ཀ་ཁའི་རྒྱང་འབོད།

ས་སྐྱ་བ་བསོད་ཚེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-19


ཀཱ་ལི་ཨཱ་ལིའི་དབྱངས་གསལ་ཡི་གེ་འདི། །
ཁ་བ་ཅན་གྱི་བླ་སྲོག་ཡིན་མོད་ཀྱང་། །
ག་ས་ག་ནས་སྣང་མེད་དོར་བ་ཡིས། །
ང་ཡི་སྙིང་ལ་ན་ཟུག་ཡང་ཡང་བསླངས། །
 
ཀ་མད་སུམ་ཅུ་དབྱངས་ཡིག་བཞི་པོ་འདི། །
ཁ་བ་རི་པའི་ཟུངས་ཁྲག་དྲོན་མོ་རེད། །
ག་དུས་ཡིན་ཡང་ག་པར་ཕེབས་ན་ཡང་། །
ང་ཚོའི་བླ་སྲོག་ང་ཚོ་རང་གིས་འཛིན། །
 
ཀ་བའི་རང་གཤིས་ཀ་རྡོའི་རང་ཚུགས་ཀྱིས། །
ཁ་བའི་རིག་གཞུང་གདུང་ལྕམ་ཡར་ལ་ཁྱོགས། །
ག་ནས་བལྟས་ཀྱང་སྐད་དང་ཡི་གེ་འདི། །
ང་ཅག་མི་ཉམས་དར་བའི་འགག་རྩ་རེད། །

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཁའི་རྒྱང་འབོད།

2012-06-19 ས་སྐྱ་བ་བསོད་ཚེ། ཀློག་གྲངས། མཆན ཡོད།


ཀཱ་ལི་ཨཱ་ལིའི་དབྱངས་གསལ་ཡི་གེ་འདི། །
ཁ་བ་ཅན་གྱི་བླ་སྲོག་ཡིན་མོད་ཀྱང་། །
ག་ས་ག་ནས་སྣང་མེད་དོར་བ་ཡིས། །
ང་ཡི་སྙིང་ལ་ན་ཟུག་ཡང་ཡང་བསླངས། །
 
ཀ་མད་སུམ་ཅུ་དབྱངས་ཡིག་བཞི་པོ་འདི། །
ཁ་བ་རི་པའི་ཟུངས་ཁྲག་དྲོན་མོ་རེད། །
ག་དུས་ཡིན་ཡང་ག་པར་ཕེབས་ན་ཡང་། །
ང་ཚོའི་བླ་སྲོག་ང་ཚོ་རང་གིས་འཛིན། །
 
ཀ་བའི་རང་གཤིས་ཀ་རྡོའི་རང་ཚུགས་ཀྱིས། །
ཁ་བའི་རིག་གཞུང་གདུང་ལྕམ་ཡར་ལ་ཁྱོགས། །
ག་ནས་བལྟས་ཀྱང་སྐད་དང་ཡི་གེ་འདི། །
ང་ཅག་མི་ཉམས་དར་བའི་འགག་རྩ་རེད། །

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།