒྱ་ལས་ལྷག་པ། །

ཐང་སན་བླ་མ་དྲན་བྱུང་། །བླ་མའི་དགེ་ཕྲུག་དྲན་བྱུང་། །
དགེ་ཕྲུག་མཐུ་རྩལ་ཅན་པོའི། །ཆར་འབེབ་མན་ངག་བསམ་བྱུང་། །

སྐུ་མཁྱེན་གནམ་རྒན་སྐུ་མཁྱེན། །ལོ་ལོ་གནམ་རྒན་ལོ་ལོ། །
མཐོ་མཐོ་ས་མཐོ་མཐོ་ལ། །ཤག་ཤག་ཆར་པ་གནང་རོགས། །

ཆར་པ་ཆར་ཐེངས་གཅིག་གི། །གནང་སྦྱིན་ཐོབ་པ་བྱུང་ན། །
ཟླ་གཅིག་གླ་ཕོགས་ཡོངས་རྫོགས། །གནམ་རྒན་ཡོན་དུ་འབུལ་ཆོག །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་ཞུའི་ཡི་གེ

2012-06-20 ས་སྐྱ་བ་བསོད་ཚེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།